ཁྲིམས་འཛུགས་ལས་ཁུངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲིམས་འཛུགས་ལས་ཁུངས་ནི་བཅའ་ཁྲིམས་གཏན་འབེབས་དང་བཟོ་བཅོས། རྩིས་མེད་དུ་གཏོང་བའི་རྒྱལ་ཁབ་ཀྱི་ལས་ཁུངས་ཡིན། མ་རྩ་རིང་ལུགས་ཀྱི་ཁྲིམས་འཛུགས་ལས་ཁུངས་ནི་གྲོས་ཁང་ཡིན། ཀྲུང་གོའི་ཁྲིམས་འཛུགས་ལས་ཁུངས་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཡིན། སྒྲ་ཡངས་འཇུག་གི་“ཁྲིམས”ལྟར་ན། ཁྲིམས་འཛུགས་ཀྱི་ཁྱབ་ཁོངས་ཀྱང་དེ་བཞིན་ཆེ་རུ་འགྲོ། དཔེར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་འཛིན་ཁྲིམས་སྲོལ་གཏན་ལ་འབེབ་ཆོག་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཀྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཏན་འབེབས་བྱེད་ཆོག མི་རིགས་རང་སྐྱོང་ས་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་རང་སྐྱོང་ཁྲིམས་སྲོལ་གཏན་ལ་འབེབ་ཆོག་གོ །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
立法机关
འགན་ནུས།
བཅའ་ཁྲིམས་གཏན་འབེབས་དང་བཟོ་བཅོས། རྩིས་མེད་དུ་གཏོང་བའི་རྒྱལ་ཁབ་ཀྱི་ལས་ཁུངས་ཡིན།
ཕྱི་ཡིག་གི་མིང་།
legislative branch
ངོ་བོ།
དབང་འཛིན་ལས་ཁུངས།
རང་རྒྱལ་གྱི་ལས་ཁུངས།
རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན།
1 ​ངོ་སྤྲོད། 

ཁྲིམས་འཛུགས་ལས་ཁུངས་ནི་རྒྱལ་ཁབ་ལས་ཁུངས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། རྒྱལ་ཁབ་ཀྱི་ཁྲིམས་འཛུགས་དབང་ཆ་སྤྱོད་པའི་ལས་ཁུངས་ཡིན་ལ། བཅའ་ཁྲིམས་གཏན་འབེབས་དང་བཟོ་བཅོས། རྩིས་མེད་དུ་གཏོང་བའི་རྒྱལ་ཁབ་ཀྱི་ལས་ཁུངས་ཡིན། རང་རྒྱལ་གྱི་ཁྲིམས་འཛུགས་ལས་ཁུངས་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཡིན། སྤྱི་ལོ1954ལོ་ནས་བཟུང་ལག་བསྟར་བྱས་པའི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་》ཐམས་ཅད་དུ་གཏན་ལ་ཕབ་དོན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་དབང་ཆ་སྤྱོད་པ་ཡིན་ལ། ཀྲུང་གོའི་ཁྲིམས་འཛུགས་ལས་ཁུངས་ཡིན་ཞེས་པའོ།། 

2 ངོ་བོ།

དེང་རབས་ཁྲིམས་འཛུགས་ལས་ཁུངས་ནི་ཚབ་གྲོས་ལམ་ལུགས་ཀྱི་ཐོན་དངོས་ཤིག་རེད། དེའི་ངོ་བོ་ཤིན་ཏུ་མངོན་གསལ་དོད་པོ་ཡིན་ཏེ་ཚབ་གྲོས་ཀྱི་རང་བཞིན་ནོ།། མི་དམངས་ཀྱི་འདེམ་བསྐོའི་འཐུས་ཚབ་བམ་གྲོས་མིས་ཁྲིམས་འཛུགས་ལས་ཁུངས་གྲུབ་པ་དང་། གཅིག་གྱུར་སྒོས་བཅའ་ཁྲིམས་གཏན་འབེབས་དང་སྲིད་འཛིན་ལྟ་སྐུལ་བྱེད་པ་ཡིན། ཚབ་གྲོས་ཀྱིས་བྱེ་བྲག་དང་ཐད་ཀར་གྱི་སྒོ་ནས་གང་ཞིག་གི་ཚབ་བྱེད་པ་དང་ཚབ་བྱེད་ས་དང་ཚབ་བྱེད་གཉིས་ཀྱི་འབྲེལ་བར་གོ་བ་ཇི་ལྟར་ལེན་ལུགས་ཐད་རྒྱལ་ཁབ་སོ་སོའི་མཁས་པ་རྣམས་ལ་གཞུང་ལུགས་ཐད་རྩོད་གཞི་ཤིན་ཏུ་ཆེའོ།།

མངགས་བཅོལ་སྨྲ་བ། 

ཁྲིམས་འཛུགས་ལས་ཁུངས་མངགས་བཅོལ་སྨྲ་བའི་བཞེད་དགོངས་ལྟར་ན། ཁྲིམས་འཛུགས་ལས་ཁུངས་ཀྱི་གྲུབ་ཆ་སོ་སོ་ནི་འདེམ་བསྐོ་ཁུལ་དེའི་འདེམས་དམངས་ཀྱི་མངགས་བཅོལ་དང་དུ་ལེན་མཁན་ཡིན། གྲོས་མི་ཁྲིམས་འཛུགས་ལས་ཁུངས་སུ་མངགས་འདེམས་བྱུང་རྗེས། གཏམ་བརྗོད་དང་འདེམ་གཅོད་ཀྱི་རང་དབང་མེད། ཁོ་ཚོའི་གཏམ་སྤྱོད་ལ་འདེམས་ཁུལ་དེའི་འདེམས་དམངས་ཀྱི་ཚོད་འཛིན་ཐེབས་དགོས། མངགས་བཅོལ་སྨྲ་བ་ནི་ཉེ་རབས་དམངས་གཙོའི་ཁྲིམས་འཛུགས་ལས་ཁུངས་གསར་འཛུགས་ཀྱི་གཞི་འཛུགས་སའི་གཞུང་ལུགས་ལྟ་དགོངས་ཆེས་སྔ་བ་དེ་ཡིན་ལ། ཉེ་རབས་རིམ་ལྡན་གྲོས་ཚོགས་ཀྱི་ཚབ་གྲོས་ལམ་ལུགས་ལས་བྱུང་བ་ཡིན། རིམ་ལྡན་གྲོས་ཚོགས་ནི་གྲལ་རིམ་དང་རིམ་གྲས་སམ་སྤྱི་ཁུལ་གྱི་ཚབ་བྱེད་པའི་ལས་ཁུངས་ཡིན་པ་ལས་རྒྱལ་དམངས་ཀྱི་ཚབ་མི་བྱེད། ཧྥ་རན་སིའི་རིམ་ལྡན་གྲོས་ཚོགས་དང་ཀྱི་འཐུས་ཚབ་དང་དབྱིན་ཇིའི་གྲོས་ཚོགས་ཆེན་མོའི་འཐུས་ཚབ།(ཕྱིས་ཀྱི་རྒྱལ་ཚོགས་འཐུས་ཚབ།)སི་ཕེན་དང་ཕོར་ཐུ་གལ་གྱི་ཁྲིམས་འཛུགས་གྲོས་ཚོགས་ཀྱི་འཐུས་ཚབ་ཐམས་ཅད་ཀྱིས་གྲལ་རིམ་ཞིག་གམ་རིམ་གྲས་ཤིག ཚོགས་པ་དང་སྤྱི་ཁུལ་གྱི་མཚོན་པ་རེད། འཐུས་ཚབ་དང་འཐུས་ཚབ་བྱ་ཡུལ་བར་དུ་མངགས་བཅོལ་བྱེད་མི་དང་མངགས་བཅོལ་བྱ་ཡུལ་གྱི་འགན་ཁུར་འབྲེལ་བ་གྲུབ་པས། འཐུས་ཚབ་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱི་དབང་ཚད་ནི་འཐུས་ཚབ་བྱ་ཡུལ་གྱིས་སྔོན་ནས་མངགས་བཅོལ་བྱས་པ་ཞིག་རེད། འཐུས་ཚབ་ཀྱི་གཏམ་བརྗོད་དང་འདེམ་གཅོད་ལ་མངགས་བཅོལ་གྱི་འབྲེལ་བ་འདི་ལྟ་བུས་ཚོད་འཛིན་དང་བཀག་རྒྱ་ཐེབས་ཀྱིན་ཡོད། དེའི་ཕྱིར། མངགས་བཅོལ་སྨྲ་བ་ལ་སྤྱིར་བཏང་གོ་དོན་གཉིས་འདུས་ཡོད་དེ། གཅིག་ནི། ཁྲིམས་འཛུགས་ལས་ཁུངས་ཀྱི་ཁོངས་མི་དང་འདེམས་དམངས་བར་དུ་དམངས་ཁྲིམས་ཐད་ཀྱི་མངགས་བཅོལ་འབྲེལ་བ་གྲུབ་ཡོད་པ་ཁས་ལེན་པ་དང་། གཉིས་ནི། མངགས་བཅོལ་འབྲེལ་བ་འདི་ནི་ཁོངས་མི་དང་འདེམས་ཁུལ་དེའི་འདེམས་དམངས་བར་ཁོ་ནར་གྲུབ་པ་ལས། ཁྲིམས་འཛུགས་ལས་ཁུངས་དང་རྒྱལ་ཡོངས་ཀྱི་འདེམས་དམངས་བར་དང་། ཡང་ན་ཁོངས་མི་དང་རྒྱལ་ཡོངས་ཀྱི་འདེམས་དམངས་བར་དུ་མི་འགྲུབ་པ་ཁས་ལེན་བྱེད་དོ།། 

ཡིན་ཡང་ལྟ་ཚུལ་འདི་རིགས་ལ་སྣང་ཆུང་བྱེད་མི་རུང་བའི་ཕྱོགས་རེའི་རང་བཞིན་ལྡན་ཡོད་དེ། ཁྲིམས་འཛུགས་ལས་ཁུངས་ཀྱི་ཁོངས་མིའི་བྱ་སྤྱོད་ནི་འདེམས་ཁུལ་གྱི་འདེམས་དམངས་ཀྱི་བློ་བཀོད་བཞིན་འགྱུར་བ་འབྱུང་ཚེ། འདེམས་དམངས་བར་གྱི་ཁེ་ཕན་གྱི་ཁྱད་པར་དང་འདེམས་དམངས་དང་རྒྱལ་ཁབ་བར་གྱི་ཁེ་ཕན་མི་མཚུངས་སྟབས། ཁྲིམས་འཛུགས་ལས་ཁུངས་དེ་ཉིད་རང་སོར་གྱེས་སླ་བའི་བྱེ་མའི་ཆིང་བུ་ལས་མ་འདས། ལྟ་ཚུལ་འདི་རིགས་ནི་ལག་ལེན་དུ་གསོན་ཤུགས་ཀྱིས་ཀུན་ནས་དབུལ། སྤྱི་ལོ1879ལོར། མངགས་བཅོལ་སྨྲ་བ་དེ་ཧྥ་རན་སི་ནས་དོར་བ་རེད། སྤྱི་ལོ1791ལོའི་རྩ་ཁྲིམས་སུ། གྲོས་མི་ནི་རྒྱལ་དམངས་ཡོངས་ཀྱི་འཐུས་ཚབ་ཡིན་པ་དང་རྒྱལ་དམངས་ཀྱིས་འཐུས་ཚབ་ལ་མངགས་བཅོལ་གང་ཡང་བྱེད་མི་ཆོག་པ་གསལ་པོར་གཏན་འཁེལ་བྱས་ཡོད། ཧྥ་རན་སིའི་རྩ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་བསམ་འདུན་དེ་ཕྱིས་ཀྱི་རྒྱལ་ཁབ་མང་པོའི་རྩ་ཁྲིམས་སུ་བཀོལ་བ་དང་དེང་རབས་ཚབ་གྲོས་ལམ་ལུགས་ཀྱི་ཁྱད་རྟགས་གལ་ཆེན་ཞིག་ཏུ་གྱུར། 

འཐུས་ཚབ་སྨྲ་བ། 

ཁྲིམས་འཛུགས་ལས་ཁུངས་འཐུས་ཚབ་སྨྲ་བའི་བཞེད་དགོངས་ལྟར་ན། ཁྲིམས་འཛུགས་ལས་ཁུངས་སྤྱི་ཡོངས་ནི་རྒྱལ་ཡོངས་མི་དམངས་ཀྱི་མངགས་བཅོལ་དང་དུ་ལེན་མཁན་ཡིན་ལ། འཐུས་ཚབ་ཅན་གྱི་མངགས་བཅོལ་ཞེས་པའོ།། དེ་ལ་ནང་དོན་གཉིས་འདུས་ཡོད་དེ། 

གཅིག་ནི། རྒྱལ་ཁབ་ཀྱི་བདག་དབང་ནི་མི་དམངས་ཡོངས་ལ་དབང་བ་ལས་མི་སྒེར་ལ་མི་དབང་། དེའི་ཕྱིར། འདེམས་ཁུལ་ཞིག་གི་འདེམས་དམངས་ནི་རྒྱལ་ཡོངས་མི་དམངས་ཀྱི་ཁག་ཅིག་ཡིན་ལ། བདག་དབང་གི་ཡུལ་ཅན་དུ་བྱ་མི་རུང་། དེའི་ཕྱིར་དེ་ནི་བདག་དབང་ཡོད་མཁན་དང་མངགས་བཅོལ་བྱེད་མཁན་དུ་རློམ་མི་རུང་། ཁྲིམས་འཛུགས་ལས་ཁུངས་ཀྱི་ཁོངས་མི་ཡང་འདེམས་ཁུལ་དེའི་འདེམས་དམངས་ཀྱི་མངགས་བཅོལ་དང་དུ་ལེན་མཁན་བྱེད་མི་རུང་། 

གཉིས་ནི།  ཁྲིམས་འཛུགས་ལས་ཁུངས་སྤྱི་ཡོངས་ཀྱིས་མཚོན་པའི་འདོད་བློ་ནི་མི་དམངས་ཡོངས་ཀྱི་འདོད་བློ་དང་མཚུངས་དགོས་པ་ཁས་ལེན་བྱེད་སྟབས་མི་དམངས་ཡོངས་ལ་ཚོད་འཛིན་བྱེད་པའི་ནུས་པ་ལྡན་ཡོད། དེའི་ཕྱིར་དེ་གཉིས་ཀྱི་འབྲེལ་བ་ནི་དམིགས་གསལ་གྱི་མངགས་བཅོལ་འབྲེལ་བ་ཞིག་སྟེ། འཐུས་ཚབ་རང་བཞིན་གྱི་མངག་བཅོལ་འབྲེལ་བ་ཞེས་པའོ།། འདེམས་བསྐོ་ཁུལ་དང་འདེམས་དམངས་སུ་ལ་ཡང་བྱེ་བྲག་གི་འོས་འགན་དང་འགན་འཁྲི་མེད་དེ་ཁྲིམས་འཛུགས་ལས་ཁུངས་ཀྱི་ཁོངས་མི་སོ་སོ་ནི་རྒྱལ་ཡོངས་མི་དམངས་ཀྱི་འཐུས་ཚབ་ཡིན་པ་ལས་འདེམས་བསྐོ་ཁུལ་དེའི་འདེམས་དམངས་ཀྱི་འཐུས་ཚབ་མིན་ནོ།། ཁྲིམས་འཛུགས་ལས་ཁུངས་ཀྱི་འདེམས་བསྐོ་ལ་འདེམས་བསྐོ་ཁུལ་འགའ་ཞིག་ཏུ་བགར་ཡོད་ན་ཡང་དེའི་དམིགས་ཡུལ་ནི་འདེམས་བསྐོ་སྟབས་བདེ་ཡོང་ཆེད་ཡིན་པ་ལས་ཁྲིམས་འཛུགས་ཀྱི་ལས་ཁུངས་ཀྱི་ཁོངས་མིས་འདེམས་བསྐོ་ཁུལ་དེའི་འདེམས་དམངས་ཀྱི་འཐུས་ཚབ་བྱེད་པ་མིན་ནོ།།

ཁྲིམས་འཛུགས་ཀྱི་ལག་ལེན་ཐད་ནས་ཀྱང་རྒྱལ་ཁབ་འགའ་ཞིག་གིས་ཁྲིམས་འཛུགས་ལས་ཁུངས་འཐུས་ཚབ་སྨྲ་བའི་ལྟ་ཚུལ་གཏན་འབེབས་དང་དེ་ལ་ངོས་ལེན་གནང་ཡོད། དཔེར་ན་འཇའ་ཕན་རྒྱལ་ཁབ་དང་། མཉམ་འབྲེལ་འཇར་མན་རྒྱལ་ཁབ་ལྟ་བུ་ཡིན། 

རྒྱལ་ཁབ་ཀྱི་ལས་ཁུངས་སྨྲ་བ། 

རྒྱལ་ཁབ་ཀྱི་ལས་ཁུངས་སྨྲ་བས་འདེམས་དམངས་ཚོགས་པ་དང་ཁྲིམས་འཛུགས་ལས་ཁུངས་ཐམས་ཅད་རྒྱལ་ཁབ་ཀྱི་ལས་ཁུངས་ཡིན་ལ། སོ་སོར་རང་རང་གི་འགན་ནུས་ལྡན་ཡོད། སྔོན་མའི་འགན་ནུས་ནི་འདེམས་བསྐོ་ཡིན་ལ། ཕྱི་མའི་འགན་ནུས་ནི་ཁྲིམས་ཀྱིས་གཏན་ལ་ཕབ་པའི་ཁྱབ་ཁོངས་སུ་དེའི་གྲོས་ཆོད་ལག་ལེན་དུ་འདེབས་པ་དེ་ཡིན། བཅའ་ཁྲིམས་སུ། གཉིས་ཀའི་དབར་དུ་མངགས་བཅོལ་གྱི་འབྲེལ་བ་གྲུབ་མེད་ཅིང་དེ་དག་གི་འགན་དབང་ནི་རྩ་ཁྲིམས་ལས་བྱུང་བ་ཡིན། ཁྲིམས་འཛུགས་ལག་ལེན་གྱི་ཐད་ནས། དོན་དམ་དུ་རྒྱལ་ཁབ་ཀྱི་ལས་ཁུངས་སྨྲ་བའི་ལྟ་ཚུལ་ལག་བསྟར་བྱེད་པའི་རྒྱལ་ཁབ་མཐོང་དཀོན། དེའི་མཚོན་བྱེད་རང་བཞིན་གྱི་རྒྱལ་ཁབ་ནི་དབྱི་ཐ་ལི་ཡིན། དབྱི་ཐ་ལིའི་རྩ་ཁྲིམས་དོན་ཚན་ཨང67པར། “གྲོས་ཁང་གི་གྲོས་མི་རེ་རེས་རྒྱལ་ཁབ་ཀྱི་ཚབ་བྱེད་པ་དང་རང་གི་ལས་འགན་ལག་བསྟར་བྱེེད་དུས་བཙན་ཤེད་རང་བཞིན་གྱི་བཀའ་རྒྱའི་ཚོད་འཛིན་མི་ཐེབས།”ཅེས་གཏན་ལ་ཕབ་ཡོད། 

ཆབ་སྲིད་རིག་པའི་ངོས་ཐད་ནས། 

ཆབ་སྲིད་རིག་པའི་མཁས་པས་གཟིགས་ན། ཁྲིམས་འཛུགས་ལས་ཁུངས་ཀྱི་ངོ་བོ་ནི་གཤམ་གསལ་གྱི་ཁྱད་ཆོས་བཞི་རུ་བསྡུ་ཆོག་སྟེ།

དང་པོ། དམངས་ཀྱི་འདོད་བློ་མཚོན་པ། ཁྲིམས་འཛུགས་ལས་ཁུངས་ཀྱི་ཁོངས་མིས་མདོར་རྩ་བཤད་ན་འདེམས་ཁུལ་གྱི་འདེམས་དམངས་དང་། འདེམས་ཁུལ་འདི་ཉིད། རྒྱལ་ཡོངས་མི་དམངས། གང་ལ་གཏོགས་པའི་ཏང་སྲིད། ཡང་ན་མི་རང་ཉིད་ཀྱི་རྒྱུ་འབྲས་སོགས་བཤད་ཚུལ་མི་མཐུན་ཡང་། མདོར་རྩ་བཤད་ན་ཁྲིམས་འཛུགས་ལས་ཁུངས་ཀྱིས་དམངས་ཀྱི་འདོད་བློ་མཚོན་དགོས་པ་དེ་ནི་ཆབ་སྲིད་རིག་པའི་ཁྱབ་ཁོངས་སུ་གཅིག་མཐུན་དུ་འདོད་དོ།།

གཉིས་པ། གྲོས་དོན་མངོན་གསལ་བྱེད་པ། དམངས་གཙོའི་ཆབ་སྲིད་ནི་མངོན་གསལ་གྱི་ཆབ་སྲིད་ཅིག་དང་དམངས་ཀྱི་འདོད་བློ་མཚོན་པའི་ཁྲིམས་འཛུགས་ལས་ཁུངས་ཡིན་པས། དེའི་གྲོས་དོན་ཅི་ནུས་ཀྱིས་མངོན་གསལ་ཡོང་བར་བྱེད་། འཐུས་ཚབ་ཀྱི་ཇུས་གཞི་དང་གཏམ་བརྗོད། ཇུས་གཅོད་ཐམས་ཅད་མི་དམངས་ཀྱིས་ཤེས་དགོས། གྲོས་དོན་མངོན་གསལ་བྱེད་པ་ཞེས་པ་ནི་ཁྲིམས་འཛུགས་ལས་ཁུངས་ཀྱིས་གྲོས་ཚོགས་སྐོང་དུས་དམངས་ཀྱིས་རང་དབང་སྒོས་ཟུར་ཉན་བྱེད་ཆོག་ཅིང་གསར་འགྱུར་གསར་འགོད་པས་རང་དབང་སྒོས་བཅར་འདྲི་བྱེད་ཆོག་པ་དང་། རྒྱལ་སྲུང་དང་ཕྱི་འབྲེལ་ལ་འབྲེལ་བ། གལ་ཏེ་ཕྱི་ལ་གྱར་ཚེ་རྒྱལ་ཁབ་དང་སྤྱི་ཚོགས་ལ་མཇུག་འབྲས་མི་ལེགས་པ་འབྱུང་སྲིད་པའི་དོན་བྱ་རྣམས་ལ་གསང་བའི་གྲོས་ཚོགས་བསྐོང་དགོས་པ་ལས། གྲོས་ཚོགས་ཐམས་ཅད་མངོན་གསལ་གྱིས་བསྐང་དགོས། གྲོས་ཚོགས་མངོན་གསལ་གྱིས་སྐོང་སྐབས། རང་དབང་སྒོས་ཟུར་ཉན་དང་བཅར་འདྲི་བྱེད་ཆོག་པ་ཕུད། གྲོས་ཚོགས་ཀྱི་ཡིག་ཆ་དང་ཟིན་ཐོ་ཐམས་ཅད་མངོན་གསལ་གྱིས་སྤེལ་དགོས་པ་ཡིན།

གསུམ་པ། གཏམ་བརྗོད་རང་དབང་ཡིན་པ། འཐུས་ཚབ་ཀྱིས་ཁྲིམས་འཛུགས་ལས་ཁུངས་སུ་ཚོགས་འདུར་ཞུགས་སྐབས། ངེས་པར་དུ་འཇིགས་སྐུལ་མི་ཐེབས་པ་དང་རང་གི་གཏམ་བརྗོད་ལ་སྣང་དོགས་མེད་པ། བྱ་སྤྱོད་ཀྱིས་རང་སྟེང་ལ་མི་ཕན་པའི་མཇུག་འབྲས་ཡོད་ན། སྐད་ཆ་ངོ་མ་བཤད་ཐུབ་ཅིང་ཅི་འདོད་དུ་གླེང་ཆོག་པ། འདེམ་གཅོད་རང་དབང་ཡིན་ནོ།། དེ་ལ་དམངས་གཙོའི་རྒྱལ་ཁབ་སོ་སོ་ནས་འཐུས་ཚབ་ཀྱི་གཏམ་བརྗོད་རང་དབང་ལ་ཁྲིམས་ལུགས་ཀྱི་ཐད་ནས་ཁག་ཐེག་བྱེད་པ་ཡིན། འཐུས་ཚབ་ཀྱིས་གཏམ་བརྗོད་རང་དབང་ལ་ཁག་ཐེག་ཡོང་ཆེད། རྒྱལ་ཁབ་མང་པོའི་རྩ་ཁྲིམས་དང་བཅའ་ཁྲིམས་སུ། འཐུས་ཚབ་ཀྱིས་གྲོས་ཁང་དང་ཡང་ན་གྲོས་ཚོགས་སུ་བྱས་པའི་གཏམ་བརྗོད་དང་འདེམ་གཅོད་ལ་གྲོས་ཁང་དང་གྲོས་ཚོགས་ཀྱི་ཕྱི་རོལ་ཏུ་འགན་མི་འཁུར། དེའི་གཏམ་བརྗོད་ལ་ནོར་བ་ཡོད་པའམ་ཡང་ན་སྲིད་གཞུང་དཔོན་རིགས་སམ་སྲིད་ཇུས་ལ་སྐྱོན་འཛུགས་བྱེད་པ་དང་། འདེམ་གཅོད་ཇི་ལྟར་བྱེད་ཚུལ་ཐམས་ཅད་ཁྲིམས་སྦྱོར་བདའ་འདེད་ཀྱི་ཡུལ་དུ་བྱ་མི་རུང་། འཐུས་ཚབ་ཀྱིས་ཀྱང་འགན་མེད་དབང་ཆ་འདི་ཉིད་ཡང་དག་པར་སྤྱད་དགོས་ཏེ། གང་བྱུང་དུ་སྡིག་མོ་བྱེད་པ་དང་མི་ལུས་ལ་གནོད་འཚེ་བཟོ་བ། སྒེར་གྱི་གསང་བ་བརྟོལ་བ་སོགས་བྱེད་མི་རུང་ངོ་།།

བཞི་པ། གཅིག་གྱུར་ཁྲིམས་འཛུགས། ཆབ་སྲིད་ཀྱི་མ་ལག་གཅིག་ནང་གི་བཅའ་ཁྲིམས་ཐམས་ཅད་ནི་ཁྲིམས་འཛུགས་ལས་ཁུངས་གཅིག་གིས་གཅིག་གྱུར་སྒོས་གཏན་ལ་འབེབ་དགོས། གལ་སྲིད་ཁྲིམས་འཛུགས་ལས་ཁུངས་སོ་སོས་ཁེར་ཚུགས་སུ་ཁྲིམས་འཛུགས་ཆོག་ན། ཁྲིམས་དང་ཁྲིམས་ཀྱི་དབར་དུ་འགལ་བ་སྣ་ཚོགས་བྱུང་ནས་དམངས་ཀྱིས་གང་ཞིག་གི་རྗེས་སུ་འབྲང་དགོས་པ་མི་ཤེས་ཤིང་། བཅའ་ཁྲིམས་ཀྱི་ཚད་གཞིའི་བྱེད་ནུས་ཀྱང་ཤོར་ཚར་བ་ཡིན། ཁྲིམས་འཛུགས་ལས་ཁུངས་ཀྱི་ཁྲིམས་འཛུགས་དབར་ཆར་ཉིང་བསྡུས་ཀྱི་སྒེར་འཛིན་རང་བཞིན་ལྡན་ཡོད། ཙུང་ཐུང་ལམ་ལུགས་ཀྱི་རྒྱལ་ཁབ་དང་ནང་སྲིད་ལམ་ལུགས་ཀྱི་རྒྱལ་ཁབ་གང་ཡིན་ཡང་ཁྲིམས་འཛུགས་དུས་ངེས་པར་དུ་རྒྱལ་ཚོགས་ཀྱི་ཁྲིམས་འཛུགས་གོ་རིམ་བརྒྱུད་དགོས་ཤིང་དེས་བཅའ་ཁྲིམས་གཏན་འབེབས་བྱེད་དགོས་སོ།། 

3 གོ་གནས།

སྤྱིའི་ཆ་ནས། ཁྲིམས་འཛུགས་ལས་ཁུངས་ཀྱི་གཞུང་ལུགས་ཀྱི་གོ་གནས་དང་བཅའ་ཁྲིམས་ཀྱི་གོ་གནས་ལེགས་པོ་ཡིན། ཡང་ན་རྒྱལ་ཁབ་ཀྱི་ལས་ཁུངས་གཞན་ལས་མི་དམན། ཡིན་ཡང་ལག་ལེན་ཁྲོད་དུ་ཁྲིམས་འཛུགས་ལས་ཁུངས་ཀྱི་གོ་གནས་ལ་རྟག་པར་འགྱུར་ལྡོག་ཕྲན་ཙམ་འབྱུང་གིན་ཡོད། དེའི་ཁྲོད་རྒྱུན་འབྱམས་སུ་འགྲོ་བཞིན་པའི་འཕེལ་ཕྱོགས་ཤིག་གནས་པ་ནི་སྲིད་འཛིན་དབང་ཆ་ཇེ་བརྟན་དང་ཁྲིམས་འཛུགས་དབང་ཆ་ཇེ་ཞན་དུ་འགྲོ་བཞིན་པའོ།། ཁྲིམས་འཛུགས་དབང་ཆ་ཇེ་ཞན་དུ་སོང་བ་ནི་རྒྱལ་ཁབ་ཀྱི་འགན་ནུས་དང་དབང་ཆས་ཐག་གིས་བཅད་པ་ཡིན། རྒྱལ་ཁབ་ཀྱི་ལས་ཁུངས་ཤིག་ལ་ཡོད་པའི་དབང་ཆ་ཇེ་མང་དུ་སོང་ན། དེར་བསྟུན་གྱིས་རྒྱལ་ཁབ་ཀྱི་ལས་ཁུངས་གཞན་དང་གཞན་དག་གི་དབང་ཆ་ཇེ་ཉུང་དུ་འགྲོ་བ་ཡིན། དེང་གི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་གནས་ཚུལ་ལ་གཞིགས་ན། སྲིད་འཛིན་དབང་ཆ་ཤུགས་ཆེར་འགྲོ་བཞིན་ཡོད། སྲིད་འཛིན་ལས་ཁུངས་ཀྱི་དངོས་ཡོད་གོ་གནས་དེ་ཁྲིམས་འཛུགས་ལས་ཁུངས་ལས་བརྒལ་གྱིན་ཡོད་པ་སྟེ། འདི་ནི་དེང་གི་ཆབ་སྲིད་འཕེལ་ཕྱོགས་གཙོ་བོ་ཞིག་ཏུ་གྱུར་ཡོད། 

ཁྲིམས་འཛུགས་ལས་ཁུངས་ཀྱི་དབང་ཆ་ཉམས་ཞན་དུ་འགྲོ་བ་དང་སྲིད་འཛིན་དབང་ཆ་ཤུགས་ཆེར་འགྲོ་དོན་གང་ཡིན་ཞེ་ན། 

འདུ་ཤེས་ཀྱི་འགྱུར་ལྡོག

དུས་རབས་བཅུ་དགུ་བའི་དུས་དཀྱིལ་ནས་བཟུང་། སྤྱི་ཚོགས་རང་གནས་ཀྱི་དབང་ཆའི་ལྟ་བ་དང་རྒྱལ་ཁབ་ཀྱི་བདག་དབང་གི་བསམ་བློ་ཐོན་པས། མི་སྒེར་གྱི་ཆབ་སྲིད་ཟབ་ཞུགས་དང་བྱ་སྤྱོད་དེ་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་ཁྲོད་དུ་སིམ་པས། ཁྲིམས་འཛུགས་ལས་ཁུངས་དེ་དམངས་ཀྱི་འདོད་བློ་མཚོན་པའི་ལས་ཁུངས་ཀྱི་དོན་སྙིང་དེ་ཉིད་སྤྱི་དམངས་སྒེར་ལ་མཚོན་ན་ཇེ་ཞན་དུ་སོང་བ་དང་སྲིད་འཛིན་ལས་ཁུངས་ནི་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་མཚོན་རྟགས་དང་འཐུས་ཚབ་ཡིན་པ་ལ་དམངས་ཀྱིས་ངོས་ལེན་ཐོབ་ཡོད་པ་རེད། 

དངོས་ཡོད་འཕེལ་རྒྱས་ཀྱི་དགོས་མཁོ།

འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་ལ་རྒྱལ་ཁ་ཐོབ་པའི་ཐོག་མའི་སྐབས་སུ། ཁྲིམས་འཛུགས་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱི་རྣམ་པས་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེའི་འབྲས་བུ་གཏན་འཁེལ་བྱེད་པའི་ལས་འགན་ཕྲག་ཏུ་བཞེས། འབྱོར་ལྡན་གྲལ་རིམ་གྱིས་གྲོས་ཁང་བེད་སྤྱད་ནས་བདག་དབང་དམངས་ལ་མངའ་བའི་དམ་བཅའ་ཕུལ་ཅིང་རང་གི་ཆབ་སྲིད་བརྟན་འཇགས་ཡོང་བར་བྱས། དེའི་ཕྱིར། འབྱོར་ལྡན་གྲལ་རིམ་གྱིས་ཚོད་འཛིན་བྱེད་དགོས་པའི་ཁྲིམས་འཛུགས་ལས་ཁུངས་དེ་རྒྱལ་པོའི་དབང་ཆའི་གོང་དུ་འཕར་བ་དང་དེ་ལ་ཆབ་སྲིད་ཀྱི་དབང་ཤུགས་ཅུང་མཐོན་པོ་ལྡན། ཡིན་ན་ཡང་། འབྱོར་ལྡན་གྲལ་རིམ་གྱི་ཆབ་སྲིད་གོ་གནས་བརྟན་འཇགས་དང་ཆབ་སྲིད་སྟོབས་ཤུགས་ཤུགས་ཆེར་སོང་བ་དང་བསྟུན་ནས། ཁྲིམས་འཛུགས་ལས་ཁུངས་ཀྱི་རིམ་གྱིས་ཉམས་རྒུད་དུ་སོང་། 

དཔལ་འབྱོར་ཐད་ནས་གཞིགས་ན། མ་རྩ་རིང་ལུགས་དེ་རང་དབང་མ་རྩ་རིང་ལུགས་ནས་རིམ་གྱིས་སྒེར་སྡེམ་མ་རྩ་རིང་ལུགས་ཀྱི་དུས་རིམ་དུ་འཕེལ་བ་དང་། གོ་རིམ་འདིར། རྒྱལ་ཁབ་ཀྱིས་དཔལ་འབྱོར་འཚོ་བར་ཐེ་གཏོགས་བྱེད་པའི་ནུས་པ་ཤུགས་ཆེར་སོང་། སྒེར་གྱིས་སྲིད་སྐྱོང་བ་དང་རང་དབང་གིས་འགྲན་རྩོད་བྱེད་པའི་ཁྲོམ་རའི་དཔལ་འབྱོར་ལ་ཚོད་འཛིན་བསྟུད་མར་ཐེབས། དཔལ་འབྱོར་འཚོ་བའི་འགྱུར་ལྡོག་གིས་རྒྱལ་ཁབ་དང་སྤྱི་ཚོགས་ཡོངས་ཀྱི་ཁེ་ཕན་འཐུས་ཚབ་ཀྱིས་དམངས་ཀྱི་དཔལ་འབྱོར་བྱ་སྤྱོད་ལ་ཁ་ལོ་སྒྱུར་བའི་རེ་འདུན་བཏོན། གྲོས་ཁང་གིས་ཁྲིམས་འཛུགས་དུས་ཡུན་འགྱངས་པ་དང་སྐབས་བསྟུན་བྱེད་ནུས་ཞན་པས་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་ཐམས་ཅད་ལ་མ་འཚམས་པར་གྱུར་ཅིང་གྲལ་ལས་མི་འབུད་ཀ་མེད་བྱུང་། སྲིད་འཛིན་ལས་ཁུངས་ལ་དབང་ཆ་ཚད་མཐོའི་གཅིག་སྡུད་བྱེད་པ་དང་སྲིད་འཛིན་མགོ་གཙོས་འགན་ཁུར་བའི་ལམ་ལུགས་ལ་སྐབས་བསྟུན་གྱི་དགེ་མཚན་མངོན་པར་ཐོན་པས། ཆབ་སྲིད་འཚོ་བ་དང་དཔལ་འབྱོར་འཚོ་བ། སྤྱི་ཚོགས་འཚོ་བཅས་ཀྱི་མདུན་གྲས་སུ་དེད་ཅིང་ཁྲིམས་འཛུགས་ལས་ཁུངས་ཀྱི་དབང་མཚམས་ལས་བརྒལ་ཏེ་འཕགས་སོ།།

4 བྱེད་ནུས།

སྤྱིར་བཏང་། ཁྲིམས་འཛུགས་མཁས་པ་རྣམས་ཀྱིས་བཞེད་དགོངས་ལྟར་ན། ཁྲིམས་འཛུགས་ལས་ཁུངས་ཀྱི་བྱེད་ནུས་དེ་བྱེད་ནུས་གཙོ་བོ་དང་བྱེད་ནུས་ཕལ་བ་གཉིས་སུ་དབྱེ། (ཡང་ན་ཐད་ཀའི་བྱེད་ནུས་དང་བརྒྱུད་པའི་བྱེད་ནུས་ཞེས་ཀྱང་བྱ།) བྱེད་ནུས་གཙོ་བོ་ནི། བཅའ་ཁྲིམས་གཏན་འཁེལ་དང་སྲིད་གཞུང་ལ་ལྟ་སྐུལ། སློབ་གསོ་དམངས་ཡོངས། འཐུས་ཚབ་འདེམས་དམངས།(འདེམས་ཁུལ་ལམ་རྒྱལ་ཁབ།)བཅས་ཡིན་ལ། བྱེད་ནུས་འདི་བཞི་ལ་ཁྲིམས་འཛུགས་བྱེད་ནུས་དང་ལྟ་སྐུལ་བྱེད་ནུས། སློབ་གསོའི་བྱེད་ནུས། འཐུས་ཚབ་བྱེད་ནུས་ཅེས་ཀྱང་བརྗོད། བྱེད་ནུས་ཕལ་བ་ལ་ཁྲིམས་འཛིན་བྱེད་ནུས་དང་མགོ་ཁྲིད་འདེམས་བསྐོའི་བྱེད་ནུས་ཅེས་འདུའོ།། 

5 རེ་འདུན།

ཁྲིམས་འཛུགས་ལས་ཁུངས་ཀྱི་བྱེད་ནུས་གཙོ་ཆེ་བ་གཉིས་ནི། འགལ་བ་ཐག་གཅོད་དང་ཆབ་སྲིད་ཀྱི་ཟླ་སྒྲིལ་ལོ།། ཁྲིམས་འཛུགས་ལས་ཁུངས་ཀྱི་བྱེད་ཐབས་བཞི་སྤྱད་དེ་འགལ་བ་ཐག་གཅོད་བྱེད། དེ་དག་ནི། གྲོས་ཞིབ་ཀྱི་ཐབས་ལམ་དང་ཇུས་ཆོད་ཐབས་ལམ། ཁྲུན་གཅོད་ཀྱི་ཐབས་ལམ། ཞི་འདུམ་གྱི་ཐབས་ལམ་བཅས་སོ།།

ཆབ་སྲིད་ཀྱི་ཟླ་སྒྲིལ་བྱེད་ཐབས་ལ་གསུམ་སྟེ། དབང་བཅོལ་དང་ཁྲིམས་མཐུན། འཐུས་ཚབ་བཅས་སོ།།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-29

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།