རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་ལས་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་ལས་ཁང་ནི་སྤྱི་ལོ1988ལོའི་ཟླ9པའི་ཚེས9ཉིན་གྱི་ཐེངས21པའི་རྒྱུན་ལས་གྲོས་ཚོགས་སུ་འཛུགས་རྒྱུ་གཏན་འཁེལ་བྱས་ཏེ་བཙུགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་སྒྲུབ་ལས་ཁུངས་ཡིན་ལ། ཐད་ཀར་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་གཏོགས་པའི་བྱ་ལས་ལས་ཁུངས་ཡིན། སྤྱི་ལོ1991ལོའི་ཟླ3པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་གྲོས་ཐག་བཅད་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐའེ་ཝན་ལས་དོན་གཞུང་ལས་ཁང་དང་ཀྲུང་གུང་ཀྲུང་དབྱང་ཐའེ་ཝན་ལས་དོན་གཞུང་ལས་ཁང་གི་ལས་ཁུངས་གཅིག་ལ་སྒོ་བྱང་གཉིས་བཀལ་ནས་ཀྲུང་གུང་ཀྲུང་དབྱང་གི་ཐད་གཏོགས་ལས་ཁུངས་ཀྱི་གྲས་སུ་བཅུག་པ་རེད། གཞུང་ལས་ཁང་དེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱས་པའི་བྱེད་ཕྱོགས་སྲིད་ཇུས་གཞིར་བཟུང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་དང་། ཞིང་ཆེན། གྲོང་ཁྱེར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱི་དཔལ་འབྱོར་དང་། ཚན་རྩལ། སློབ་གསོ། རིག་གནས་བཅས་ཀྱི་ཐད་ཐའེ་ཝན་དང་འབྲེལ་བ་ཡོད་པའི་ལས་དོན་ལ་དོ་དམ་དང་། མཛུབ་ཁྲིད། མཐུན་སྦྱོར་བཅས་བྱེད་པ་དང་། སྡེ་ཁག་ཁག་དང་ས་ཁུལ་ཁག་གིས་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱེད་ཕྱོགས་དང་སྲིད་ཇུས་ལག་ལེན་མཐར་ཕྱིན་བསྟར་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱ་ནས། ཐའེ་ཝན་དང་འབྲེལ་བ་ཡོད་པའི་ལས་དོན་སྐོར་གྱི་འབྲེལ་ཡོད་སྲིད་ཇུས་དང་གཏན་འབེབས་སྒྲིག་འཛུགས་བྱེད་པ་བཅས་སོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国务院台湾事务办公室
ད་ལྟའི་ཀྲུའུ་རེན།
ལིའུ་ཅེ་དབྱི།
རྒྱ་ཡིག་གི་བསྡུས་མིང་།
国台办
ལས་འགན།
ཞིང་ཆེན་དང་གྲོང་ཁྱེར་སོ་སོའི་ཐའེ་ཝན་དང་འབྲེལ་བའི་ལས་དོན།
ལས་ཁུངས་ཀྱི་གོ་གནས།
ཀྲུང་གུང་ཀྲུང་དབྱང་། ཐད་ཀར་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་གཏོགས་པའི་བྱ་ལས་ལས་ཁུངས།
གཞུང་ཕྱོགས་དྲ་བ།
http://www.gwytb.gov.cn
1 ལས་འགན་གཙོ་བོ།

1. ཐའེ་ཝན་གྱི་བྱ་བའི་བྱེད་ཕྱོགས་དང་སྲིད་ཇུས་ལ་ཞིབ་འཇུག་དང་བཟོ་འགོད་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་པའི་ཐའེ་ཝན་གྱི་བྱ་བའི་བྱེད་ཕྱོགས་དང་སྲིད་ཇུས་ལག་ལེན་མཐར་ཕྱིན་ལག་ལེན་བྱེད་པ།

2. རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་ཁག་དང་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་ཁག་བཅས་ཀྱི་ཐའེ་ཝན་ལས་དོན་སྒྲིག་འཛུགས་དང་། མཛུབ་ཁྲིད། དོ་དམ། མཐུན་སྦྱོར་བཅས་བྱས་ཏེ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐའེ་ཝན་ལ་འཛིན་པའི་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་དང་ཤེས་རྟོགས་བྱེད་དགོས།

3. ཐའེ་ཝན་གྱི་དུས་བབ་དང་ངོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཞིབ་འཇུག་བྱེད་དགོས་པ་སྟེ། འབྲེལ་ཡོད་སྡེ་ཚན་གྱིས་ཐའེ་ཝན་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ཞིབ་འཇུག་དང་འཆར་ཟིན་འགོད་རྒྱུར་མཐུན་སྦྱོར་བྱེད་པ་དང་། ཐའེ་ཝན་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ལས་དོན་ལ་སྤྱི་འདོམས་མཐུན་སྦྱོར་བྱེད་དགོས།

4. རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དང་དབང་བསྐུར་གཞིར་བཟུང་། ཐའེ་ཝན་དབང་འཛིན་ལས་ཁུངས་དང་དེས་དབང་ཆ་སྤྲད་པའི་སྤྱི་ཚོགས་ཚོགས་པ་དང་གྲོས་མོལ་བྱེད་པ་དང་གྲོས་མཐུན་ཡིག་ཆར་མིང་རྟགས་འགོད་པའི་འབྲེལ་ཡོད་གྲ་སྒྲིག་ལས་དོན་གྱི་འགན་འཁུར་དགོས།

5. མཚོ་འགག་ངོགས་གཉིས་བར་ཡིག་འགྲུལ་དང་། ཚོང་འགྲུལ་བཅས་ཀྱི་ལས་དོན་ལ་དོ་དམ་དང་མཐུན་སྦྱོར་བྱེད་པ། ཐའེ་ཝན་ལ་དྲིལ་སྒྲོག་དང་སློབ་གསོའི་ལས་ཀ ཐའེ་ཝན་གྱི་ལས་དོན་སྐོར་གྱི་གསར་འགྱུར་ཁྱབ་བསྒྲགས་ཀྱི་འགན་འཁུར་བ་དང་། ཐའེ་ཝན་དང་འབྲེལ་བའི་དོན་རྐྱེན་གལ་ཆེན་ཐག་གཅོད་བྱེད་པ།

6. འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཐའེ་ཝན་དབར་གྱི་དཔལ་འབྱོར་ཚོང་དོན་དང་། ངོགས་གཉིས་ཀྱི་དངུལ་རྩ། རིག་གནས། རིག་གཞུང་། ལུས་རྩལ། ཚན་རྩལ། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཁག་གི་བརྗེ་རེས་དང་མཉམ་ལས་དང་། དེ་བཞིན་ངོགས་གཉིས་ཀྱི་མི་སྣ་འགྲོ་འོང་དང་། རྟོག་ཞིབ། གྲོས་བསྡུར་སོགས་ཀྱི་ལས་དོན་ལ་གཅིག་གྱུར་མཐུན་སྦྱོར་དང་མཛུབ་ཁྲིད་བྱས་ཏེ་རྒྱལ་སྤྱིའི་ཚོགས་འདུའི་ཐའེ་ཝན་དང་འབྲེལ་བ་ཡོད་པའི་ལས་དོན་ལ་ཤུགས་སྣོན་བརྒྱག་དགོས།

7. རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངག་བཀོད་བྱས་པའི་ལས་འགན་གཞན་དག་ལེགས་འགྲུབ་བྱ་དགོས་པ་བཅས་སོ།།

2 ནང་ཁུལ་སྒྲིག་ཚུལ། 

ལས་ཀའི་འགན་འཁྲི་གཞིར་བཟུང་ན། ཀྲུང་གུང་ཀྲུང་དབྱང་ཐའེ་ཝན་ལས་དོན་གཞུང་ལས་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་ལས་ཁང་གིས་འགན་ནུས་ཅུས་དང་ལས་ཁུངས་ཏང་ཨུ11བཙུགས་ཡོད་པ་སོ་སོ་ནི། དྲུང་ཡིག་ཅུས་དང་། ཕྱོགས་བསྡུས་ཅུས། ཞིབ་འཇུག་ཅུས། གསར་འགྱུར་ཅུས། ཤང་ཀང་དང་ཨའོ་མོན་ཐའེ་ཝན་དང་འབྲེལ་བ་ཡོད་པའི་ལས་དོན་ཅུས། བརྗེ་རེས་ཅུས། འབྲེལ་གཏུག་ཅུས། ཁྲིམས་སྲོལ་ཅུས། ཞུ་གཏུག་མཐུན་སྦྱོར་ཅུས། སྲིད་ཏང་ཅུས། ལས་ཁུངས་ཏང་ཨུ (མི་དོན་ཅུས)བཅས་སོ།། 

1. དྲུང་ཡིག་ཅུས་ཀྱིས་ལས་ཁུངས་ཀྱི་རྒྱུན་གཏན་ལས་དོན་ལ་མཐུན་སྦྱོར་བྱེད་པའི་འཁུར་བ་དང་། ཡིག་ཆ་དང་གློག་འཕྲིན། དྲུང་ཡིག ཚོགས་འདུ། འཕྲིན་གཏོང་། ཆ་འཕྲིན་བཅས་ཀྱི་ལས་ཀར་འགན་འཁུར་རྒྱུ། ཡིག་ཚགས་དང་། ཚགས་པར། དུས་དེབ། དཔེ་དེབ་དཔྱད་གཞིའི་ཡིག་རིགས་བཅས་ཀྱི་ལས་ཀར་འགན་འཁུར་དགོས། དུས་དེབ་རྩོམ་སྒྲིག་བྱེད་པ། ལས་ཁུངས་ཀྱི་ནོར་དོན་དང་། ཁང་ནོར། གཞི་རྩའི་འཛུགས་སྐྲུན། དངོས་ཟོག་སྒྲིག་ཆས། ཁོར་ཡུག་གི་སྒྲིག་ལམ་དོ་དམ་དང་དེ་བཞིན་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུའི་འཆར་འགོད་དང་། མཐུན་སྦྱོར། ལྟ་སྐུལ་བཅས་བྱེད་པར་འགན་འཁུར་རྒྱུ་དང་། བྱེད་སྒོ་གལ་ཆེན་གྱི་ཚོགས་དོན་དང་སྣེ་ལེན་གྱི་ལས་ཀར་འགན་འཁུར་དགོས། ཐའེ་ཝན་དུ་བསྐྱོད་དེ་ཞིབ་མཆན་འགོད་པའི་ལས་ཀར་འགན་འཁུར་དགོས་པ་དང་། ས་གནས་ཁག་དང་སྡེ་ཚན་ཁག་གི་ཐའེ་ཝན་དང་འབྲེལ་བ་ཡོད་པའི་ལས་ཁུངས་དང་འབྲེལ་བ་བྱེད་དགོས།

2. ཕྱོགས་བསྡུས་ཅུས་ཀྱིས་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བའི་མཐུན་ཚོགས་ཀྱི་རྒྱུན་ལྡན་ལས་ཀར་འགན་འཁུར་རྒྱུ། འབྲེལ་ཡོད་སྡེ་ཁག་དང་ཐའེ་ཝན་དབང་འཛིན་ལས་ཁུངས་ཀྱིས་དབང་ཆ་བསྐུར་བའི་ཚོགས་པ་དང་མི་སྣ་དང་གྲོས་མོལ་བྱ་རྒྱུའི་འགན་འཁུར་རྒྱུ་མ་ཟད་མཐུན་སྦྱོར་ཡང་བྱེད་པ།། ཐའེ་ཝན་མཚོ་འགག་བརྗེ་རེས་ཐེབས་རྩ་ཚོགས་པ་དང་འབྲེལ་བ་བྱེད་པའི་ལས་དོན་ལ་འགན་འཁུར་བར་མ་ཟད་ཁོངས་སྒྲིལ་དོ་དམ་བྱེད་རྒྱུ། འབྲེལ་ཡོད་སྡེ་ཚན་དང་ས་གནས་ཀྱིས་ཐའེ་ཝན་དང་འབྲེལ་བ་ཡོད་པའི་ཐོལ་བྱུང་དོན་རྐྱེན་དང་ངོགས་གཉིས་ཕྱོགས་གཉིས་ནས་ཕྱིར་སྐྱེལ་བ་དང་དེ་བཞིན་འབྲེལ་ཡོད་གནད་དོན་ཐག་གཅོད་བྱ་རྒྱུར་མཐུན་སྦྱོར་མཛུབ་ཁྲིད་བྱེད་དགོས། 《རྒྱ་མཚོའི་མཐུན་ཚོགས་ཀྱི་སྒྲིག་ཡིག》གཞིར་བཟུང་ནས། གླིང་ཕྲན་ནང་ཁུལ་དང་། ཕྱི་རྒྱལ་གྱི་ཚོགས་པ། མི་སྣ་བཅས་དང་འབྲེལ་གཏུག་དང་མཉམ་ལས་བྱེད་པ་དང་། རིགས་མཐུན་ཐའེ་ཝན་པའི་ཞལ་འདེབས་འབུལ་བའི་བྱ་བར་དོ་དམ་བྱེད་དགོས།

3. ཞིབ་འཇུག་ཅུས་ཀྱིས་ཐའེ་ཝན་མཚོ་འགག་གི་དུས་བབ་དང་ངོགས་གཉིས་ཀྱི་འབྲེལ་བའི་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་དང་འབྲེལ་ཡོད་སྲིད་ཇུས་ལ་ཞིབ་འཇུག་དང་ལས་ཀའི་གྲོས་འགོ་བཏོན་ཏེ། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་དང་ས་གནས་ཀྱི་ཐའེ་ཝན་ལ་བརྟག་ཞིབ་བྱེད་པའི་ལས་དོན་ལ་མཛུབ་ཁྲིད་དང་མཐུན་སྦྱོར་བྱ་རྒྱུའི་འགན་འཁུར་དགོས།

4. གསར་འགྱུར་ཅུས་ཀྱིས་ཐའེ་ཝན་དང་འབྲེལ་བ་ཡོད་པའི་གསར་འགྱུར་ལས་དོན་སྒྲིག་འཛུགས་དང་། ཁྲིད་སྟོན། དོ་དམ། མཐུན་སྦྱོར་བཅས་བྱེད་པར་འགན་འཁུར་རྒྱུ། ཐའེ་ཝན་གྱི་གསར་འགོད་པ་སྐམ་ས་ཆེ་མོར་བཅར་འདྲི་དང་ངོགས་གཉིས་ཀྱི་གསར་འགྱུར་བརྗེ་རེས་དང་མཉམ་ལས་ཀྱི་དོ་དམ་འཆར་འགོད་བྱེད་པར་འགན་འཁུར་དགོས། ས་གནས་ཁག་དང་སྡེ་ཁག་ཁག་གི་ཐའེ་ཝན་དང་འབྲེལ་བའི་སློབ་གསོའི་ལས་ཀར་སློབ་སྟོན་བྱེད་པར་འགན་འཁུར་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐའེ་ཝན་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ལས་དོན་སྒྲུབ་འགན་འཁུར་དགོས།

5. དཔལ་འབྱོར་ཅུས་ཀྱིས་ངོགས་གཉིས་ཀྱི“ཤར་གཏོང་གསུམ”གྱི་ལས་དོན་དོ་དམ་དང་མཐུན་སྦྱོར་བྱེད་པར་འགན་འཁུར་དགོས་པ་དང་། ཐའེ་ཝན་ལ་ཕྱོགས་པའི་དཔལ་འབྱོར་ལས་དོན་ལ་གཅིག་གྱུར་གྱིས་མཐུན་སྦྱོར་དང་མཛུབ་སྟོན་བྱེད་དགོས། ཐའེ་ཝན་གྱི་ཚོང་པར་མ་དངུལ་འཇོག་པ་དང་ཐའེ་ཝན་དུ་མ་དངུལ་འཇོག་པའི་སྲིད་ཇུས་ལ་ཞིབ་འཇུག་དང་མཐུན་སྦྱོར་བྱ་དགོས། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཐའེ་ཝན་གྱི་དཔལ་འབྱོར་དང་། ཉོ་ཚོང་། དངུལ་རྩ། ཚན་རྩལ་སོགས་ཐད་ཀྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་ལ་ཞིབ་འཇུག་དང་མ་ཟིན་འགོད་དགོས་པ་མ་ཟད། མཐུན་སྦྱོར་དང་ཞིབ་བཤེར་དོན་འཁྱོལ་བྱེད་པའི་འགན་ཡང་འཁུར་དགོས། འབྲེལ་ཡོད་སྡེ་ཁག་དང་ས་གནས་ཁག་དང་མཉམ་དུ་ཐའེ་ཝན་དང་འབྲེལ་བའི་དཔལ་འབྱོར་ཉོ་ཚོང་གི་རྣམ་གྲངས་དང་བྱེད་སྒོ་གལ་ཆེན་ལ་མཐུན་སྦྱོར་བྱེད་དགོས། ཐའེ་ཝན་གྱི་མ་རྩའི་ཁེ་ལས་མཐུན་ཚོགས་ལ་མཛུབ་ཁྲིད་དང་དོ་དམ་བྱས་ནས་ཐའེ་ཝན་གྱི་མ་རྩའི་ཁེ་ལས་ཀྱི་སྲིད་ཇུས་མཛུབ་ཁྲིད་དང་ཞབས་ཞུའི་ལས་དོན་ལ་འགན་འཁུར་དགོས།

6. ཀང་ཨའོ་གཉིས་ཀྱི་ཐའེ་ཝན་དང་འབྲེལ་བའི་ལས་དོན་ཅུས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཐའེ་ཝན་དང་འབྲེལ་བ་ཡོད་པའི་ལས་དོན་ཁྲོད་ཀྱི་འབྲེལ་ཡོད་ལས་དོན་ཐག་གཅོད་བྱེད་པར་འགན་འཁུར་དགོས།

7. བརྗེ་རེས་ཅུས་ཀྱིས་ངོགས་གཉིས་ཀྱི་རིག་གནས་དང་། སློབ་གསོ། ཚན་རྩལ།བརྙན་རིས། པར་སྐྲུན། ལུས་རྩལ། འཕྲོད་བསྟེན། སྤྱི་ཚོགས་ཚན་རིག དམངས་སྲིད། མི་རིགས། ཆོས་ལུགས། དམངས་ཁྲོད་དད་མོས། བཟོ་ཚོགས། ན་གཞོན། བུད་མེད། གཞི་རིམ་མང་ཚོགས་ཀྱི་བརྗེ་རེས་ལས་དོན་ལ་རྩ་འཛུགས་དང་ཁྲིད་སྟོན། དོ་དམ། མཐུན་སྦྱོར་བཅས་བྱེད་པར་འགན་འཁུར་བ་དང་། མཚོ་འགག་ངོགས་གཉིས་ཀྱི་མི་སྣ་འགྲོ་འོང་གི་འབྲེལ་ཡོད་སྲིད་ཇུས་ལ་ཞིབ་འཇུག་བྱེད་དགོས།

8. འབྲེལ་གཏུག་ཅུས་ཀྱིས་ཐའེ་ཝན་དང་འབྲེལ་བའི་སྲིད་ཏང་དང་ཚོགས་པ་སོགས་ཀྱི་འབྲེལ་གཏུག་ལས་དོན་གྱི་འགན་འཁུར་བ་དང་། ཐའེ་ཝན་གྱི་ཚོགས་པ་གལ་ཆེན་དང་མི་སྣ་གལ་ཆེན་ལ་འཚམས་འདྲི་སོགས་ཀྱི་སྣེ་ལེན་བཀོད་སྒྲིག་ལས་དོན་གྱི་འགན་འཁུར་བ། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་དང་ས་གནས་ཐའེ་ཝན་ལས་དོན་གཞུང་དོན་ཁང་གིས་ཐའེ་ཝན་ལ་འབྲེལ་གཏུག་ལས་དོན་ལ་མཛུབ་ཁྲིད་དང་མཐུན་སྦྱོར་བྱེད་དགོས།

9. ཁྲིམས་སྲོལ་ཅུས་ཀྱིས་ཐའེ་ཝན་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་སྲིད་ཇུས་ཞིབ་འགོད་དང་། ཐའེ་ཝན་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་ཞིབ་བཟོ། ཐའེ་ཝན་དང་འབྲེལ་བ་ཡོད་པའི་ཐའེ་ཝན་གྱི་ཁྲིམས་ལུགས་གནས་ཚུལ་ལ་ཞིབ་བཤེར། ཐའེ་ཝན་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ལས་དོན་ལ་མཛུབ་ཁྲིད་དང་མཐུན་སྦྱོར་བྱེད་པ། ངོགས་གཉིས་ཀྱི་བཅའ་ཁྲིམས་བརྗེ་རེས་ཀྱི་དོན་ཚན་ལ་ཞིབ་མཆན་འགོད་པ། སྡེ་ཚན་དེ་གའི་ཁྲིམས་ལྟར་སྲིད་འཛིན་གྱི་ལས་དོན་བསྒྲུབ་རྒྱུ་བཅས་ཀྱི་འགན་འཁུར་དགོས།

10. ཞུ་གཏུག་མཐུན་སྦྱོར་ཅུས་ཀྱིས་གལ་ཆེ་ལ་རྙོག་འཛིང་ཆེ་བའི་རིགས་མཐུན་ཐའེ་ཝན་པའི་ཞུ་གཏུག་གྱོད་གཞི་མཐུན་སྦྱོར་ཐག་གཅོད་བྱེད་པར་འགན་འཁུར་བ་དང་། ས་གནས་ཁག་གི་ཐའེ་ཝན་ལས་དོན་གཞུང་ལས་ཁང་གི་རིགས་མཐུན་ཐའེ་ཝན་པའི་ཞུ་གཏུག་གྱོད་གཞི་ཐག་གཅོད་བྱ་རྒྱུར་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་དགོས། ས་གནས་ཁག་གི་ཐའེ་ཝན་གཞུང་དོན་ཁང་གི་ཞུ་གཏུག་མཐུན་སྦྱོར་ལས་དོན་གྱི་ཉམས་མྱོང་དང་ཆ་འཕྲིན་བརྗེ་རེས་སྒྲིག་འཛུགས་བྱས་ནས་རིགས་མཐུན་ཐའེ་ཝན་པའི་ཞུ་གཏུག་གྱོད་གཞི་ཐག་གཅོད་བྱས་ཚུལ་སྒྲོག་པ།རིགས་མཐུན་ཐའེ་ཝན་པ་དང་ཐའེ་ཝན་ཁོངས་གཏོགས་ཀྱི་ཡིག་བསྐུར་ངོ་བཅར་དང་དེ་བཞིན་ཐའེ་ཝན་གྱི་བརྟན་ལྷིང་སྲུང་སྐྱོང་དང་འབྲེལ་བ་ཡོད་པའི་ལས་དོན་ལ་འགན་འཁུར་དགོས་པ་དང་། གོ་གུང་གཉིས་ཀྱི་འབྲེལ་ཡོད་སྒྲིག་གཞིས་ཐའེ་ཝན་གྱི་ཚོང་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་ལས་ཀའི་སྟེགས་བུའི་འབྲེལ་གཏུག་དང་ཞབས་ཞུའི་ལས་དོན་གྱི་འགན་འཁུར་དགོས་པ་དང་། ཐའེ་ཝན་ཚོང་པའི་ཁེ་དབང་འགན་སྲུང་ལས་དོན་མཉམ་འབྲེལ་གྲོས་ཚོགས་གཞུང་ལས་ཁང་གི་ལས་ཀའི་འགན་འཁྲི་འཁུར་དགོས།

11. སྲིད་ཏང་ཅུས་ཀྱིས་ཐའེ་ཝན་གྱི་སྲིད་ཏང་དང་ཆབ་སྲིད་ཚོགས་པར་ཞིབ་འཇུག་བྱེད་པའི་འགན་འཁུར་དགོས། ཏང་དབར་གྱི་བརྗེ་རེས་སྟེགས་བུའི་འབྲེལ་ཡོད་ལས་དོན་སྒྲུབ་པར་འགན་འཁུར་དགོས། ཐའེ་ཝན་གྱི་སྲིད་ཏང་གཙོ་བོ་དང་ཆབ་སྲིད་ཚོགས་པ་གལ་ཆེན་བར་གྱི་བརྗེ་རེས་ལ་མཐུན་སྦྱོར་དང་མཛུབ་སྟོན་བྱེད་དགོས།

12. ལས་ཁུངས་ཀྱི་ཏང་ཨུ(མི་དོན་ཅུས)ཡིས་ལས་ཁུངས་ཀྱི་ཏང་གི་བསམ་བློ་དང་། རྩ་འཛུགས། སྤྱོད་ཚུལ་ལེགས་སྐྱོང་། སྒྲིག་ཁྲིམས་ཞིབ་བཤེར་བཅས་ཀྱི་ལས་ཀ་དང་། འགོ་ཁྲིད་ལས་ཁུངས་ཀྱི་བསམ་པའི་དཔལ་ཡོན་སྤེལ་དགོས་པ་དང་། དེ་བཞིན་བཟོ་པ་དང་། གཞོན་ནུ། བུད་མེད་སོགས་ཀྱི་ལས་ཀ་བྱེད་པར་འགན་འཁུར་དགོས།

ལས་ཁུངས་ཀྱི་ལས་བྱེད་པར་དཔྱད་ཞིབ་དང་། བསྐོ་འཐེན། བཀོད་སྒྲིག ངལ་རྩོལ་པ་དང་མ་རྩ་ཅན་བཅས་དང་ཁོངས་གཏོགས་བྱ་ལས་སྡེ་ཚན་གྱི་སྒྲིག་གཞི་དང་མི་སྣའི་སྒྲིག་ཁུངས་ཀྱི་ལས་ཀ་བསྒྲུབ་པར་འགན་འཁུར་དགོས། ལས་ཁུངས་ཀྱི་མི་སྣ་གཞུང་དོན་དུ་ཕྱི་རྒྱལ་ལ་འགྲོ་བ་དང་ཕྱིར་བསྐྱོད་པར་ཆབ་སྲིད་ཞིབ་བཤེར། ལམ་ཡིག་དང་འཐུས་མཆན་བཀོད་པའི་ལག་ཁྱེར་སྤྲོད་པའི་ལས་ཀ་དང་དེ་བཞིན་ཕྱི་ཕྱོགས་ནས་མངགས་པའི་ལས་བྱེད་པའི་དོ་དམ་ལས་ཀ་འགན་དུ་ལེན་པ། ས་ཁུལ་ཁག་དང་སྡེ་ཚན་ཁག་གི་ཐའེ་ཝན་ལས་དོན་གཞུང་ལས་ཁང་གི་ལས་བྱེད་པ་གཙོ་བོའི་གནས་ཚུལ་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱེད་དགོས། རང་གི་དོན་གཅོད་ཁང་དང་རྒྱལ་ཡོངས་ཀྱི་ཐའེ་ཝན་ལས་སྒྲུབ་སྡེ་ཁག་གི་ལས་བྱེད་པ་གསོ་སྐྱོང་སྦྱོང་བརྡར་དང་སློབ་གསོའི་ལས་ཀར་རྩ་འཛུགས་དང་ཁྲིད་སྟོན་བྱེད་དགོས།

ལས་བྲལ་དང་ལས་འཁྱུར་ལས་བྱེད་པའི་ལས་དོན་ལ་འགན་འཁུར་དགོས།

3 ཐད་གཏོགས་ལས་ཁུངས།

ལས་ཁུངས་ཞབས་ཞུ་ལྟེ་གནས།

ལས་ཁུངས་ཆ་འཕྲིན་ལྟེ་གནས།

མཚོ་འགག་དཔལ་འབྱོར་ཙན་རྩལ་མཉམ་འབྲེལ་ལྟེ་གནས།

མཚོ་འགག་ངོགས་གཉིས་ཀྱི་པར་སྐྲུན་བརྗེ་རེས་ལྟེ་གནས།

མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་ཞིབ་འཇུག་ལྟེ་གནས།

མཚོ་འགག་ངོགས་གཉིས་ཀྱི་བརྗེ་རེས་ལྟེ་གནས།

གླིང་དགུའི་རིག་གནས་ཁྱབ་སྤེལ་ལྟེ་གནས།

རྒྱལ་ཡོངས་ཀྱི་ཐའེ་ཝན་ལ་ཕྱོགས་པའི་ལས་བྱེད་གསོ་སྦྱོང་ལྟེ་གནས།

ངོགས་གཉིས་ཀྱི་འབྲེལ་བའི་དུས་དེབ་ཁང་།

ཐའེ་ཝན་ལས་དོན་གྱི་འཕྲིན་གཏོང་དུས་དེབ་ཁང་།


4 ད་ལྟའི་མགོ་ཁྲིད།

ཀྲུའུ་རེན། ལིའུ་ཅེ་དབྱི།

ཀྲུའུ་རེན་གཞོན་པ། 

ཕེ་ཅིན་ཅ། ཁྲེན་ཡོན་ཧྥེང་། ལུང་མིན་པིའོ། ལིའུ་ཅུན་ཁྲོན།

ལས་ཁུངས་ཀྱི་ས་གནས།

ས་གནས།  པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཆུས་ཀོང་ཨན་མོན་ལྷོ་ལམ་གྱི་ཨང6-1པ།

སྦྲགས་ཨང་། 100053


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-04

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།