རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་།
རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་མཐུན་ལས་ཁུངས་ཀྱི་ཞིབ་ཕྲའི་ལས་དོན་ལྟར་རྒྱལ་ཁབ་ཀྱི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང(འཕྲོད་བསྟེན་པུའུ་སྤྱི་ལོ2013ལོའི་ཟླ3པ་དང་རྒྱལ་ཁབ་འཆར་ལྡན་བུ་བཙའི་ཁང་དང་ཟླ་སྒྲིལ་བཏང་ཡོད)སོགས་ཀྱི་བྱ་བ་བསྒྲུབ་པར་འགན་ཁུར་ཡོད་ཅིང་། དེ་མིན་ད་དུང་རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་དུ་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་གི་ནད་རིགས་སྔོན་འགོག་ཚོད་འཛིན་ཅུའུ་བཙུགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
全国爱国卫生运动委员会
སྒྲིག་ལུགས།
རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་སོགས་ཀྱི་འགན་ཁུར་ཡོད།
རིམ་པ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་དོན་ལས་ཁུངས།
འགན་ནུས་སྡེ་ཁག
རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་།
1 ​རྩ་འཛུགས།

རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་དོན་ལྟར་བཙུགས་པའི་ལས་ཁུངས་ཤིག་ཡིན་པ་མ་ཟད། རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་དོན་གཅོད་ལས་ཁུངས་ཤིག་ཀྱང་ཡིན། རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་དེ་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་འགོད་ཨུ་ཡོན་ལྷན་ཁང་གི་ནད་རིགས་སྔོན་འགོག་ཚོད་འཛིན་ཅུའུ་རུ་བཙུགས་ཡོད་ཅིང་། ཁོངས་མིའི་ནང་རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་དང་སྡོད་ཁང་སོ་སོ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་། ཞིང་ལས་པུའུ། ཁོར་ཡུག་སྲུང་སྐྱོང་པུའུ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་སོགས་ཚན་པ32ཚུད་ཡོད།

2 བཙུགས་དུས།

སྤྱི་ལོ1952ལོའི་ཟླ3པར། ཀྲུང་དབྱང་རིམས་འགོག་ཨུ་ཡོན་ལྷན་ཁང་བཙུགས།

སྤྱི་ལོ1957ལོའི་ཟླ9བར། རྒྱལ་ཡོངས་སུ“གནོད་པ་བཞི་སེལ་བ་དང་འཕྲོད་བསྟེན་ལ་དང་དོད་བྱེད་པ། ནད་རིགས་རྩ་མེད་བཟོ་བ། སེམས་ཤུགས་སྐྱེད་པ། གོམས་སྲོལ་བསྒྱུར་བ། རྒྱལ་ཁབ་བསྒྱུར་བཀོད་བྱེད་པ”ཞེས་པའི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་ཞིང་། ཀྲུང་དབྱང་རིམས་འགོག་ཨུ་ཡོན་ལྷན་ཁང་དེ་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ཡོན་ལྷན་ཁང་དུ་བསྒྱུར། ཟིང་འཁྲུག་གི་སྐབས་སུ་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ལ་བར་ཆད་བྱུང་མྱོང་།

སྤྱི་ལོ1978ལོའི་ཟླ4པར་ཡང་བསྐྱར་ཀྲུང་དབྱང་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ཡོན་ལྷན་ཁང་བཙུགས།

སྤྱི་ལོ1998ལོའི་ཟླ3པར་རྒྱལ་ཁབ་འཕྲོད་བསྟེན་པུའུ་ནད་རིགས་སྔོན་འགོག་ཚོད་འཛིན་ཅུའུ་དབུ་བརྙེས། (རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང)

སྤྱི་ལོ2013ལོའི་ཟླ3པར་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུའུ་དབུ་བརྙེས། (རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང)

3 འགོ་ཁྲིད་མི་སྣ།
ཀྲུའུ་རེན། སོན་ཁྲོན་ལན། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ།

ཀྲུའུ་རེན་གཞོན་པ།

མཱ་ཞའོ་ཝུའེ། འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན།

ལི་ཀན་ཅེ། སྣོད་བཅུད་ཁོར་ཡུག་པུའུ་ཡི་པུའུ་ཀྲང་།

ཝང་མེང་ཧུའེ། སྡོད་ཁང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་པུའུ་ཀྲང་།

ཧན་ཁྲང་ཧྥུ། ཞིང་ལས་དང་གྲོང་གསེབ་པུའུ་ཡི་འགོ་འཛིན།

ཏིང་ཞང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ།

ལེའུ་ཡན་ཧྲོན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ།

ལན་ཝེ་ལིའ། གོང་སྤེལ་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ།

ལེའུ་ཆེན་ཅེ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ།

   ཨུ་ཡོན། 

ཁྲེན་ཧྲི་པིའོ། ཀྲུའུ་རེན་གཞོན་པ།

ཐེན་ཞུའེ་ཅུན། སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པ།

སུན་པིན་པིན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་གཞོན་པ།

ཀུའུ་ཁྲའོ་ཞི། དམངས་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ།

ཡུས་ཝེ་ཕིན། ནོར་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ།

ཡོའུ་གོའུ། མི་ཤུགས་ཐོན་ཁུངས་ཅུའུ་ཡི་པུའུ་ཀྲང་གཞོན་པ།

ལིའུ་ཞའོ་མིང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་པུའུ་ཀྲང་གཞོན་པ།

ཝེ་ཧྲན་ཀྲུང་། པུའུ་ཀྲང་གཞོན་པ།

ཝང་ཕེའུ་ནན། ཚོང་དོན་པུའུ་ཡི་པུའུ་ཀྲང་གཞོན་པ།

ལི་ཧྲི་ཧུང་། རིག་གནས་དང་ཡུལ་སྐོར་པུའུ་ཡི་ཏང་ཙུའུ་ཡི་ཁོངས་མི།

ཙེང་དབྱི་ཤིན། འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ།

སུན་མེ་ཅུན། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ།

ཧྥན་ཝེ་ཕིང་། སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ།

ཀའོ་ཀྲི་ཏན། ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ།

ཁྲེན་ཅིན་ཕུའུ། སྨན་བཅོས་འགན་བཅོལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ།

ཁྲེན་ཅན་མིང་། རྒྱལ་ཁབ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ།

ཡན་ཝུན་པིན། ཤིན་ཧྭ་གསར་འགྱུར་ཁང་།

ཡུས་ཁྲུན་ཞའོ། ཅུའུ་ཀྲང་གཞོན་པ།

ལི་ཅན། དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡི་འགོ་འཛིན་གཞོན་པ།

ཡན་ཧྲུའུ་ཅང་། ཀྲུང་ལུགས་གསོ་རིག་སྨན་རྫས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ།

ཁྲེན་ཧྲེ་ཧྥེ། སྨན་རྫས་ལྟ་སྐུལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ།

ཆའོ་ཡུང་ཆིང་། མི་དམངས་ཉིན་རེའི་ཚགས་པར་ཁང་གི་དྲུང་ཡིན་ཆེན་མོ།   

ཡེའུ་ཏི་མེན། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།

ལི་ཁོ་ཡུང་། གུང་གཞོན་ཚོགས་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི།

ཏེང་ལི་ཀོན། ཀྲུའུ་ཞི་གཞོན་པ།

ལུའུ་ཡན། པེ་ཅིན་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ།

ཀུའོ་ཀྲུའུ་ཞུའེ། ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་སྤྱི་ཁྱབ་གཞོན་པ།

རྒྱུན་ལྡན་ལས་བྱེད་དང་ཀྲུའུ་རེན།
ཙེང་དབྱི་ཤིན། འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-21

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།