ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་སྟོན་ཨུ་ཡོན་ལྷན་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་སྟོན་ཨུ་ཡོན་ལྷན་ཁང་།
སྤྱི་ལོ1997ལོའི་ཟླ4པའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་འཛུགས་པའི་སྐོར་གྱི་བརྡ་ཐོ》བཏང་། 《བརྡ་ཐོའི》ནང་ཏང་གི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རུ། 《ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་གི་གྲོས་ཆོད》གྲོས་འཆམ་བྱུང་བ་གཞིར་བཟུང་། ཀྲུང་དབྱང་གིས་ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་གཏན་འབེབས་བྱས་པ་རེད། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་ནི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་གྲོས་དོན་ལས་ཁུངས་ཤིག་རེད། དེའི་ལས་འགན་གཙོ་བོ་ནི། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ཐད་ཀྱི་ཀྲུང་དབྱང་གི་འབྲེལ་ཡོད་གནད་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས་ནས་སྔོན་ཐོན་ཉམས་མྱོང་ཕྱོགས་སྡོམ་དང་ཁྱབ་གདལ་གཏང་རྒྱུ་དེའོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中央精神文明建设指导委员会
བཙུགས་དུས།
སྤྱི་ལོ1997ལོའི་ཟླ4པའི་ཚེས21ཉིན།
རིགས།
གོ་དོན།
ཀྲུའུ་རེན།
ཝང་ལུའུ་ཉིང་།
བསྡུས་མིང་།
ཀྲུང་དབྱང་དཔལ་ཡོན་ཨུ་ལྷན།
1 ལས་འགན་ལམ་ལུགས།

གཅིག ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་སྟོན་ཨུ་ཡོན་ལྷན་ཁང་ནི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བར་མཛུབ་སྟོན་བྱེད་པའི་གྲོས་དོན་ལས་ཁུངས་ཡིན། ལས་འགན་གཙོ་བོ་ནི། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་སྐོར་གྱི་ཀྲུང་དབྱང་གི་བྱེད་ཕྱོགས་དང་། སྲིད་ཇུས་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གནས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱས་ནས། བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུ་གཙོ་བོ་ནི་བསམ་བློ་ཀུན་སྤྱོད་དང་རིག་གནས་འཛུགས་སྐྱོང་ཐད་ཀྱི་འབྲེལ་ཡོད་གནད་དོན་ཡིན་པ་མཐུན་སྦྱོར་ཐག་གཅོད་ཡོང་བ་བྱ་དགོས། སྔོན་ཐོན་ཉམས་མྱོང་ཕྱོགས་བསྡོམས་དང་ཁྱབ་སྤེལ་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་ཀྲུང་དབྱང་གི་ཐབས་ཇུས་ལ་གྲོས་འགོ་འདོན་དགོས།

གཉིས། བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་ལས་ཀ་དེ་ས་གནས་ཁག་དང་སྡེ་ཚན་ཁག་ལ་འབྲེལ་བ་ཡོད་པས་ཚང་མས་མཉམ་དུ་བསྒྲུབ་དགོས། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཁྱབ་ཁོངས་ནི། སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་བཏོན་པའི་དམིགས་འབེན་དང་ལས་འགན་ལྟར། གཙོ་བོ་བསམ་བློ་ཀུན་སྤྱོད་དང་རིག་གནས་འཛུགས་སྐྲུན་བྱ་བར་མཐུན་སྦྱོར་མཛུབ་སྟོན་བྱེད་པ་དང་། གཙོ་བོ་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་འཛུགས་བྱ་འགུལ་ལ་རྩ་འཛུགས་ལེགས་པོ་བྱེད་དགོས། ཀྲུང་དབྱང་དཔལ་ཡོན་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་ནས་ཕན་ཚུན་བར་གནས་ཚུལ་བརྡ་ཁྱབ་གཏོང་དགོས།

གསུམ། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གིས་སྤྱིར་བཏང་དུ་ལོ་རེར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་རེ་བསྐངས་ཏེ་ལས་ཀར་ཕྱོགས་བསྡོམས་དང་། གནད་དོན་གལ་ཆེན་ལ་ཞིབ་འཇུག་དང་གྲོས་བསྡུར་བྱ་དགོས། དགོས་ངེས་ཀྱི་དུས་སུ་གནས་སྐབས་ཚོགས་འདུ་བསྐང་ཆོག ཚང་འཛོམས་གྲོས་ཚོགས་ནི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱིས་བསྐང་དགོས། ཚོགས་ཞུགས་མི་སྣ་ནི། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། ཀྲུའུ་རེན་གཞོན་པ། ཨུ་ཡོན་བཅས་དང་། དགོས་མཁོར་གཞིགས་ནས་འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱི་འགན་འཁུར་བློ་མཐུན་ཟུར་ཞུགས་སུ་གདན་འདྲེན་ཞུ་ཆོག

བཞི། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཁོང་གཏོགས་སུ་གཞུང་ལས་ཁང་བཙུགས་ཏེ། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཉིན་རྒྱུན་གྱི་བྱ་བའི་འགན་ཁུར་དགོས། གཞུང་ལས་ཁང་དེ་ཀྲུང་དབྱང་དྲིལ་སྒྲོག་པུའུ་རུ་འཛུགས་བཙུགས་ཡོད་པ་དང་། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་ཚབ་ཏུ་དོ་དམ་བྱེད་ཀྱིན་ཡོད།

ལྔ། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གིས་ལས་ཀའི་དགོས་མཁོར་གཞིགས་ནས། ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་གཞུང་ལས་གྲོས་ཚོགས་བསྐང་དགོས། ཚོགས་ཞུགས་མི་སྣ་ནི། ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། ཀྲུའུ་རེན་གཞོན་པ། གཞུང་ལས་ཁང་གི་ཀྲུའུ་རེན། ཀྲུའུ་རེན་གཞོན་པ་བཅས་དང་། དགོས་ངེས་ལ་ཐུག་ཚེ་འབྲེལ་ཡོད་སྡེ་ཚན་དང་ས་གནས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་གདན་ཞུ་བྱ་ཆོག

དྲུག   ས་གནས་ཁག་དང་སྡེ་ཁག་སོ་སོའི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་དང་འབྲེལ་བའི་དགོངས་སྐོར་སྙན་ཞུ་ཀྲུང་དབྱང་གི་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་ལ་ཐད་ཀར་འབུལ་བ་དང་། བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་གནད་དོན་གལ་ཆེན་དང་འབྲེལ་བའི་དགོངས་སྐོར་སྙན་ཞུ་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་ལ་འབུལ་བ་དང་སྦྲགས། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་ལ་བཤུས་འབུལ་བྱེད་རྒྱུ་དེའོ།།

2 འགན་འཁྲི་གཙོ་བོ།

གཅིག ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་ནི། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ལས་སྒྲུབ་ལས་ཁུངས་ཡིན་ལ། ཨུ་ཡོན་ལྷན་ཁང་གི་ཉིན་རྒྱུན་གྱི་བྱ་བར་འགན་འཁུར་གྱིན་ཡོད། དེའི་གཞུང་ཕྱོགས་དྲ་ཚིགས་ནི་ཀྲུང་གོའི་དཔལ་ཡོན་དྲ་ཚིགས་ཡིན། གཞུང་ལས་ཁང་གི་འགན་འཁྲི་གཙོ་བོ་ནི།

1.      ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་བྱ་བའི་བཀོད་སྒྲིག་བཞིན། རྩ་འཛུགས་མཐུན་སྦྱོར་དང་ལྟ་སྐུལ་དངོས་འབེབས་ཀྱི་བྱ་བ་ལེགས་པར་བསྒྲུབ་དགོས།

2.      ཏང་གི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཆོད་དོན་དངོས་འབེབས་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་བརྟག་དཔྱད་རྒྱུས་ལོན་བྱེད་པ་དང་། བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་གནས་ཚུལ་གསར་བ་དང་གནད་དོན་གསར་བར་ཞིབ་འཇུག་དབྱེ་ཞིབ་བྱས་ནས། དུས་ལྟར་ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་སྟོན་ཨུ་ཡོན་ལྷན་ཁང་ལ་གོང་ཞུ་དང་བསམ་ཚུལ་འདོན་དགོས།

3.      བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་བྱ་བའི་ཉམས་མྱོང་བརྗེ་རེས་ཁྱབ་གདལ་ལ་རྩ་འཛུགས་བྱེད་དགོས།

4.      ཨུ་ལྷན་གྱི་དྲུང་ཡིག་དང་ཚོགས་དོན་བྱ་བར་འགན་འཁུར་དགོས། ཀྲུང་དབྱང་རིམ་པའི “རིག་གནས་འཛུགས་སྐྱོང་གི་གྲོན་དངུལ”ལ་དོ་དམ་བྱེད་དགོས།

5.      ཨུ་ལྷན་གྱིས་སྤྲད་པའི་ལས་དོན་གཞན་དག་བསྒྲུབ་དགོས།

གཉིས། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་དགོས་མཁོར་གཞིགས་ནས་འབྲེལ་ཡོད་ཚོགས་འདུ་བསྐང་ཆོག་ཅིང་། གནས་ཚུལ་སྒྲོག་པ་དང་གནད་དོན་ལ་ཞིབ་འཇུག བྱ་བར་མཐུན་སྦྱོར་བཅས་བྱེད་དགོས།

གསུམ།    ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དུ་དྲུང་ཡིག་ཚན་ཆུང(དྲུང་ཡིག་དང་ཚོགས་དོན་ལས་དོན་གྱི་འགན་འཁུར་དགོས)དང་། ་བརྟག་དཔྱད་ཞིབ་འཇུག་ཚན་ཆུང(ཆ་འཕྲིན་དང་བརྟག་དཔྱད་ཞིབ་འཇུག་གི་འགན་འཁུར་དགོས)། མཐུན་སྦྱོར་ཚན་ཆུང(འབྲེལ་གཏུག་མཐུན་སྦྱོར་དང་ཉམས་མྱོང་བརྗེ་རེས་ཀྱི་བྱ་བར་འགན་འཁུར་དགོས།)བཅས་བཙུགས་ཡོད།

བཞི། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གི་ཏང་གི་རྩ་འཛུགས་དང་མི་དོན་ནོར་དོན། དེ་བཞིན་སྲིད་འཛིན་དོ་དམ་སོགས་ཀྱི་བྱ་བར་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་འགན་འཁུར་དགོས།

3 དྲིལ་སྒྲོག་གི་ཉིན་མོ།

ཏང་ཀྲུང་དབྱང་གི་མོས་མཐུན་བྱུང་བ་བརྒྱུད། སྤྱི་ལོ2003ལོའི་ཟླ9པའི་ཚེས11ཉིན་ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་གིས《སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་ལག་བསྟར་རྩ་གནད》དཔར་འགྲེམ་བྱས་པའི་ཟླ་9པའི་ཚེས་20ཉིན་དེ“སྤྱི་དམངས་ཀུན་སྤྱོད་དྲིལ་སྒྲོག་ཉིན་མོར”གཏན་འཁེལ་བྱས།

“དྲིལ་སྒྲོག་ཉིན་མོ”འཛུགས་པའི་དམིགས་ཡུལ་ནི་སྤྱི་ཚོགས་ལས་རིགས་ཁག་གིས་ཀུན་སྤྱོད་འཛུགས་སྐྱོང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་དེར་ཞུགས་པར་སྔར་བས་སྐུལ་སློང་བྱས་ཏེ། ཀུན་སྤྱོད་འཛུགས་སྐྱོང་དེ་དོན་དངོས་དང་ཉེ་བར་བཅར་བ་དང་། འཚོ་བ་དང་ཉེ་བ། མང་ཚོགས་དང་ཉེ་བཅར་ཐུབ་པར་བྱེད་པ་དང་། དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཤུགས་ཆེར་གཏོང་བ། སྤྱི་དམངས་ཀྱི་ཀུན་སྤྱོད་བྱང་ཚད་དང་སྤྱི་ཚོགས་དཔལ་ཡོན་གྱི་ཆུ་ཚད་ཇེ་མཐོར་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་བསམ་བློ་དང་ཀུན་སྤྱོད་ཀྱི་རྨང་གཞི་ལེགས་པོ་ཞིག་འདིང་རྒྱུ་དེ་ཡིན།

4  ལས་ཁུངས་དབུ་ཁྲིད།

ད་ལྟའི་དབུ་ཁྲིད།

ཀྲུའུ་རེན། ཝང་ཧུའུ་ཉིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ།

ཀྲུའུ་རེན་གཞོན་པ། ཧོང་ཁུན་མིང་། (ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་པུའུ་ཀྲང་།)

ཀྲུའུ་རེན་གཞོན་པ། (རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ)

ཀྲུའུ་རེན་གཞོན་པ། ཀུའོ་ཅིན་ལུང་། (ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན།)

ཁོངས་གཏོགས་སུ་གཞུང་ལས་ཁང་(ཀྲུང་དབྱང་དཔལ་ཡོན་གཞུང་ལས་ཁང་)བཙུགས་པ་ནི་ཀྲུང་དབྱང་དཔལ་ཡོན་ཨུ་ལྷན་གྱི་ལས་སྒྲུབ་ལས་ཁུངས་ཡིན།

ཀྲུང་དབྱང་དཔལ་ཡོན་གཞུང་ལས་ཁང་གི་ཀྲུའུ་རེན། ཀྲུང་གུང་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ། ཝང་ཞའོ་ཧུའེ།

ཀྲུའུ་རེན་གཞོན་པ། ཁྲེན་ཧྲི་ཅུས། (ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་གཞོན་པ།)

ཅང་ཞའོ་ཅུན། (རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ།)

ཞ་ཝེ་ཏུང་། (ཆེད་བསྐོས་ཀྲུའུ་རེན་གཞོན་པ།)

དབུ་ཁྲིད་རིམ་བྱོན།

ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅོ་ལྔ་པའི་རིང(1997ལོ་ནས2002ལོའི་བར།)།

ཀྲུའུ་རེན། ཏིང་ཀོན་ཀེན། (ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། པུའུ་ཀྲང་།)

ཀྲུའུ་རེན་གཞོན་པ། ལི་ཐིའེ་དབྱིན། (ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ།)

གཞུང་ལས་ཁང་གི་ཀྲུའུ་རེན། ལིའུ་ཡུན་ཧྲན།

ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་དྲུག་པའི་རིང (2002ལོ་ནས2007ལོའི་བར།)།

ཀྲུའུ་རེན། ལི་ཁྲང་ཁྲུན། (ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན།)

ཀྲུའུ་རེན་གཞོན་པ།

ལིའུ་ཡུན་ཧྲན། (ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། པུའུ་ཀྲང་།)

ཁྲེན་ཀྲི་ལི། (རྒྱལ་དོན་ཨུ་ཡོན།)

ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་བདུན་པའི་རིང(2007ལོ་ནས2012ལོའི་བར།)

ཀྲུའུ་རེན། ལི་ཁྲང་ཁྲུན། (ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན།)

ཀྲུའུ་རེན་གཞོན་པ།

ལིའུ་ཡུན་ཧྲན། (ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། པུའུ་ཀྲང་།)

ལིའུ་ཡན་ཏུང་། (ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་དོན་ཨུ་ཡོན།)

ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅོ་བརྒྱད་པའི་རིང(2012ལོ་ནས2017ཞོའི་བར།)

ཀྲུའུ་རེན། ལིའུ་ཡུན་ཧྲན། (ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི།)

ཀྲུའུ་རེན་གཞོན་པ།

ལིའུ་ཆི་པའོ། (ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། པུའུ་ཀྲང་།) 

ལིའུ་ཡན་ཏུང་།  (ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ།)


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། ལས་ཁུངས། རྩ་འཛུགས
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-26

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།