རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ནི་དབང་སྒྱུར་གྲལ་རིམ་གྱི་ཚབ་བྱས་ནས་དབང་སྒྱུར་དབང་ཆ་སྤྱོད་མཁན་གྱི་ལས་ཁུངས་ཡིན། ཁྲིམས་འཛུགས་དང་སྲིད་འཛིན། ཁྲིམས་འཛིན་བཅས་དབང་གསུམ་ལོགས་ཕྱེས་རྩ་དོན་ལག་ཏུ་བསྟར་བའི་རྒྱལ་ཁབ་ཁྲོད་དུ། གྲོས་ཁང་ནི་ཁྲིམས་འཛུགས་ལས་ཁུངས་གཅིག་པུ་དེ་ཡིན། གྲོས་ཁང་དང་སྲིད་འཛིན་དབང་ཆ་སྤྱོད་པའི་ཙུང་ཐུང་། ཁྲིམས་འཛིན་དབང་ཆ་སྤྱོད་པའི་ཁྲིམས་ཁང་གསུམ་ནི་ཕན་ཚུན་ཚོད་འཛིན་དང་དོ་སྙོམས་ཀྱི་གོ་གནས་སུ་ཡོད། གྲོས་ཁང་ལམ་ལུགས་ལག་བསྟར་བྱེད་པའི་རྒྱལ་ཁབ་ཏུ། གྲོས་ཁང་ལ་ནང་སྲིད་ལས་ཁུངས་ལ་སྟངས་འཛིན་བྱེད་དབང་ཡོད་པ་དང་། སྤྱིར་བཏང་ཁྲིམས་འཛིན་ལ་ཐེ་གཏོགས་བྱེད་མི་ཆོག རང་རྒྱལ་དུ། རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་མཐོ་ཤོས་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཡིན་པ་དང་། ས་གནས་རིམ་པ་སོ་སོའི་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ནི་ས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་ཡིན། དེ་དག་ཐམས་ཅད་ནི་མི་དམངས་ཀྱིས་འདེམས་བསྐོ་བྱས་ནས་བྱུང་བ་ཡིན་ལ། མི་དམངས་ལ་འགན་ཁུར་བ་དང་མི་དམངས་ཀྱིས་ལྟ་སྐུལ་བྱེད་པ་ཡིན། རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་དང་འདྲི་གཅོད་ལས་ཁུངས། དམག་དོན་ལས་ཁུངས་ཐམས་ཅད་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ལས་བྱུང་བ་དང་། རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ལ་འགན་འཁུར་དགོས་ཤིང་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ཀྱིས་ལྟ་སྐུལ་བྱེད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国家权力机关
ཀྲུང་གོ་རུ།
རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེེན།
མཚོན་བྱ།
དབང་སྒྱུར་གྲལ་རིམ། རྒྱལ་ཁབ།
གོ་གནས།
ཆེས་མཐོའི་གོ་གནས།
1 རྒྱལ་ཁབ་ཀྱི་འགན་དབང་། 

རང་རྒྱལ་གྱི་དབང་འཛིན་ལས་ཁུངས་ནི་མི་དམངས་འཐུས་མིའི་ཚོགས་ཆེན་ཡིན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ནི་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ཆེས་མཐོ་ཤོས་ཡིན། ས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་ནི་ས་གནས་རིམ་པ་སོ་སོའི་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ཡིན། 

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་རྒྱལ་ཁབ་དང་མི་དམངས་ཀྱི་འདོད་བློ་མཚོན་པ་དང་། ཐུན་མོང་གཅིག་གྱུར་སྒོས་རྒྱལ་ཁབ་ཀྱི་དབང་ཆར་ཚོད་འཛིན་དང་ལོངས་སུ་སྤྱོད་ཀྱིན་ཡོད། རྒྱལ་ཁབ་ཀྱི་སྲིད་འཛིན་དང་འདྲི་གཅོད། ཞིབ་དཔྱོད་ལས་ཁུངས་ནི་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ཀྱི་ལག་བསྟར་ལས་ཁུངས་ཡིན། 

1. རྒྱལ་ཡོངས་དམངས་ཆེན་ནི་རང་རེའི་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ཀྱི་རྩ་འཛུགས་མ་ལག་ཁྲོད་ཀྱི་གོ་གནས་ཆེས་མཐོ་ཤོས་དེ་ཡིན། དེས་མི་དམངས་ཡོངས་དེ་རྒྱལ་ཡོངས་ཁྱབ་ཁོངས་སུ་ཕྱོགས་ཡོངས་དང་ཁེར་ཚུགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་དབང་སྒྱུར་དབང་ཆ་སྤྱོད་པ་མཚོན་གྱི་ཡོད། 

2. རྒྱལ་ཡོངས་དམངས་ཆེན་གྱི་འགན་དབང་།

(1) ཆེས་མཐོའི་ཁྲིམས་འཛུགས་དབང་ཆ། རྩ་ཁྲིམས་ལ་བཟོ་བཅོས་དང་ཉེས་དོན་དང་དམངས་དོན། རྒྱལ་ཁབ་ཀྱི་ལས་ཁུངས་དང་གཞི་རྩའི་བཅའ་ཁྲིམས་གཞན་དག་གཏན་འབེབས་དང་དེ་དག་ལ་དག་བཅོས་བྱེད་ཆོག

(2) ཆེས་མཐོའི་གོ་གནས་བསྐོ་འཐེན་གྱི་དབང་ཆ། ཆེས་མཐོའི་རྒྱལ་ཁབ་ཀྱི་ལས་ཁུངས་ཀྱི་མགོ་ཁྲིད་མི་སྣ་དང་འབྲེལ་ཁོངས་མི་འདེམས་བསྐོ་དང་ཐག་གཅོད་གོ་གནས་བསྐོ་འཐེན་བྱེད་ཆོག 

(3) ཆེས་མཐོའི་ཐག་གཅོད་དབང་ཆ། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི། འཆར་གཞི་ལག་བསྟར་གནས་ཚུལ་གྱི་སྙན་ཞུ་ལ་ཞིབ་བཤེར་དང་ཆོག་མཆན་འགོད་ཆོག 

(4) ཆེས་མཐོའི་ལྟ་སྐུལ་དབང་ཆ། རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་པ་དང་ཆེས་མཐོའི་རྒྱལ་ཁབ་ཀྱི་ལས་ཁུངས་ཀྱི་འབྲེལ་ཡོད་བྱ་བར་ལྟ་སྐུལ་བྱེད་པ་བཅས་སོ།། 

རིགས་དབྱེ། 

རྒྱལ་ཁབ་ཀྱི་ལམ་ལུགས་དང་ཆབ་སྲིད་ཀྱི་ལམ་ལུགས་མི་མཚུངས་པའི་རྐྱེན་གྱིས། རྒྱལ་ཁབ་སོ་སོའི་དབང་འཛིན་ལས་ཁུངས་ཀྱི་གྲུབ་ཆ་ཡང་མི་མཚུངས་སོ།།

རྒྱལ་པོས་སྲིད་དབང་སྒེར་འཛིན་བྱེད་པའི་རྒྱལ་ཁབ་ཏུ། རྒྱལ་པོ་དང་ཡང་ན་སྒེར་གཅོད་པས་རྒྱལ་ཁབ་ཀྱི་དབང་ཆ་ཐུན་མོང་ངང་ཚོད་འཛིན་བྱས་ཤིང་། དམག་སྲིད་དཔོན་རིགས་ལས་ཁུངས་ཀྱིས་རྒྱལ་ཁབ་ལ་དབང་སྒྱུར་དང་དོ་དམ་བྱེད་པ་ཡིན།

མ་རྩ་རིང་ལུགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཏུ། རྒྱལ་ཁབ་ཀྱི་དབང་ཆ་ནི་སྤྱིར་བཏང་དུ། ཁྲིམས་འཛུགས་དབང་ཆ་དང་། སྲིད་འཛིན་དབང་ཆ། ཁྲིམས་འཛིན་དབང་ཆ་གསུམ་དུ་བགར་ཡོད། སོ་སོས་ཁྲིམས་འཛུགས་ལས་ཁུངས་དང་སྲིད་འཛིན་ལས་ཁུངས། ཁྲིམས་འཛིན་ལས་ཁུངས་བཅས་ཀྱིས་དབང་ཆ་སྤྱོད་པ་ཡིན། མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་ཀྱིས་དབང་གསུམ་དབྱེ་འཛུགས་ཀྱི་རྩ་དོན་སྲུང་བར་བྱེད་ཅིང་། ཁྲིམས་འཛུགས་དབང་ཆ་དང་། སྲིད་འཛིན་དབང་ཆ། ཁྲིམས་འཛིན་དབང་ཆ་ཕན་ཚུན་ཟུར་འཛུགས་བྱས་ཡོད་ན་ཡང་ཕན་ཚུན་ཚོད་འཛིན་དང་དོ་མཉམ་བྱེད་ཀྱིན་ཡོད། 

སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཏུ། རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ནི་དམངས་གཙོའི་འདེམ་བསྐོ་ལས་བྱུང་བའི་མི་དམངས་འཐུས་མིའི་ལས་ཁུངས་ཡིན། རང་རྒྱལ་གྱི་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ནི་མི་དམངས་འཐུས་མིའི་ཚོགས་ཆེན་ཡིན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ནི་རྒྱལ་ཁབ་ཀྱི་ཆེས་མཐོའི་དབང་འཛིན་ལས་ཁུངས་ཡིན། ས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་ནི་ས་གནས་རིམ་པ་སོ་སོའི་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ཡིན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་རྒྱལ་ཁབ་དང་མི་དམངས་ཀྱི་འདོད་བློ་མཚོན། ཐུན་མོང་གཅིག་གྱུར་སྒོས་རྒྱལ་ཁབ་ཀྱི་དབང་ཆར་ཚོད་འཛིན་དང་ལོངས་སུ་སྤྱོད་ཀྱིན་ཡོད། རྒྱལ་ཁབ་ཀྱི་སྲིད་འཛིན་དང་འདྲི་གཅོད། ཞིབ་དཔྱོད་ལས་ཁུངས་ནི་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ཀྱི་ལག་བསྟར་ལས་ཁུངས་ཡིན། 

2 རྒྱལ་ཁབ་ཀྱི་ལས་ཁུངས། 

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི།.jpg ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། ས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་། མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་ལས་ཁུངས། མི་དམས་ཁྲིམས་ཁང་དང་མི་དམས་ཞིབ་དཔྱོད་ཁང་། 

རང་རྒྱལ་ལ་ཁྲིམས་འཛུགས (དབང་འཛིན)ལས་ཁུངས་དང་། སྲིད་འཛིན་ལས་ཁུངས། ཁྲིམས་འཛིན་ལས་ཁུངས་བཅས་ཡོད། ལག་ལེན་ལ་གཞིགས་ན། རང་རྒྱལ་ལ་ཡང་ཁྲིམས་འཛུགས (དབང་འཛིན)ལས་ཁུངས་དང་། སྲིད་འཛིན་ལས་ཁུངས། ཁྲིམས་འཛིན་ལས་ཁུངས་བཅས་ཀྱི་འགན་ནུས་ཀྱི་དབྱེ་བ་ཡོད། ལས་ཁུངས་ཁ་གྱེས་དང་དབང་ཆ་ལས་བགོ། དམངས་ཆེན་གྱིས་སྲིད་གཞུང་ལ་ལྟ་སྐུལ་བྱེད་པ། ཁྲིམས་འཛིན་ལས་ཁུངས་ལ་ལྟ་སྐུལ་བྱེད་པ། ཁྲིམས་འཛིན་ལས་ཁུངས་ཀྱིས་སྲིད་འཛིན་ཞུ་གཏུག་བྱེད་ཐབས་ཀྱིས་སྲིད་གཞུང་ལས་ཁུངས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཡོ་བསྲང་བྱེད་པ་སོགས་བྱས་ནས་དབང་ཆར་ཚོད་འཛིན་བྱེད་པའི་འབྲེལ་བ་གྲུབ་ཡོད། 



དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-05

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།