ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ནི། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཆོག་མཆན་བཀོད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་ཇུས་གཞིར་གཞིགས་ནས་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་བཙུགས་ཤིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་བདེ་པུའུ་ཡིས་དོ་དམ་བྱ་རྒྱུར་གཏན་འཁེལ་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国国家移民管理局
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ2018ལོའི་ཟླ3པར་ཀྲུང་གོའི་ཕྱོགས་བསྡུས་རྒྱལ་སྟོབས་སྔར་བས་གོང་འཕེལ་དུ་ཕྱིན་པ་དང་བསྟུན་ནས། ཀྲུང་གོར་ལས་ཀ་དང་འཚོ་བ་སྐྱེལ་མཁན་ཕྱི་རྒྱལ་བ་རྒྱུན་ཆད་མེད་པར་ཇེ་མང་དུ་ཕྱིན་པས། གནས་སྤོས་ཡུལ་མིའི་དོ་དམ་ཞབས་ཞུ་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་གསར་བ་བཏོན་ཡོད། གནས་སྤོས་ཡུལ་མི་དང་དེ་བཞིན་རྒྱལ་མཚམས་ཀྱི་འགྲོ་འོང་དོ་དམ་ལ་སྤྱི་འདོམས་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། གནས་སྤོས་ཡུལ་མིའི་དོ་དམ་བྱ་བའི་མཉམ་ཤུགས་སྔར་བས་ལེགས་པོ་ཡོང་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞིའི་ནང་གཏན་འབེབས་བྱས་པ་ལྟར། སྤྱི་བདེ་པུའུ་ཡིས་རྒྱལ་མཚམས་ཀྱི་འགྲོ་འོང་དོ་དམ་དང་མཐའ་སྲུང་ཞིབ་བཤེར་གྱི་འགན་འཁྲི་སྡེབ་སྒྲིག་བྱས་ནས། མཐོང་མཆན་དོ་དམ་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་བཙུགས་ནས་སྤྱི་བདེ་པུའུ་ཡིས་དོ་དམ་བྱེད་དགོས་པར་གཏན་འབེབས་བྱས།  སྤྱི་ལོ2018ལོའི་ཟླ3པའི་ཚེས13ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞིའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་དངོས་སུ་བཙུགས།  

སྤྱི་ལོ2019ལོའི་ཟླ1པོར་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་ཐད་གཏོགས་གནས་སྤོས་ཡུལ་མིའི་ལས་དོན་ཞབས་ཞུ་ལྟེ་གནས་འཛུགས་མགོ་བརྩམས་ཤིང་། སྤྱི་ལོ2019ལོའི་ལོ་སྟོད་དུ་འཁོར་སྐྱོད་བྱེད་དགོས་པའི་འཆར་གཞི་བཏོན།

2 ལས་འགན་གཙོ་བོ།

གནས་སྤོས་ཡུལ་མིའི་སྲིད་ཇུས་མཐུན་སྦྱོར་དང་གཏན་འབེབས་བྱས་ནས་རྩ་འཛུགས་ལག་བསྟར་བྱེད་དགོས་པ་དང་། རྒྱལ་མཚམས་ཀྱི་འགྲོ་འོང་གི་དོ་དམ་དང་། འགག་སྒོའི་དཔང་ཡིག་དཔྱད་བཤེར། མཐའ་མཚམས་ཀྱི་མི་སེར་འགྲོ་འོང་གི་དོ་དམ་བཅས་ཀྱི་འགན་འཁུར་དགོས། ཕྱི་རྒྱལ་བ་གནས་སྐབས་སུ་གནས་སྡོད་བྱེད་པ་དང་དུས་ཡུན་ཐུང་ངུར་གནས་སྡོད་བྱེད་པ། དུས་ཡུན་རིང་པོར་གནས་སྡོད་བྱེད་པའི་དོ་དམ་དང་། ཡུལ་གྱར་བ་དོ་དམ། རྒྱལ་ཁོངས་དོ་དམ་བཅས་ཀྱི་འགན་འཁུར་དགོས། “མིན་པ་གསུམ”མཐུན་སྦྱོར་གྱི་སྣེ་ཁྲིད་ནས་ཕྱི་རྒྱལ་བ་བཅོས་སྐྱོང་དང་ཁྲིམས་འགལ་གནས་སྤོས་ཡུལ་མི་ཕྱིར་སྐྲོད་བྱ་དགོས། ཀྲུང་གོའི་སྤྱི་དམངས་མི་སྒེར་གྱི་རྐྱེན་པས་ཕྱི་རྒྱལ(མཐའ་མཚམས)ལ་འགྲོ་འོང་བྱེད་པའི་ཞབས་ཞུ་དང་དོ་དམ་བྱེད་པའི་འགན་འཁུར་དགོས། གནས་སྤོས་ཡུལ་མིའི་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་སོགས་ལ་འགན་འཁུར་དགོས།

3 ད་ལྟའི་འགོ་ཁྲིད།

ཞུས་ཀན་ལུའུ། སྤྱི་བདེ་པུའུ་ཏང་ཨུ་ཨུ་ཡོན། པུའུ་ཀྲང་གཞོན་པ། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་།  

ཆུས་ཡུན་ཧའེ། ཅུས་ཀྲང་གཞོན་པ།

ལི་ཡུས་ལུའུ། ཅུས་ཀྲང་གཞོན་པ།

ཀྲའོ་ཁྲང་ཧྭ། ཅུས་ཀྲང་གཞོན་པ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-27

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།