ཀྲུང་དབྱང་གསང་སྲུང་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་དབྱང་གསང་སྲུང་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་།
ཀྲུང་དབྱང་གསང་སྲུང་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་། (བསྡུས་མིང་ལ་ཀྲུང་དབྱང་གསང་སྲུང་གཞུང་དོན་ཁང)ཟེར་ཞིང་། རྒྱལ་ཁབ་གསང་སྲུང་ཅུའུ་ཡིས་སྒྲིག་གཞི་ལྡན་པའི་ངང་སྒོ་བྱང་བཀལ་ནས་ཀྲུང་གུང་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་ཁོངས་གཏོགས་སྒྲིག་གཞིར་བཅུག་སྟེ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔྱད་ཡིག་གི་གསང་བའི་རིམ་པ་ཞིབ་བཤེར་གཏན་འབེབས་དང་། སྒྲིག་སྲོལ་ལམ་ལུགས་འཛུགས་པར་དོན་འཁྱོལ་ཡོང་བ་དང་། ལྟ་སྐུལ། གྱོད་གཞི་ཞིབ་བཤེར་ཐག་གཅོད། སྲིད་འཛིན་ཐག་གཅོད་སོགས་ཀྱི་བྱ་བ་བསྒྲུབ་དགོས། དྲ་སྦྲེལ་ཆ་འཕྲིན་ཅན་གྱི་གཞུང་དོན་སྒྲུབ་པའི་དུས་རབས་སུ་སླེབས་པ་ནས་བཟུང་། དོ་དམ་ཁྱབ་ཁོངས་ནང་གི་ཏང་སྲིད་ལས་ཁུངས་ཀྱི་ཁེ་ལས་དང་བྱ་གཞག་ཚན་པའི་ཆ་འཕྲིན་བདེ་འཇགས་དང་། ལག་རྩལ་གྱི་གསང་བ་ལྐོག་ཤོར་ལ་སྔོན་འགོག་དང་གསང་སྲུང་བྱ་ཐབས་དམ་སྲུང་། སྒྲིག་ཆས་ལ་ཞིབ་བཤེར་བཅས་བྱ་རྒྱུ་དེ་ནི་རིམ་པ་ཁག་གི་གསང་སྲུང་ཅུའུ་ཡི་རྒྱུན་ལྡན་གྱི་ལས་དོན་ཞིག་ཏུ་གྱུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中央保密委员会办公室
ད་ལྟའི་ཀྲུའུ་རེན།
མེང་ཞང་ཧྥེང་།
ངོ་བོ།
ཀྲུང་གུང་ཀྲུང་དབྱང་གི་ཐད་གཏོགས་ལས་ཁུངས་ཀྱི་ཁོངས་གཏོགས་ལས་ཁུངས།
འགན་ནུས།
《གསང་སྲུང་བཅའ་ཁྲིམས》ལ་ལྟ་སྐུལ་དང་ཞིབ་བཤེར།
1 དབང་ཆ།

རྒྱལ་ཁབ་གསང་སྲུང་ཅུའུ་ནི་ཞིབ་བཤེར་གྱི་འགན་འཁུར་མཁན་ཞིག་དང་སྲིད་གཞུང་ལས་ཁུངས་ཁག་ལ《གསང་སྲུང་བཅའ་ཁྲིམས》ལག་བསྟར་བྱེད་མཁན་གྱི་སྲིད་འཛིན་གཙོ་གཉེར་སྡེ་ཚན་ལ་ལྟ་སྐུལ་བྱེད་མཁན་ཞིག་ཡིན། དེས་སྲིད་གཞུང་ལས་ཁུངས་ཀྱི་ཡིག་ཆ་སྣ་ཚོགས་དང་། སྙན་ཞུ། བསྡོམས་རྩིས་སོགས་གཞི་གྲངས་མང་བའི་རྒྱུ་ཆ་གསལ་བོར་བྱས་ཆོག་པ་དང་། དེ་དང་ཆབས་ཅིག་ད་དུང་གསང་བ་ཡན་གྱི་ཡིག་ཆ་དང་སྡེ་ཚན་ཚང་མར་ལྟ་ཞིབ་ཞིབ་བཤེར་དང་མཛུབ་ཁྲིད་ཀྱི་དབང་ཆ་སྤྱད་དེ《གསང་སྲུང་བཅའ་ཁྲིམས》ཀྱི་བླང་བྱ་ལག་བསྟར་བྱེད་པ།

2 འགན་འཁྲི།

རྒྱལ་ཁབ་གསང་སྲུང་ཅུའུ་ནི་གསང་སྲུང་ཨུ་ཡོན་ལྷན་ཁང་གི་དོན་གཅོད་ལས་ཁུངས་ཡིན་ལ། ཁྲིམས་ལྟར་གསང་སྲུང་ལས་དོན་གཙོ་སྐྱོང་བྱེད་པའི་འགན་ནུས་ལས་ཁུངས་ཡིན།

(གཅིག) གསང་སྲུང་དོ་དམ་གྱི་འགན་ནུས་ཁྲིམས་ལྟར་བསྒྲུབས་ཏེ《གསང་སྲུང་བཅའ་ཁྲིམས》དང་དེའི་གསང་སྲུང་ཁྲིམས་སྲོལ་དང་སྒྲིག་སྲོལ་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་དགོས།

(གཉིས) ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་དང་གྲོང་ཁྱེར་ཏང་ཨུ། ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱི་གསང་སྲུང་ལས་དོན་སྐོར་གྱི་བྱེད་ཕྱོགས་དང་། སྲིད་ཇུས། མཛུབ་སྟོན། བཀའ་རྒྱ། ཆོད་དོན་བཅས་ལག་ལེན་མཐར་ཕྱིན་གནང་རྒྱུ་དང་དོན་འཁྱོལ་བྱེད་ཐབས་ཞིབ་ཕྲ་གཏན་འབེབས་བྱེད་དགོས།

(གསུམ) རྒྱལ་ཁབ་ཀྱི་གསང་སྲུང་བྱ་བའི་འཆར་གཞི་གཏན་འབེབས་དང་ལག་བསྟར་སྒྲིག་འཛུགས་བྱས་ནས་གསང་སྲུང་ལས་དོན་ལེགས་བཅོས་དང་། དེར་ཤུགས་སྣོན་སྒོས་ཁྱོན་ཡོངས་ཀྱི་རང་བཞིན་དང་སྲིད་ཇུས་ཀྱི་རང་བཞིན་ལྡན་པའི་གྲོས་འགོ་འདོན་དགོས།

(བཞི) གསང་སྲུང་ཁྲིམས་སྲོལ་འཆར་འགོད་གཏན་འབེབས་བྱེད་པར་ཆོག་མཆན་ཐོབ་རྗེས་ཁྱབ་བསྒྲགས་བྱེད་དགོས་པ་མ་ཟད། སྡེ་ཚན་ཁག་དང་མཉམ་དུ་གསང་སྲུང་སྒྲིག་སྲོལ་ལམ་ལུགས་བཟོ་བའམ་ཡང་ན་གསལ་བོར་འགྲེལ་བཤད་བྱེད་དགོས།

(ལྔ) ཏང་སྲིད་དམག་མི་དམངས་ཚོགས་དང་ཁེ་ལས་བྱ་གཞག་ཚན་པ་དག་གི་གསང་སྲུང་ལས་དོན་ལ་མཛུབ་ཁྲིད་དང་མཐུན་སྦྱོར་བྱེད་དགོས།

(དྲུག) ལས་ཁུངས་དང་སྡེ་ཚན་ཁག་གིས་རྒྱལ་ཁབ་ཀྱི་གསང་བའི་དོན་གནད་ལ་ཁྲིམས་བཞིན་གསང་བའི་རིམ་པ་གཏན་འཁེལ་དང་། གསང་རིམ་སྒྱུར་བཅོས། གསང་འགྲོལ་བཅས་ཀྱི་སྒོ་ནས་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་དགོས་པ་མ་ཟད། བཅའ་ཁྲིམས་ལྟར་རྒྱལ་ཁབ་ཀྱི་གསང་དོན་དང་འབྲེལ་བ་ཡོད་པའི་གསང་རིམ་གསལ་བོར་འབྱེད་པའི་བྱ་གཞག་བསྒྲུབ་དགོས།

(བདུན) གསང་སྲུང་དྲིལ་བསྒྲགས་སློབ་གསོའི་འཆར་འགོད་དང་ལོ་འཁོར་འཆར་གཞི་བཟོས་ནས་གསང་སྲུང་དྲིལ་བསྒྲགས་ཡིག་རིགས་སྒྲིག་འཛུགས་དང་། རྩོམ་སྒྲིག་ཞིབ་བཤེར་གཏན་འབེབས་བཅས་བྱས་ཏེ། གསང་སྲུང་བྱ་བའི་བརྟག་དཔྱད་ཞིབ་འཇུག་དང་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཞིབ་འཇུག་ལ་མཛུབ་ཁྲིད་བྱེད་པའི་འགན་འཁུར་དགོས།

(བརྒྱད) འབྲེལ་ཡོད་སྡེ་ཚན་ཁག་གིས་ཁྲིམས་ལྟར་འགོ་ཁྲིད་ལས་བྱེད་པ་དང་མི་སྣར་སློབ་གསོ་དང་དོ་དམ་བྱེད་པར་ཁྲིད་སྟོན་དང་སྒྲིག་འཛུགས། གསང་སྲུང་ལས་བྱེད་མི་སྣ་གསོ་སྐྱོང་སྦྱོང་བརྡར་གྱི་འཆར་གཞི་བཟོས་ནས་སློབ་དེབ་རྩོམ་སྒྲིག་དང་གསོ་སྦྱོང་ལས་དོན་ལག་བསྟར་བྱེད་དགོས།

(དགུ) གསང་སྲུང་ཞིབ་བཤེར་སྒྲིག་འཛུགས་དང་། འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་གྱིས་གསང་བ་ཕྱིར་བསྒྲགས་ཀྱི་དོན་རྐྱེན་ལ་ཞིབ་བཤེར་ཐག་གཅོད་བྱེད་པར་ལྟ་སྐུལ་བྱས་ཏེ། གལ་ཆེའི་རིགས་སམ་ཡང་ན་ཚད་ལས་བརྒལ་བའི་གསང་བའི་དོན་རྐྱེན་ཞིབ་བཤེར་ཐག་གཅོད་བྱེད་པའི་ལས་དོན་སྒྲིག་འཛུགས། འབྲེལ་ཡོད་སྡེ་ཁག་གིས་རྒྱལ་ཁབ་ཀྱི་གསང་བ་དམ་པོར་བསྲུང་དགོས།

(བཅུ) གསང་སྲུང་ལག་རྩལ་གོང་སྤེལ་འཆར་འགོད་དང་བྱ་བའི་འཆར་གཞི་བཟོ་བ་དང་འབྲེལ་ལག་བསྟར་སྒྲིག་འཛུགས་བྱ་རྒྱུ་དང་། གསང་སྲུང་ལག་རྩལ་གྱི་གྲོན་དངུལ་ལ་སྙན་ཞུ་དང་དོ་དམ་བྱེད་དགོས། གསང་སྲུང་ལག་རྩལ་ཞིབ་འཇུག་གསར་བཟོ་དང་། གསར་སྤེལ། ཁྱབ་གདལ་ངང་བེད་སྤྱོད་བཏང་སྟེ་སྒྲིག་འཛུགས་ཀྱི་བྱ་བ་ནན་མོ་བསྒྲུབ་དགོས།    

(བཅུ་གཅིག) རྩིས་འཁོར་གྱི་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་དོ་དམ་གྱི་གསང་སྲུང་བྱ་བ་ལ་འགན་ཁུར་ཏེ་རྩིས་འཁོར་གྱི་ཆ་འཕྲིན་མ་ལག་ལ་ཞིབ་བཤེར་ཆོག་མཆན་དང་ལོ་རེའི་ཞིབ་བཤེར་དང་། འཕྲིན་གཏོང་དང་གཞུང་ལས་སོགས་ལ་རང་འགུལ་གྱིས་དམ་བསྲུང་བྱེད་དགོས།

(བཅུ་གཉིས) ཕྱི་ཕྱོགས་དང་དཔལ་འབྱོར་མཉམ་ལས་བྱེད་པའི་རིང་ཕྱི་རྒྱལ་ལ་དཔྱད་ཡིག་འདོན་སྤྲོད་བྱེད་པའི་གསང་སྲུང་བྱ་གཞག་སྒྲིག་འཛུགས་དང་། མཛུབ་ཁྲིད། མཐུན་སྦྱོར་བཅས་བྱས་ཏེ་རྒྱལ་མཚམས་སུ་བཅའ་སྡོད་བྱེད་མཁན་གྱི་སྡེ་ཚན་དང་ཚན་པའི་གསང་སྲུང་དོ་དམ་ལས་དོན་ལ་མཛུབ་ཁྲིད་དང་། ལྟ་སྐུལ། ཞིབ་བཤེར་བཅས་བྱེད་དགོས།    

(བཅུ་གསུམ) གསང་བའི་ཁྲོད་དུ་རྒྱལ་ཁབ་ཀྱི་གསང་བ་ལྡན་པའི་རྒྱལ་ཁོངས་ཕྱིར་བསྐྱོད་པར་ཞིབ་མཆན་འགོད་པ་དང་། 《རྒྱལ་ཁབ་ཀྱི་གསང་བའི་རྒྱལ་ཁོངས་ཕྱིར་བསྐྱོད་ཆོག་མཆན་ལག་ཁྱེར》སྤྲོད་པའི་བྱ་བའི་ལས་འགན་བསྒྲུབ་དགོས།

(བཅུ་བཞི) གྲོང་ཁྱེར་ཡོངས་ཀྱིས་རྒྱལ་ཁབ་ཀྱི་གསང་བའི་དོ་དམ་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་བྱས་ཏེ་རྒྱལ་ཁབ་ཀྱི་གསང་བ་ཞིབ་མཆན་འགོད་པར་འགན་འཁུར་བ་དང་། 《རྒྱལ་ཁབ་ཀྱི་གསང་བ་དངོས་འགོད་པའི་མཆོག་ཆན་ལག་ཁྱེར》ཞིབ་བཤེར་དང་། གྲུབ་འབྲས་གསང་སྲུང་དོ་དམ་བྱེད་པར་སློབ་སྟོན་བྱེད་དགོས།

(བཅོ་ལྔ) སློབ་གསོའི་སྡེ་ཁག་དང་མཉམ་དུ་སློབ་གསོའི་རྒྱུགས་ལེན་གྱི་གསང་སྲུང་བྱ་བར་འགན་འཁུར་དགོས།

(བཅུ་དྲུག) སྡེ་ཚན་ཁག་གི་སྲུང་སྐྱོབ་བྱ་བའི་གསང་བ་དང་ཚོང་ལས་གསང་བར་མཛུབ་ཁྲིད་བྱེད་དགོས།

(བཅུ་བདུན) གོང་རིམ་གྱིས་མངག་བཀོད་ལྟར་བྱ་བ་གཞན་དག་བསྒྲུབ་དགོས།

3 ཀྲུའུ་རེན་རིམ་བྱོན།
  རིམ་ཕྲེང་།     རུས་མིང་། 

འགན་འཁུར་ཡུན་ཚད།


ལས་ཐོག་དང་པོ།


ཧྲེན་ཧུང་ཡིན།


སྤྱི་ལོ1988ལོའི་ཟླ12ནས་སྤྱི་ལོ1995ལོའི་ཟླ9པའི་བར།

ལས་ཐོག་གཉིས་པ།

   ཏའེ་སྲིན་ལུང་།

སྤྱི་ལོ1995ལོའི་ཟླ9པ་ནས་སྤྱི་ལོ1998ལོའི་ཟླ4པའི་བར།


ལས་ཐོག་གསུམ་པ།

མའོ་ལིན་ཁུན།

སྤྱི་ལོ1998ལོའི་ཟླ4པ་ནས་སྤྱི་ལོ2003ལོའི་ཟླ9པའི་བར། 

ལས་ཐོག་བཞི་བ།

   ཏོའུ་ཅུའུ།

སྤྱི་ལོ2003ལོའི་ཟླ9པ་ནས་སྤྱི་ལོ2005ལོའི་ཟླ6པའི་བར།

ལས་ཐོག་ལྔ་བ།

   ཞ་ཡུང་། 

སྤྱི་ལོ2005ལོའི་ཟླ6པ་ནས་སྤྱི་ལོ2013ལོའི་ཟླ3པའི་བར།


ལས་ཐོག་དྲུག་པ།

མེང་ཞང་ཧྥེང་།

སྤྱི་ལོ2013ལོའི་ཟླ3པ་ནས2པའི་བར།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-21

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།