དཀུ་ཟླུམ་པའི་དཔེ་བྱད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སངས་རྒྱས་ཀྱི་དཔེ་བྱད་བཟང་པོ་བརྒྱད་ཅུའི་ནང་གསེས་ཤིག
1 ལོ་ཙཱ།

རྒྱ་ཡིག腰腹圆

2 རྒྱས་འགྲེལ།

1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།སངས་རྒྱས་ཀྱི་དཔེ་བྱད་བཟང་པོ་བརྒྱད་ཅུའི་ནང་གསེས་ཤིག་སྟེ། སློབ་མ་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་གྱུར་པ་ཉིད་ཀྱིས་དཀུ་ཟླུམ་པ་སྟེ། དཔྱིའི་སྟ་ཟུར་གྱིས་མཚོན་པའི་སྐེད་པ་ཟླུམ་པ། 腰腹圆。如来弟子戒行圆净,感得腰腹圆满之好。佛身八十种随好之一

2.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་སློབ་མ་མངའ་བས་དེ་མཚོན་ཅིང་གསལ་བར་བྱེད་པའི་རྟགས་ལོངས་སྤྱོད་རྫོགས་པའི་སྐུའི་དཀུ་ཟླུམ་པ་ཉིད་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་དཔེ་བྱད་བཟང་པོའོ་ཞེས་གཡག་སྟོན་གྱི་རྒྱན་འགྲེལ་བློ་གསལ་མགུལ་རྒྱན་ལས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-25

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།