སོ་ཡོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སོ་ཡོན་ནི་ཡིག་ཚང་རྙིང་གྲས་དག་ཏུ་སྭི་ཉོན་ཞེས་བྲིས་ཡོད་པ་དེ་ཡིན་ཞིང་། དེའི་མོ་མདུད་ཀྱི་དབྱིབས་ནི་མོ་རྟའམ་ཡང་ན་ཐིག་གུ་ལྷག་མ་ལུས་པ་གཅིག་པོ་བསྐོན་ནས་ཡོད་པ་དེ་ལ་གོ་དགོས་སོ། །
གཞི་རྩའི་གནས་ཚུལ།

ཕྱི་ཡིག་གི་མིང་།
so yon
རིགས།
རིག་གནས་བརྡ་འགྲེལ།
ཡིག་ཚགས།
P.T.1047
1 ​རྒྱས་འགྲེལ། 

སོ་ཡོན་ནི་ཡིག་ཚང་རྙིང་གྲས་དག་ཏུ་སྭི་ཉོན་ཞེས་བྲིས་ཡོད་པ་དེ་ཡིན་ཞིང་། དེའི་མོ་མདུད་ཀྱི་དབྱིབས་ནི་མོ་རྟའམ་ཡང་ན་ཐིག་གུ་ལྷག་མ་ལུས་པ་གཅིག་པོ་བསྐོན་ནས་ཡོད་པ་དེ་ལ་གོ་དགོས་ཤིང་། དབྱེ་བ་ལ་སོ་ཡོན་བརྒྱག་གཅིག་བྱུང་པའི་སོ་ཡོན་ལིང་ཀུན་དཀར་མོ་དང་། གྲུ་བཞི་ལ་ནི་སོས་བཀུག་ཅིང་གྲུ་བཞིའི་ནང་དུ་ཐིག་གུ་གཅིག་གིས་འཇུས་པའི་སོ་ཡོན་རྟིང་བཤལ། སོ་ལ་གྲུ་བཞི་གཅིག་དང་ཕྲུ་གུ་གཅིག་གིས་སོ་སོར་འཇུས་པའི་སོ་ཡོན་སྒོ་མ་ལག་འཐིང་ངམ་སོ་ཏྲོང་བུ་ལག་ཆག སོ་ཁ་བུར་རམ་སོ་ཡོན་སྒོ་མ་ལག་འཐིང་ལ་དེ་ཡི་ཕྲུ་གུ་ཡིས་གྲུ་བཞིའི་ཁོག་ལ་འཇུས་པའི་སོ་ཡོན་ཁོང་སེང་ཏྲོང་བུའམ་སོ་ཡོན་ཁ་ཐུན་ལང་ཙེ་བྲག སོ་ཡོན་ནང་ནས་གཅིག་སངས་སུ་སོང་པའི་སོ་སངས་སྟེ་སོ་ཡོན་ཤ་སྦྲང་མཆུ་རྣོན་ནམ་སངས་ཕྲན་བང་བ་ཤེད་ཅན་སོགས་ཡོད་ཅིང་། གཞན་ཡང་དབྱེ་བའི་མིང་གི་འབོད་སྟངས་ལ། རྐྱང་སྤྲུལ་མཁའ་རྒྱལ་མཚན་མཆོག་གིས། རང་ཐང་སོ་ཡོན་ནག་མོ་དང་། སོ་ཡོན་ལིང་ཀུན་དཀར་མོ། སོ་ཡོན་ཉི་ཟླ་ཁ་སྤྲོད། སོ་ཡོན་སྒོང་རྩེ་དུན་དུན། སོ་ཡོན་རིན་ཆེན་བང་བ། སོ་ཡོན་གྲུ་བཞི་འཁོར་ལོ་དང་། སོ་ཡོན་བྲག་རིགས་ལ། སོ་ཡོན་ལག་ཟལ་བྲག་དང་། སེ་སྟོད་སོ་ཡོན་ཕུར་ཐོགས། སོ་ཡོན་ཁྲོ་ཆུ་དམུ་ལུག སོ་ཡོན་ཁ་ཐུན་རྩེ་མ་བྲག སོ་ཡོན་ལག་ཤལ་དུན་ཙེ་བྲག སོ་ཡོན་ཡར་ཀེ་ཕུར་བུ་བྲག  སོ་ཡོན་མར་ཀེ་ཕུར་བུ་བྲག སོ་བྲག་མ་ལ་བུ་ཤལ། སོ་ཡོན་ནག་མོ་རོལ་ཅུང་སྙིང་། སོ་ཡོན་ཁྲོ་ཆུ་དཔའ་མཁར། སོ་ཡོན་རྒྱ་མཐའ་བྲག སོ་ཡོན་སྤྱི་ལྡིང་བྲག སོ་ཡོན་ལག་སྡོམ་བྲག སོ་ཡོན་སྤ་རྩེ་འབྱམས་ལྡིང་བྲག སོ་ཡོན་སོད་ཐུན་དྲུག་བྲག སོ་ཡོན་དཀར་ལ་རུ་ཐོག སོ་ཡོན་ཝ་ཚོ་གྱོད་སྒྱུར་བྲག སོ་བྲག་ཁྲ་གཤོག་རིང་མོ། སོ་བྲག་ཁ་དྲག་རུ་རྒྱས། སོ་བྲག་ད་དྲག་སྣ་སྐྱ། སོ་བྲག་ཁ་ཞན་རྩ་ནག སོ་ཡོན་ཁ་ཞན་གདོས་ཐོག སོ་སྐྱེས་ཕུང་མ་དགུ་དུར་བྲག སོ་སྦེད་རིང་ཁུག་ནག་པོ་བྲག སོ་ཡོན་ཐུན་དྲུག་མེད་ངམ་བྲག མ་ཡམས་འགྱིང་ཆུ་ནག་པོ་བྲག སོ་ཡོན་སྦལ་ནག་ལག་བཅུ་སོགས་དབྱེ་བ་ཕྱེས་ཤིང་མིང་གིས་བོས་ཡོད་དོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-27

གསར་སྤེལ་མཁན། :ལ་ཁ་གནམ་ལྷ་ཚེ་རིང

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།