རྒྱལ་ཁབ་ཆ་འཕྲིན་ཅན་འགོ་ཁྲིད་ཚན་ཆུང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་ཁབ་ཆ་འཕྲིན་ཅན་འགོ་ཁྲིད་ཚན་ཆུང་།
​རྒྱལ་ཁབ་ཆ་འཕྲིན་ཅན་འགོ་ཁྲིད་ཚན་ཆུང་ནི་རང་རྒྱལ་གྱི་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་ཆ་འཕྲིན་བདེ་འཇགས་སྲུང་སྐྱོང་ལས་དོན་ལ་དབུ་ཁྲིད་མཛད་རྒྱུར་སྔར་བས་ཤུགས་སྣོན་རྒྱག་ཆེད། སྤྱི་ལོ2001ལོའི་ཟླ8པར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གསར་དུ་བཙུགས་པ་ཞིག་ཡིན་ལ། རྒྱལ་ཁབ་ཆ་འཕྲིན་ཅན་འགོ་ཁྲིད་ཚན་ཆུང་གི་ཞིབ་ཕྲའི་ལས་དོན་དེ་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་འགན་འཁུར་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国家信息化领导小组
ཕྱི་ཡིག་གི་མིང་།
The national leading group
བཙུགས་ལོ།
སྤྱི་ལོ2001ལོའི་ཟླ8པར།
ཞིབ་ཕྲའི་བྱ་བའི་ལས་ཁུངས།
བཟོ་ལས་དང་ཆ་འཕྲིན་ཅན་པུའུ།
1 ངོ་སྤྲོད།

རྒྱལ་ཁབ་ཆ་འཕྲིན་ཅན་འགོ་ཁྲིད་ཚན་ཆུང་ནི་རང་རྒྱལ་གྱི་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་ཆ་འཕྲིན་བདེ་འཇགས་སྲུང་སྐྱོང་ལས་དོན་ལ་དབུ་ཁྲིད་མཛད་རྒྱུར་སྔར་བས་ཤུགས་སྣོན་རྒྱག་ཆེད། སྤྱི་ལོ2001ལོའི་ཟླ8པར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གསར་དུ་བཙུགས་པ་ཞིག་ཡིན་ལ། རྒྱལ་ཁབ་ཆ་འཕྲིན་ཅན་འགོ་ཁྲིད་ཚན་ཆུང་གི་ཞིབ་ཕྲའི་ལས་དོན་དེ་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་འགན་འཁུར་དགོས། 

2 ལས་ཁུངས་ཀྱི་སྒྲིག་གཞི།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་རྒྱལ་ཁབ་ཆ་འཕྲིན་ཅན་འགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་གི་འགན་བཞེས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལི་ཁེ་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལིའུ་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཏེ་ཅང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཀྲུའུ་ཞི་གཞོན་པ་ཀུའོ་པོ་ཞུང་། རྒྱལ་དོན་ཨུ་ཡོན་དང་སྤྱི་བདེ་པུའུ་ཡི་པུའུ་ཀྲང་གཉིས་ཀྱི་འགན་བཞེས་པའི་མོང་ཅན་ཀྲུའུ་བཅས་ཀྱིས་རྒྱལ་ཁབ་ཆ་འཕྲིན་ཅན་འགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་གཞོན་པའི་འགན་བཞེས། འགོ་ཁྲིད་ཚོ་ཆུང་གི་ཁོངས་མིའི་གྲས་སུ་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། དམག་དཔུང་གི་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་འགན་འཁུར་བ་གཙོ་བོ་དག་ཚུད་ཡོད།      

སྤྱི་ལོ2001ལོའི་ཟླ8པར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཆ་འཕྲིན་ཅན་འགོ་ཁྲིད་ཚན་ཆུང་གི་རྒྱལ་ཁབ་ཆ་འཕྲིན་ཅན་ཆེད་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་ཆོག་མཆན་གནང་བ་དང་། ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་ནི་འབྲེལ་ཡོད་ཀྱི་གདན་ཞུ་ཆེད་མཁས་དག་གིས་གྲུབ་པ་དང་། ཁོ་ཚོས་རང་རྒྱལ་གྱི་ཆ་འཕྲིན་ཅན་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་གལ་ཆེན་དག་ལ་ཞིབ་འཇུག་གནང་སྟེ། རྒྱལ་ཁབ་ཆ་འཕྲིན་ཅན་འགོ་ཁྲིད་ཚན་ཆུང་ལ་གྲོས་གཞི་འདོན་པའི་འགན་འཁུར་ཡོད། 

སྐབས་འདིའི(སྐབས་བཞི་པ)ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་གིས་ཕྱོགས་སོ་སོ་ནས་ཕེབས་པའི་ཆེད་ལས་ཅན་ཏེ། དཔལ་འབྱོར་དང་ལག་རྩལ། སྤྱིའི་དོ་དམ། བཅའ་ཁྲིམས་སོགས་ཁྱབ་ཁོངས་མང་པོར་གནས་པའི་ཨུ་ཡོན61དང་དམིགས་བསལ་གདན་ཞུའི་ཨུ་ཡོན5གདན་འདྲེན་ཞུས་པ་དང་། ཆེད་མཁས་པ་ཤིས་གོ་ཧྭས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཀྲོའུ་ཧུང་རེན་གྱིས་རྒྱུན་ལས་ཀྲུའུ་རེན་གཞོན་པའི་འགན་བཞེས་པ་དང་། ཝུའུ་ཅིང་ལེན། ཧོ་ཏེ་ཆོན། དབྱང་གོ་ཤུན་བཅས་ཀྱིས་ཀྲུའུ་རེན་གཞོན་པའི་འགན་བཞེས།      

སྤྱི་ལོ2008ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བསྒྱུར་བཅོས་མ་བྱས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆ་འཕྲིན་ཅན་ལས་དོན་གཞུང་ལས་ཁང(གཤམ་དུ་བསྡུས་མིང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཆ་འཕྲིན་གཞུང་ལས་ཁང་ཞེས་འབོད)ནི་རྒྱལ་ཁབ་ཆ་འཕྲིན་ཅན་འགོ་ཁྲིད་ཚན་ཆུང་གི་དོན་བྱེད་ལས་ཁུངས་ཤིག་ཡིན་ཞིང་། འགོ་ཁྲིད་ཚན་ཆུང་གི་རྒྱུན་ལྡན་གྱི་ལས་ཀའི་འགན་འཁུར་དགོས། དེ་སྔའི་ཆ་འཕྲིན་ཐོན་ལས་པུའུ་ཡི་པུའུ་ཀྲང་ཝང་ཤུས་ཏུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཆ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་པ་དང་། ཆུས་ཝུའེ་ཀྲིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཆ་འཕྲིན་གཞུང་དོན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པའི་འགན་བཞེས་པ། ཁྲེན་ཝུའེ་ཝུའེ་དང་དབྱང་ཞུའེ་ཧྲན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཆ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས་ཡོད།     

རྒྱལ་སྲིད་སྤྱི་ཁྱབ་ཁང་ཆ་འཕྲིན་གཞུང་དོན་ཁང་གི་འོག་ཏུ་བཙུགས་པའི་ལས་ཁུངས(སི་ཅུས་རིམ་པའི་སྒྲིག་གཞི)ཏེ། ཕྱོགས་བསྡུས་ཚན་ཆུང་དང་སྲིད་ཇུས་འཆར་འགོད་ཚན་ཆུང་། ཁྱབ་གདལ་བེད་སྤྱོད་ཚན་ཆུང་། དྲ་རྒྱ་དང་ཆ་འཕྲིན་བདེ་འཇགས་ཚན་ཆུང་། གློག་རྡུལ་སྲིད་དོན་ཚན་ཆུང་། རྒྱལ་ཁབ་ཆ་འཕྲིན་ཆེད་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཁྲུའུ་སོགས་ཚུད་ཡོད། 

སྤྱི་ལོ2008ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བསྒྱུར་བཅོས་བྱས་རྗེས། དེ་སྔའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆ་འཕྲིན་ཅན་ལས་དོན་གཞུང་ལས་ཁང་གི་འགན་ནུས་དེ་རྒྱལ་ཁབ་བཟོ་འཕྲིན་པུའུ་དང་འབྲེལ་ནས། བཟོ་འཕྲིན་པུའུ་ཡིས་རྒྱལ་ཁབ་ཆ་འཕྲིན་ཅན་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཞིབ་ཕྲའི་འགན་ནུས་འཁུར་རྒྱུ། 

3 ལོ་རྒྱུས་ཀྱི་འཕེལ་རིམ།

1.སྤྱི་ལོ1986ལོའི་ཟླ2པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཆ་འཕྲིན་ལྟེ་གནས་ཀྱིས་རྒྱལ་ཁབ་དཔལ་འབྱོར་ཆ་འཕྲིན་མ་ལག་འཛུགས་སྐྲུན་གནང་རྒྱུའི་འགན་འཁུར་བར་མཆན་བཀོད་བཀའ་ལན་གནང་། རྒྱལ་ཁབ་དཔལ་འབྱོར་ཆ་འཕྲིན་ལྟེ་གནས་ནི་དེ་སྔའི་རྒྱལ་ཁབ་འཆར་འགོད་ཨུ་ཡོན་ལྷན་ཁང་ཁོངས་གཏོགས་ཀྱི་རྩིས་རྒྱག་ལྟེ་གནས་དང་། སྔོན་དཔག་ལྟེ་གནས། ཆ་འཕྲིན་དོ་དམ་གཞུང་ལས་ཁང་བཅས་ཟླ་སྒྲིལ་བཏང་ནས་བཙུགས་པ་དང་། སྤྱི་ལོ1988ལོར་རྒྱལ་ཁབ་ཆ་འཕྲིན་ལྟེ་གནས་ཞེས་པར་མིང་བསྒྱུར།   

2.སྤྱི་ལོ1993ལོའི་ཟླ12པའི་ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཆ་འཕྲིན་ཅན་གྱི་མཉམ་འབྲེལ་གྲོས་ཚོགས་འཛུགས་རྒྱུའི་ཆོག་མཆན་གནང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཙོའུ་ཅ་ཧྭ་ཡིས་ཀྲུའུ་ཞིའི་འགན་བཞེས། རྒྱལ་ཁབ་དཔལ་འབྱོར་ཆ་འཕྲིན་ཅན་གྱི་མཉམ་འབྲེལ་གྲོས་ཚོགས་གཞུང་ལས་ཁང་དེ་དེ་སྔའི་རྒྱལ་ཁབ་འཆར་འགོད་ཨུ་ཡོན་ལྷན་ཁང(རྒྱལ་ཁབ་ཆ་འཕྲིན་ལྟེ་གནས)དུ་འཛུགས་རྒྱུ། སྤྱི་ལོ1994ལོའི་ཟླ5པར། རྒྱལ་ཁབ་ཆ་འཕྲིན་ཅན་ཆེད་མཁས་པའི་ཚན་ཆུང་བཙུགས་ཏེ། རྒྱལ་ཁབ་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་ཐབས་ཇུས་ཇུས་འདོན་ལས་ཁུངས་བྱས།    

3.སྤྱི་ལོ1996ལོའི་ཟླ4པའི་ཚེས16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས“རྒྱལ་སྲིད་སྤྱི་ཁྱབ་ཁང་ཆ་འཕྲིན་ཅན་ལས་དོན་འགོ་ཁྲིད་ཚོགས་ཆུང་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ”(རྒྱལ་གཞུང་སྤེལ[1996]ཡིག་ཨང15པ)སྤེལ་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཙོའུ་ཅ་ཧྭ་ཡིས་འགོ་ཁྲིད་ཚན་ཆུང་གི་ཚན་གཙོའི་འགན་འཁུར། དེ་སྔའི་རྒྱལ་ཁབ་དཔལ་འབྱོར་ཆ་འཕྲིན་ཅན་མཉམ་འབྲེལ་ཚོགས་འདུའི་གཞུང་ལས་ཁང་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཆ་འཕྲིན་ཅན་ལས་དོན་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་དུ་བསྒྱུར་བ་དང་། གློག་རྡུལ་བཟོ་ལས་པུའུ་ཡི་པུའུ་ཀྲང་གཞོན་པ་ལུའི་ཤིན་ཁུའེ་ཡིས་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།      

4.སྤྱི་ལོ1998ལོའི་ཟླ3པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྔར་ལས་ལྷག་པར་བསྒྱུར་བཅོས་མཛད་པ་དང་བསྟུན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆ་འཕྲིན་ཅན་ལས་དོན་འགོ་ཁྲིད་ཚན་ཆུང་དེ་གསར་འཛུགས་བྱས་པའི་ཆ་འཕྲིན་ཐོན་ལས་པུའུ་རུ་ཟླ་སྒྲིལ་བཏང་ནས། ཆ་འཕྲིན་ཐོན་ལས་པུའུ་ཆ་འཕྲིན་ཅན་སྐུལ་སྤེལ་སི(རྒྱལ་ཁབ་ཆ་འཕྲིན་ཅན་གཞུང་ལས་ཁང)བཙུགས་ཏེ། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་ཞབས་ཞུ་ཆ་འཕྲིན་ཅན་གྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་འགན་ཁུར་དགོས།      

5.སྤྱི་ལོ1999ལོའི་ཟླ12པའི་ཚེས23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས“རྒྱལ་ཁབ་ཆ་འཕྲིན་ཅན་ལས་དོན་འགོ་ཁྲིད་ཚན་ཆུང་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ”(རྒྱལ་གཞུང་སྤེལ[1999]ཡིག་ཨང103པ)སྤེལ་ཏེ། རྒྱལ་ཁབ་ཆ་འཕྲིན་ཅན་ལས་དོན་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་རྒྱལ་ཁབ་ཆ་འཕྲིན་ཅན་ལས་དོན་འགོ་ཁྲིད་ཚོགས་ཆུང་དེ་མི15ཡིས་གྲུབ།      རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝུའུ་པང་གོས་ཚན་གཙོའི་འགན་བཞེས། ཆ་འཕྲིན་ཐོན་ལས་པུའུ་ཡི་པུའུ་ཀྲང་ཝུའུ་ཅི་ཁྲོན་གྱིས་ཚན་གཙོ་གཞོན་པའི་འགན་འཁུར་བ་དང་། དེའི་ཁོངས་མི་གཞན་དག་ནི་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད་བློ་མཐུན་ཚོ་ཡིན། བརྡ་ཐོའི་བླང་བྱ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་ཆ་འཕྲིན་ཅན་ལས་དོན་འགོ་ཁྲིད་ཚན་ཆུང་གིས་དོན་གཅོད་ལས་ཁུངས་བཙུགས་ནས། བྱེ་བྲག་གི་ལས་དོན་དེ་ཆ་འཕྲིན་ཐོན་ལས་པུའུ་ཡིས་འགན་འཁུར་བ་དང་། རྒྱལ་ཁབ་ཆ་འཕྲིན་ཅན་གཞུང་ལས་ཁང་དེ་རྒྱལ་ཁབ་ཆ་འཕྲིན་ཅན་སྐུལ་འདེད་ལས་དོན་གཞུང་ལས་ཁང་དུ་བསྒྱུར།      

6.སྤྱི་ལོ2001ལོའི་ཟླ8པའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཆ་འཕྲིན་ཅན་གྱི་འགོ་ཁྲིད་ཚན་ཆུང་བསྐྱར་འཛུགས་བྱས་ཏེ། རང་རྒྱལ་གྱི་ཆ་འཕྲིན་ཅན་འཛུགས་སྐྱོང་དང་རྒྱལ་ཁབ་ཀྱི་ཆ་འཕྲིན་བདེ་འཇགས་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཀྲུའུ་རུང་ཅིས་ཚན་གཙོའི་འགན་བཞེས། དེའི་ཁོངས་མི་ཧུའུ་ཅིན་ཐའོ་དང་ལི་ལན་ཆིང་། ཏིང་ཀོན་ཀེན། ཝུའུ་པང་གོ་དང་ཙེང་ཕེ་ཡན་བཅས་ཀྱིས་གྲུབ་པའི་རྒྱལ་ཁབ་ཆ་འཕྲིན་ཅན་འགོ་ཁྲིད་ཚན་ཆུང་གིས་ལོ་དེའི་ཟླ12པར་རྒྱལ་ཁབ་ཆ་འཕྲིན་ཅན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་བསྡུས། དེ་དང་ལྷན་དུ། དོན་གཅོད་ལས་ཁུངས་ལོགས་སུ་བཙུགས་པ་སྟེ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཆ་འཕྲིན་ཅན་ལས་དོན་གཞུང་ལས་ཁང་ཡང་དངོས་སུ་བཙུགས་པ་དང་། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། རྒྱལ་ཁབ་ཆ་འཕྲིན་ཅན་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཙེང་ཕེ་ཡན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཆ་འཕྲིན་ཅན་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་གྱི་འགན་གཅིག་ལྕོགས་དུ་བཞེས། རྒྱལ་ཁབ་ཆ་འཕྲིན་ཅན་འགོ་ཁྲིད་ཚན་ཆུང་གིས་རྒྱལ་ཁབ་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ཕྱོགས་ཀྱི་འཐབ་ཇུས་དང་སྤྱི་ཁོག་འཆར་འགོད། འབྲེལ་ཡོད་སྒྲིག་སྲོལ་དང་འཆར་ཟིན། གལ་ཆེའི་ཐབས་ཇུས་བཅས་ལ་གྲོས་ཞིབ་བྱེད་པའི་འགན་འཁུར་བ་དང་། ཆ་འཕྲིན་ཅན་དང་ཆ་འཕྲིན་བདེ་འཇགས་ཀྱི་ལས་དོན་ཕྱོགས་བསྡུས་མཐུན་སྦྱོར་བྱས།      

7.སྤྱི་ལོ2008ལོའི་ཟླ3པར། རྒྱལ་ཁབ་ཀྱི་ལམ་ལུགས་ཕལ་ཆེ་བ་བཅོས་བསྒྱུར་བྱེད་འགོ་བརྩམས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཆ་འཕྲིན་ཅན་ལས་དོན་གཞུང་ལས་ཁང་སོར་འཇོག་མི་བྱ་རྒྱུའི་གཏན་འབེབས་གནང་བ་དང་། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཀོད་སྒྲིག་སྐོར་གྱི་བརྡ་ཐོ》(རྒྱལ་གཞུང་སྤེལ[2008]ཡིག་ཨང11པ)གཞིར་བཟུང་སྟེ། དེ་སྔའི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་བཟོ་ལས་ལས་རིགས་དོ་དམ་གྱི་འབྲེལ་ཡོད་འགན་འཁྲི་དང་། རྒྱལ་སྲུང་ཚན་རིག་ལག་རྩལ་བཟོ་ལས་ཨུ་ཡོན་ལྷན་ཁང་གི་ཉིང་རྡུལ་གློག་ཤུགས་དོ་དམ་ཕུད་པའི་འགན་འཁྲི། དེ་བཞིན་ཆ་འཕྲིན་ཐོན་ལས་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཆ་འཕྲིན་ཅན་ལས་དོན་གཞུང་ལས་ཁང་གི་འགན་འཁྲི་བཅས་གཅིག་གྱུར་སྒོས“བཟོ་ལས་དང་ཆ་འཕྲིན་ཅན་པུའུ”ཡི་ནང་བཅུག་ནས། རྒྱལ་ཁབ་ཆ་འཕྲིན་ཅན་འགོ་ཁྲིད་ཚན་ཆུང་གི་ཞིབ་ཕྲའི་ལས་དོན་དེ་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་འགན་འཁུར། 

4 ཞིབ་ཕྲའི་བྱ་བའི་ལས་ཁུངས།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་ལས་རིགས་འཆར་འགོད་དང་ཐོན་ལས་སྲིད་ཇུས། ཚད་གཞི་བཅས་བཟོ་འགོད་དང་ལག་བསྟར་བྱེད་དགོས་ཤིང་། བཟོ་ལས་ལས་རིགས་ཀྱི་རྒྱུན་གཏན་འཁོར་སྐྱོད་ལ་ལྟ་ཞིབ་ཚད་ལེན་བྱེད་པར་མ་ཟད། ལག་རྩལ་སྒྲིག་ཆས་གལ་ཆེན་འཕེལ་རྒྱས་གཏོང་བ་དང་རང་རྐྱ་ཐུབ་པའི་སྒོ་ནས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས། གཞན་ད་དུང་འཕྲིན་སྐྱེལ་ལས་རིགས་ལ་དོ་དམ་བྱེད་པ་དང་། ཆ་འཕྲིན་ཅན་འཛུགས་སྐྱོང་ལ་མཛུབ་ཁྲིད་དང་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་ཆ་འཕྲིན་བདེ་འཇགས་ལ་མཐུན་སྦྱོར་སྲུང་སྐྱོང་བྱེད་པ་སོགས་ཀྱི་འོས་འགན་མང་པོ་ཚུད་ཡོད་ཅིང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་གཙོ་བོ་རྒྱལ་ཁབ་ཆ་འཕྲིན་ཅན་འགོ་ཁྲིད་ཚན་ཆུང་གིས་མངག་བཀོད་གནང་བའི་རྒྱུན་གཏན་གྱི་ཞིབ་ཕྲའི་བྱ་བ་སྒྲུབ་བའི་འགན་འཁུར་ཡོད་དེ། དཔེར་ན། ཆ་འཕྲིན་བདེ་འཇགས་མཐུན་སྦྱོར་བྱེད་པ་དང་སྐུད་མེད་གློག་གི་དོ་དམ་སོགས་ལས་དོན་མང་པོ་མཆིས།

ལས་རིགས་དོ་དམ་སྡེ་ཁག་ཡིན་པའི་ངོས་ནས་གཙོ་བོ་འཆར་འགོད་དང་སྲིད་ཇུས། ཚད་གཞི་བཅས་ལ་དོ་དམ་བྱས་ཏེ་ལས་རིགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འཐབ་ཇུས་ལ་མཛུབ་ཁྲིད་བྱེད་ཀྱིན་ཡོད་ནའང་། ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་བྱེད་སྒོར་དུས་ནམ་ཡང་ཐེ་ཇུས་མི་བྱེད་ཅིང་། ཀྲུང་གོའི་སློབ་ཆེན་གཙོ་བོ་ཁག་གི་ནང་དུ་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ཐད་གཏོགས་མཐོ་རིམ་སློབ་གྲྭ་བདུན་བཙུགས་ཡོད་པ་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་ལྷན་དུ་མཐོ་རིམ་སློབ་གྲྭ་ལྔ་འཛུགས་སྐྲུན་བྱས་ཡོད། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-02

གསར་སྤེལ་མཁན། :གདོང་བསོད་ནམས

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།