ཀྲུང་དབྱང་ཆབ་སྲིད་ཅུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་དབྱང་ཆབ་སྲིད་ཅུའུ།
ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བསྡུས་མིང་ལ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡང་ན་ཀྲུང་དབྱང་ཆབ་སྲིད་ཅུས་ཟེར་ཞིང་། ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་ཀྱི་གྲས་ཤིག་ཡིན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐོག་བདམས་ཐོན་བྱ་རྒྱུ་དང་། ཏང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་སྐབས་རེའི་འགན་འཛིན་ཡུན་ཚད་ལོ་ལྔ་རེ་ཡིན། གལ་ཏེ་དུས་བཀག་གི་སྔོན་ནམ་དུས་འགྱངས་ཀྱིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་འཚོགས་དུས་དེའི་འགན་འཛིན་ཡུན་ཚད་བབ་མཚུངས་ཀྱིས་བསྒྱུར་དགོས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་འགོ་ཁྲིད་ལས་ཀ་དེ་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་ལ་ནན་པོར་གཞིགས་ཏེ་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལྟར་བསྒྲུབ་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国共产党中央政治局
རྩ་འཛུགས་རྩ་དོན།
དམངས་གཙོ་གཅིག་སྡུད་ལམ་ལུགས།
1 ​སྒྲིག་གཞི་ངོ་སྤྲོད།

སྤྱི་ལོ1927ལོའི་ཟླ4བའི་ཚེས27ཉིན་ནས་ཟླ5བའི་ཚེས9ཉིན་བར་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ལྔ་པ་ཝུའུ་ཧན་དུ་འཚོགས་པ་རེད། ཚོགས་ཆེན་ལ་དངོས་སུ་ཞུགས་མཁན་འཐུས་མི82ཡོད་པ་དེས་རྒྱལ་ཡོངས་ཀྱི་ཏང་ཡོན57967གྱི་ཚབ་བྱས་ཡོད། གུང་ཁྲན་རྒྱལ་སྤྱིའི་སྐུ་ཚབ་ལུའོ་དབྱི་དང་། ཏུའོ་ལི་ཨའོ། ཝེ་ཅིན་སི་ཅི། པའོ་རོ་ཐིན་སོགས་གྲོས་ཚོགས་སུ་ཞུགས། ཁྲེན་ཏུའུ་ཞིའུ་ཡིས《ཆབ་སྲིད་དང་རྩ་འཛུགས་ཀྱི་སྙན་ཞུ》ཞེས་པ་གནང་། ཚོགས་ཆེན་ཐོག་ཁྲེན་ཏུའུ་ཞིའུ་ཡི་གཡས་ལྷུང་སྐབས་འཚོལ་རིང་ལུགས་ཀྱི་ནོར་འཁྲུལ་ལ་སྐྱོན་བརྗོད་བྱས་ཤིང་། 《ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ལྔ་པའི་བསྒྲགས་གཏམ》དང《ཏང་གི་ལས་འགན་གྲོས་ཐག་གཅོད་པའི་གྲོས་གཞི》སོགས་ཡིག་ཆར་གྲོས་འཆམ་བྱུང་། ཚོགས་ཆེན་ཐོག་ཚོགས་འདུ་གྲོལ་རྗེས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་བཟོ་བཅོས་ཐེངས་གསུམ་པའི་གྲོས་ཆོད》བཟོས་ནས་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་བྱ་རྒྱུ་དང་། ཀྲུང་དབྱང་ལག་བསྟར་ཨུ་ཡོན་ལྷན་ཁང་དེ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དུ་བསྒྱུར་རྒྱུ། ཀྲུང་དབྱང་ཆབ་སྲིད་ཅུས་དང་ཀྲུང་དབྱང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་སོགས་གཏན་འབེབས་ཁ་གསལ་བྱས་པ་རེད།

ཏང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐོག་འདེམས་བསྐོ་བྱེད་དགོས།

ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་གྲོལ་རྗེས་ཀྱི་རིང་ལ་ཀྲུང་དབྱང་ཆབ་སྲིད་ཅུའུ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་འགན་དབང་སྤྱོད་དགོས།

ཀྲུང་དབྱང་ཆབ་སྲིད་ཅུའུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཁོངས་མི་ཚང་མས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་སོགས་རྒྱལ་ཁབ་ཀྱི་སྒྲིག་གཞི་དང་ཀྲུང་གུང་ཀྲུང་དབྱང་གི་སྡེ་ཚན་ཁག་དང་དེ་བཞིན་ས་གནས་ཁག་ཏུ་གོ་གནས་གཙོ་བོ་ཁུར་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། ཆབ་སྲིད་ལམ་ལུགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-06-02

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།