ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་འབྲུ་རིགས་དང་དངོས་རྫས་གསོག་འཇོག་ཅུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་འབྲུ་རིགས་དང་དངོས་རྫས་གསོག་འཇོག་ཅུས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་འབྲུ་རིགས་དང་དངོས་རྫས་གསོག་འཇོག་ཅུས་ནི་རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་དོ་དམ་བྱེད་པའི་རྒྱལ་ཁབ་ཅུས་དང་། པུའུ་རིམ་པ་གཞོན་པའི་ལས་ཁུངས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国国家粮食和物资储备局
རིམ་པ།
པུའུ་རིམ་གཞོན་པ།
1 ལོ་རྒྱུས་ཀྱི་འཕེལ་རིམ།

རྒྱལ་ཁབ་ཀྱི་གསོག་འཇོག་གི་གཅིག་གྱུར་འཆར་འགོད་བྱེད་པའི་ནུས་ཤུགས་ཆེ་རུ་གཏོང་བ་དང་། གཅིག་གྱུར་ཡིན་པའི་རྒྱལ་ཁབ་ཀྱི་དངོས་ཟོག་གསོག་འཇོག་གི་མ་ལག་འཛུགས་པ། ཀྲུང་དབྱང་གིས་འབྲུ་རིགས་དང་སྲིང་བལ་གསོག་འཇོག་ལ་ལྟ་སྐུལ་དོ་དམ་བྱེད་པའི་ནུས་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་གསོག་འཇོག་གིས་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་པའི་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་ཆེད་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྒྲིག་གཞི་བསྒྱུར་བཅོས་ཀྱི་ཇུས་གཞིའི་ཁྲོད་དུ་རྒྱལ་ཁབ་འབྲུ་རིགས་ཅུས་ཀྱི་ལས་འགན་དང་། རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་འཐབ་ཇུས་དངོས་ཟོག་གསོག་ཉར་རྩ་འཛུགས་ལག་བསྟར་དུ་འདེབས་པ་དང་། བརྗེ་རེས་དང་དོ་དམ་བཅས་བྱ་རྒྱུ། རྒྱལ་ཁབ་ཀྱི་འབྲུ་རིགས་དང་། སྲིང་བལ། མངར་ཆ་གསོག་འཇོག་སོགས་ཀྱི་འགན་འཁྲིའི་དོ་དམ་དང་། ད་དུང་དམངས་སྲིད་པུའུ་དང་། ཚོང་དོན་པུའུ། རྒྱལ་ཁབ་ནུས་ཁུངས་ཅུས་སོགས་སྡེ་ཁག་གི་འཐབ་ཇུས་རྩ་འཛུགས་ལག་བསྟར་དང་འཕྲལ་མཁོའི་དངོས་ཟོག་གསོག་ཉར།  ནམ་རྒྱུན་གྱི་ལས་འགན་སྡེབ་སྒྲིག་གི་དོ་དམ་དང་བརྗེ་རེས། རྒྱལ་ཁབ་ཀྱི་འབྲུ་རིགས་དང་དངོས་རྫས་གསོག་འཇོག་ཅུས་བཙུགས་ནས་རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་དོ་དམ་བྱ་རྒྱུ་བྱས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་འབྲུ་རིགས་ཅུས་སོར་འཇོག་མི་བྱེད་པར་ཐག་བཅད།

སྤྱི་ལོ2018ལོའི་ཟླ3པར་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞིའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུས་བཙུགས།

2 ལས་འགན་གཙོ་བོ།

རྒྱལ་ཁབ་ཀྱི་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུས་ཀྱིས་ཏང་ཀྲུང་དབྱང་གི་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ལས་དོན་སྐོར་གྱི་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་འཁྱོལ་བྱས་ཏེ། ལས་འགན་ལག་བསྟར་བྱེད་པའི་གོ་རིམ་ཁྲོད་ཏང་གི་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་བྱ་བའི་ཕྱོགས་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་དགོས། 

(གཅིག) རྒྱལ་ཡོངས་ཀྱི་འབྲུ་རིགས་འཁོར་རྒྱུག་དང་དངོས་ཟོག་གསོག་འཇོག་དོ་དམ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འཆར་གཞི། སྡེ་ཁག་གི་སྒྲིག་སྲོལ་འཛུགས་པ། འབྲུ་རིགས་འཁོར་རྒྱུག་དང་དངོས་ཟོག་གསོག་འཇོག་ལམ་ལུགས་བཅོས་སྒྱུར་གྱི་འཆར་འགོད་ཞིབ་འཇུག་བྱས་ནས་བཏོན་ཏེ་རྩ་འཛུགས་ལག་བསྟར་དུ་འདེབས་དགོས།

(གཉིས) རྒྱལ་ཁབ་ཀྱི་དངོས་ཟོག་གསོག་འཇོག་འཆར་འགོད་ཀྱི་འཐབ་ཇུས་དང་། རྒྱལ་ཁབ་ཀྱི་གསོག་འཇོག་རྣམ་གྲངས་ཀྱི་དཀར་ཆག་གི་གྲོས་འགོ་ཞིབ་འཇུག་བྱས་ནས་འདོན་རྒྱུ། རྒྱལ་ཁབ་ཀྱི་གསོག་འཇོག་སྤྱིའི་འཕེལ་རྒྱས་ཀྱི་འཆར་འགོད་དང་དཀར་ཆག་གི་རྣམ་གྲངས་གཞིར་བཟུང་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཉེར་མཁོའི་དངོས་ཟོག་བསྡུ་ཉར་རྩ་འཛུགས་ལག་བསྟར་དུ་འདེབས་དགོས་པ་དང་། ཉིན་རྒྱུན་གྱི་དོ་དམ་དང་བརྗེ་རེས། འབྲེལ་ཡོད་ཀྱི་འཆར་གཞི་དང་བཀའ་བཀོད་དངོས་སུ་ལག་བསྟར་དུ་འདེབས་དགོས།

(གསུམ) རྒྱལ་ཁབ་ཀྱི་འབྲུ་རིགས་དང་། སྲིང་བལ། མངར་ཆའི་གསོག་འཇོག ཀྲུང་དབྱང་གིས་གསོག་འཇོག་བྱས་པའི་འབྲུ་རིགས་དང་སྲིང་བལ་གྱི་དོ་དམ་ལ་འགན་འཁུར་དགོས། རྒྱལ་སྤྱི་རྒྱལ་ནང་གི་འབྲུ་རིགས་དང་འཐབ་ཇུས་དངོས་ཟོག་མཁོ་འདོན་གྱི་འགྱུར་ལྡོག་གི་སྔོན་དཔག་དང་སྔོན་བརྡ་ལ་ལྟ་ཞིབ་བྱེད་པ། རྒྱལ་ཡོངས་ཀྱི་འབྲུ་རིགས་འཁོར་རྒྱུག་གི་སྤྱི་ཁོག་སྙོམས་སྒྲིག་གི་ཞིབ་ཕྲའི་བྱ་བའི་འགན་ལེན། འབྲུ་རིགས་བདེ་འཇགས་ཧྲིན་ཀྲང་གི་འགན་འཁྲིའི་ལམ་ལུགས་ཀྱི་ཉིན་རྒྱུན་གྱི་བྱ་བའི་དཔྱད་ཞིབ་ཀྱི་འགན་ལེན་དགོས།  

(བཞི) འབྲུ་རིགས་དང་དངོས་ཟོག་གསོག་འཇོག་བཀར་འཇུག་དོ་དམ་གྱི་འབྲེལ་ཡོད་ལག་རྩལ་གྱི་ཚད་གཞི་ཚད་ལྡན་ཅན་བཟོ་རྒྱུ་དང་གཏན་ལ་ཕབ་ནས་ལག་བསྟར་དུ་འདེབས་རྒྱུ། འབྲུ་རིགས་འཁོར་རྒྱུག་དང་ལས་སྣོན་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བའི་ལྟ་སྐུལ་དོ་དོམ་ལ་འགན་འཁུར་དགོས། རྒྱལ་ཁབ་ཀྱི་དངོས་རྫས་གསོག་འཇོག་བྱེད་པའི་ལས་ཁུངས་ཀྱི་བདེ་འཇགས་ཐོན་སྐྱེད་ལ་ལྟ་ཞིབ་དང་འགན་ལེན་བྱ་དགོས།

(ལྔ) རྒྱལ་ཁབ་ཀྱི་གསོག་འཇོག་གི་སྤྱིའི་འཕེལ་རྒྱས་གཞིར་བཟུང་ནས། གསོག་འཇོག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དོ་དམ་གཅིག་གྱུར་འགན་ལེན་བྱེད་པ། རྒྱལ་ཁབ་ཀྱི་གསོག་འཇོག་རྨང་གཞིའི་སྒྲིག་བཀོད་གཏན་ལ་ཕབ་པ། འབྲུ་རིགས་འཁོར་རྒྱུག་གི་སྒྲིག་གཞི་འཛུགས་སྐྲུན་དང་རྩ་འཛུགས་ལག་བསྟར་བྱེད་པ། གསོག་འཇོག་དང་འབྲེལ་ཡོད་ཀྱི་རྨང་གཞིའི་སྒྲིག་གཞི་དང་འབྲུ་རིགས་འཁོར་རྒྱུག་གི་སྒྲིག་གཞིར་རྒྱལ་ཁབ་ཀྱིས་མ་དངུལ་བཏང་པའི་རྣམ་གྲངས་ལ་དོ་དམ་བྱེད་པ།

(དྲུག) སྲིད་གཞུང་གི་གསོག་འཇོག་དོ་དམ་དང་།  ཁེ་ལས་ཀྱི་གསོག་འཇོག དེ་བཞིན་གསོག་འཇོག་གི་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་འགན་འཁུར་དགོས། འབྲུ་རིགས་འཁོར་རྒྱུག་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་པའི་འགན་འཁུར་དགོས། འབྲུ་རིགས་ཉོ་སྒྲུབ་དང་། གསོག་ཉར། སྐྱེལ་འདྲེན་བཅས་ཀྱི་གོ་རིམ་ཁྲོད་འབྲུ་རིགས་ཀྱི་སྤུས་ཚད་བདེ་འཇགས་དང་མ་རྒྱུའི་འབྲུ་རིགས་ཀྱི་འཕྲོད་བསྟེན་ལ་ལྟ་སྐུལ་དོ་དམ་བྱ་དགོས། རྒྱལ་ཡོངས་ཀྱི་མཛོད་ཉར་འབྲུ་རིགས་ཀྱི་ཞིབ་བཤེར་ལས་ཀ་ལག་བསྟར་དུ་འདེབས་དགོས།  

(བདུན) འབྲུ་རིགས་འཁོར་རྒྱུག་ལས་རིགས་ཀྱི་དོ་དམ་ལ་ལས་རིགས་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་དགོས་པ་དང་། སྲིད་གཞུང་གིས་འབྲུ་རིགས་འཁོར་རྒྱུག་དང་དངོས་ཟོག་གསོག་འཇོག་ཕྱོགས་ཀྱི་འབྲེལ་ཡོད་ཀྱི་ཚད་གཞི་གཏན་འབེབས་བྱེད་དགོས། འབྲུ་རིགས་ཀྱི་སྤུས་ཚད་ཀྱི་ཚད་གཞི་གཏན་འབེབས་བྱ་རྒྱུ་དང་འབྲེལ་ཡོད་ཀྱི་ལག་རྩལ་ཚད་ལྡན་དུ་གཏོང་པར་ལྟ་སྐུལ་ལག་བསྟར་བྱེད་པའི་འགན་འཁུར་དགོས་པ་དང་། འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཕྱི་རུ་མཉམ་ལས་དང་འབྲེལ་འདྲིས་བྱེད་པའི་འགན་འཁུར་དགོས།

(བརྒྱད) ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངག་བཀོད་བྱས་པའི་ལས་འགན་གཞན་དག་ཀྱང་ལེགས་འགྲུབ་བྱ་དགོས།

(དགུ) འགན་ནུས་བསྒྱུར་བ།  

1. ཁྲོམ་རའི་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྲིད་འཛིན་གྱི་ཞིབ་མཆན་འགོད་ལུགས་སྔར་བས་ཁུ་བསྡུ་དང་། བརྒྱུད་རིམ་ཉུང་དུ་གཏོང་བ། གོ་རིམ་སྟབས་བདེར་བཟོ་བ། ལས་ཆོད་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་རྩ་ཆེས་ཆེར་དམའ་རུ་གཏོང་བ།

2. གསོག་འཇོག་མ་ལག་དང་འཁོར་སྐྱོད་བྱེད་སྟངས་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་པ། ཀྲུང་དབྱང་གི་གསོག་འཇོག་ལ་ཤུགས་སྣོན་རྒྱག་པ་དང་། ས་གནས་ཀྱི་གསོག་འཇོག་འཐུས་ཚང་དུ་གཏོང་བ། གོམ་གང་མདུན་བསྐྱོད་ཀྱིས་སྲིད་གཞུང་གི་གསོག་འཇོག་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁེ་ལས་དང་ཚོང་ལས་གསོག་འཇོག་ལ་སྐུལ་ལྕགས་བྱེད་པ། ཀྲུང་དབྱང་གི་གསོག་འཇོག་དང་ས་གནས་ཀྱི་གསོག་འཇོག སྲིད་གཞུང་གི་གསོག་འཇོག ཁེ་ལས་ཀྱི་གསོག་འཇོག་ཕན་ཚུན་ཁ་གསབ་བྱེད་པའི་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་ཆགས་པར་སྐུལ་འདེད་གཏོང་བ།

3. ཁྲོམ་རའི་དབྱེ་ཞིབ་ཀྱི་སྔོན་དཔག་དང་ལྟ་ཞིབ་ཚད་ལེན་གྱི་ཉེན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ་དང་། གཞི་གྲངས་ཆེན་པོ་སོགས་ཚན་རྩལ་བྱེད་ཐབས་བེད་སྤྱོད་གང་ལེགས་བྱེད་པ། འགུལ་རྣམ་ལྟ་ཞིབ་ལ་ཤུགས་སྣོན་རྒྱག་པ། གསོག་འཇོག་གི་ཉེན་འགོག་ནུས་པ་ཆེ་རུ་གཏོང་བ། གསོག་འཇོག་གི་རྒྱལ་ཁབ་བདེ་འཇགས་ཀྱི་འགན་སྲུང་ནུས་ཤུགས་ཆེ་རུ་གཏོང་པ་དང་། སྤྱི་ཚོགས་གཏན་འཇགས་ཀྱི་སྔོན་དཔག་ནུས་པ་དང་ཁྲོམ་རའི་ཁྲིད་སྟོན་ཕྱོགས་ཀྱི་ནུས་ཤུགས་ཆེ་རུ་གཏོང་པ།   

4. ལྟ་སྐུལ་དོ་དམ་ནུས་ཤུགས་ཆེ་རུ་གཏོང་བ་དང་། ལྟ་སྐུལ་དོ་དམ་བྱེད་སྟངས་གསར་གཏོད་བྱེད་པ། “སྐབས་བསྟུན་གཉིས་དང་། ཡོངས་བསྒྲགས་གཅིག”ད་དུང“དྲ་སྦྲེལ+ལྟ་སྐུལ་དོ་དམ”ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ནུས་ཤུགས་ཡོད་དགུའི་བདེ་འཇགས་ཐོན་སྐྱེད་ཤུགས་ཆེར་གཏོང་པ་དང་། རྒྱལ་ཁབ་ཀྱི་གསོག་འཇོག་གི་སྤྱིའི་འཕེལ་རྒྱས་འཆར་འགོད་དང་། གསོག་འཇོག་གཙོ་གཞིའི་གསོག་ཉར་ལེགས་སྒྲུབ་ལ་ལྟ་སྐུལ།  རྒྱལ་ཁབ་ཀྱི་གསོག་འཇོག་དངོས་ཟོག་ནང་དུ་བསྡུ་ཐུབ་པ་དང་། གསོག་ཉར་ལེགས་པ། སྙོམས་སྒྲིག་བྱེད་ཐུབ་པ། བཀོལ་སྤྱོད་བྱེད་ནུས་པ་སོགས་ཀྱི་བརྗེ་སྤོར་ལ་སོགས་ལ་ཁག་ཐེག་བྱེད་དགོས།

(བཅུ) འབྲེལ་ཡོད་འགན་འཁྲིའི་ལས་བགོས།

1. རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་ནུས་ཁུངས་ཅུས་ཀྱི་འགན་འཁྲིའི་ལས་བགོས། རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་གི་འབྲུ་རིགས་དང་སྲིང་བལ། མངར་ཆ་སོགས་འཐབ་ཇུས་དངོས་ཟོག་གསོག་འཇོག་གི་འཆར་འགོད་དང་བསྡོམས་འབོར་སྐོར་གྱི་འཆར་གཞི་བཟོ་འགོད་བྱས་ཤིང་། རྒྱལ་ཁབ་ནུས་ཁུངས་ཅུས་ཀྱིས་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་འཐབ་ཇུས་གསོག་འཇོག་འཆར་འགོད་བཟོས་ནས་རྒྱལ་ཁབ་ཀྱི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་འཐབ་ཇུས་གསོག་འཇོག་གསོག་ཉར་དང་བེད་སྤྱོད་བྱ་རྒྱུའི་གྲོས་འགོ་བཏོན་པ་དང་། རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་གཏན་འབེབས་བྱས་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཞིབ་བཤེར་ཆོག་མཆན་ཞུ་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་དང་དངོས་རྫས་གསོག་འཇོག་ཅུས་ཀྱིས་གསོག་ཉར་དང་བརྗེ་རེས་བརྗེ་སྤོར་གྱི་འགན་འཁུར་དགོས་པ་དང་། རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་སྤྱོད་པའི་བཀའ་རྒྱ་ལྟར་གོ་རིམ་བཞིན་རྩ་འཛུགས་ལག་བསྟར་དུ་འདེབས་རྒྱུ།

2. འཕྲལ་བསྟུན་དོ་དམ་པུའུ་ཡི་འགན་འཁྲིའི་ལས་བགོས། འཕྲལ་བསྟུན་དོ་དམ་པུའུ་ཡིས་ཀྲུང་དབྱང་ཉེན་སྐྱོབ་དངོས་ཟོག་གི་གསོག་འཇོག་དགོས་མཁོ་དང་བཀོལ་སྤྱོད་ཐབས་ཇུས་ཀྱི་སྒྲིག་འཛུགས་སྒྲིག་གཞི་བཏོན་ནས་ཀྲུང་དབྱང་ཉེན་སྐྱོབ་དངོས་ཟོག་གསོག་འཇོག་གི་འཆར་འགོད་བཟོ་རྒྱུར་འགན་འཁུར་དགོས་པ་དང་། རྣམ་གྲངས་དཀར་ཆག་དང་ཚད་གཞི། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུས་སོགས་སྡེ་ཁག་དང་མཉམ་དུ་ལོ་འཁོར་གཅིག་གི་ཉོ་སྒྲུབ་འཆར་གཞི་གཏན་འབེབས་བྱེད་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུས་ཀྱིས་ཀྲུང་དབྱང་གསོག་འཇོག་འཆར་འགོད་དང་། དཀར་ཆག་གི་ཚད་གཞི། ལོ་འཁོར་གྱི་ཉོ་སྒྲུབ་འཆར་གཞི་བཅས་ལ་གཞིགས་ནས་ཀྲུང་དབྱང་གི་ཉེར་མཁོའི་འབྲུ་རིགས་བསྡུ་གསོག བརྗེ་རེས། ཉིན་རྒྱུན་གྱི་དོ་དམ་བཅས་ཀྱི་འགན་འཁུར་རྒྱུ་དང་། འཕྲལ་བསྟུན་དོ་དམ་པུའུ་ཡིས་བཀའ་རྒྱ་ཕབ་ནས་གོ་རིམ་བཞིན་སྐོང་འཐེན་རྩ་འཛུགས་གཞིར་འཛིན་དགོས།

3. ཀྲུང་གོ་འབྲུ་རིགས་གསོག་འཇོག་དོ་དམ་ཚོགས་པ་ཚད་ཡོད་ཀུང་ཟི(གཤམ་དུ་ཀྲུང་གོ་འབྲུ་རིགས་གསོག་འཇོག་ཀུང་ཟི་ཞེས་བསྡུ་རྒྱུ་ཡིན)ཡི་འགན་འཁྲིའི་ལས་བགོས། ཀྲུང་དབྱང་འབྲུ་རིགས་གསོག་འཇོག་ཀུང་ཟི་ཡིས་ཀྲུང་དབྱང་གི་འབྲུ་རིགས་གསོག་འཇོག་དང་སྲིང་བལ་གཉེར་སྐྱོང་དོ་དམ་བྱེད་པའི་འགན་འཁུར་དགོས་པ་དང་། དེའི་གྲངས་འབོར་དང་སྤུས་ཚད། གསོག་ཉར་བདེ་འཇགས་བཅས་ལ་འགན་འཁུར་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུས་ཀྱིས་ཀྲུང་དབྱང་གི་འབྲུ་རིགས་གསོག་འཇོག་ཀུང་ཟི་ཡིས་གསོག་འཇོག་བྱས་པའི། ཀྲུང་དབྱང་གི་འབྲུ་རིགས་དང་སྲིང་བལ་གྱི་སྲིད་ཇུས་ལག་བསྟར་དང་ཀྲུང་དབྱང་གི་འབྲུ་རིགས་གསོག་འཇོག་དང་སྲིང་བལ་དོ་དམ་བྱས་ཚུལ་ལ་ཁྲིམས་ལྟར་ལྟ་སྐུལ་ཞིབ་བཤེར་དང་ལོ་འཁོར་དཔྱད་ཞིབ་བྱེད་དགོས། རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་ཀྱི་འབྲུ་རིགས་དང་དངོས་རྫས་གསོག་འཇོག་ཅུས་ཀྱིས་ཀྲུང་དབྱང་གི་འབྲུ་རིགས་གསོག་འཇོག་ཀུང་ཟི་ཡིས་མ་དངུལ་འཇོག་པའི་རྣམ་གྲངས་ཀྱི་གཞི་རྩའི་འཛུགས་སྐྲུན་གྱི་འཆར་གཞི་དེ་ཀྲུང་དབྱང་འབྲུ་རིགས་གསོག་འཇོག་ཀུང་ཟི་ཡིས་རྩ་འཛུགས་བྱས་ནས་ལག་བསྟར་དུ་འདེབས་དགོས།

3 ནང་ཁུལ་གྱི་སྒྲིག་གཞི།

རྒྱལ་ཁབ་ཀྱི་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུས་ཀྱིས་གཤམ་གསལ་སྒྲིག་གཞི་བཙུགས་པ་སྟེ། (སི་ཅུས་རིམ་པ་གཞོན་པ)

(གཅིག) གཞུང་ལས་ཁང་། འགན་འཁུར་ལས་ཁུངས་ཀྱི་རྒྱུན་ལྡན་གྱི་འཁོར་སྐྱོད་དང་། བདེ་འཇགས། གསང་སྲུང་། ཡིག་སྐུར། སྲིད་དོན་སྤྱི་བསྒྲགས་བཅས་ཀྱི་བྱ་བར་འགན་འཁུར་པ། འབྲུ་རིགས་དང་དངོས་རྫས་གསོག་འཇོག་གི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱ་རྒྱུ་རྩ་འཛུགས་བྱས་ནས་གསར་འགྱུར་དྲིལ་བསྒྲགས་ཀྱི་ལས་ཀར་འགན་འཁུར་དགོས། འབྲུ་རིགས་དང་དངོས་རྫས་གསོག་འཇོག་ཐད་ཕྱི་ཕྱོགས་སུ་སྤེལ་རེས་དང་མཉམ་ལས་བྱས་ནས་ལས་ཁུངས་དང་ཐད་གཏོགས་ལས་ཁུངས་ཀྱི་ཕྱི་དོན་ལས་ཀ་སྒྲུབ་པའི་འགན་འཁུར་དགོས།

(གཉིས) འབྲུ་རིགས་གསོག་འཇོག་སི། འབྲུ་རིགས་ཉོ་ཚོང་གི་སྲིད་ཇུས་དང་རིན་གོང་ཆེས་དམའ་བའི་རྩ་དོན་གྱི་གྲོས་འགོ་འདོན་པ་དང་རྩ་འཛུགས་ལག་བསྟར་དུ་འདེབས་དགོས། འབྲུ་རིགས་ཉོ་སྒྲུབ་ཚོང་རར་ཞུགས་ཆོག་པའི་མཛུབ་ཁྲིད་ཚད་གཞི་བཟོ་བ། ཀྲུང་དབྱང་གིས་འབྲུ་རིགས་དང་སྲིང་བལ་མངར་ཆ་ཉོ་སྒྲུབ་དང་། ཕྱིར་འཚོང་། ཕྱིར་གཏོང་ནང་འདྲེན་བཅས་ཀྱི་འཆར་གཞི་ཞིབ་འཇུག་བྱས་ནས་འདོན་པ་དང་རྩ་འཛུགས་ལག་བསྟར་དུ་འདེབས་དགོས། བརྗེ་སྤོར་དོ་དམ་འཆར་འགོད། སྲིད་ཇུས་རང་བཞིན་གྱི་འབྲུ་རིགས་ཉོ་ཚོང་དང་ས་གནས་ཀྱི་འབྲུ་རིགས་ལ་དོ་དམ་བྱེད་རྒྱུར་མཛུབ་ཁྲིད་དང་མཐུན་སྦྱོར་བྱས་ཏེ་རྒྱལ་ཡོངས་ཀྱི་འབྲུ་རིགས་ཁྲོམ་རའི་མ་ལག་འཛུགས་སྐྲུན་དང་གོང་འཕེལ་དུ་གཏོང་རྒྱུའི་འཆར་འགོད་བཟོས་ནས་རྩ་འཛུགས་ལག་བསྟར་བྱེད་དགོས། ཁྱོན་ཡོངས་ཀྱི་བསྡོམས་རྩིས་ལས་དོན་ལ་དོ་དམ་བྱས་ནས་འབྲུ་རིགས་དང་། སྲིང་བལ། མངར་ཆ་བཅས་ཀྱི་ཁྲོམ་རའི་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་དང་བསྡོམས་རྩིས་ལས་དོན་གྱི་འགན་འཁུར་དགོས།

(གསུམ) དངོས་ཟོག་གསོག་འཇོག་སི། འཐབ་ཇུས་དངོས་ཟོག་གསོག་འཇོག་གི་སྲིད་ཇུས་དང་སྒྲིག་སྲོལ་ལམ་ལུགས་བཟོ་འགོད་བྱས་ནས་རྩ་འཛུགས་ལག་བསྟར་བྱ་རྒྱུ་དང་། འཐབ་ཇུས་དངོས་ཟོག་གསོག་འཇོག་གི་མ་ལག་འཐུས་ཚང་དུ་གཏོང་རྒྱུའི་གྲོས་འགོ་དང་། འཐབ་ཇུས་དངོས་ཟོག་གསོག་འཇོག་གི་འཆར་འགོད་དང་འཆར་གཞིའི་གྲོས་འགོ་ཞིབ་འཇུག་བྱས་ནས་བཏོན་ཏེ། འཐབ་ཇུས་དངོས་རྫས་གསོག་འཇོག་གི་གསོག་ཉར་དང་། བརྗེ་རེས། ཉིན་རྒྱུན་དོ་དམ་བཅས་ཀྱི་ལས་དོན་རྩ་འཛུགས་ལག་བསྟར་བྱེད་དགོས་པ་དང་། འཐབ་ཇུས་དངོས་ཟོག་གསོག་འཇོག་གི་བསྡོམས་རྩིས་ཀྱི་བྱ་བ་སྒྲུབ་པའི་འགན་འཁུར་དགོས།

(བཞི) ནུས་ཁུངས་གསོག་འཇོག་སི། མ་བཅོས་རྡོ་སྣུམ་དང་། ཐོན་རྫས་སུ་གྲུབ་པའི་རྡོ་སྣུམ། རང་བྱུང་སོལ་རླངས་གསོག་ཉར་དང་བརྗེ་རེས། ཉིན་རྒྱུན་གྱི་དོ་དམ་སྲིད་ཇུས་དང་སྒྲིག་སྲོལ་ལམ་ལུགས་རྩ་འཛུགས་དང་ལག་བསྟར་བྱས་ཏེ། འབྲེལ་ཡོད་འཆར་གཞི་དང་བཀའ་རྒྱ་གཏན་འབེབས་བྱེད་པ། འབྲེལ་ཡོད་གསོག་འཇོག་བསྡོམས་རྩིས་ཀྱི་བྱ་བ་སྒྲུབ་པའི་འགན་འཁུར་དགོས།

(ལྔ) ཁྲིམས་སྲོལ་དང་སྒྲིག་སྲོལ་བསྒྱུར་བཅོས་སི། འབྲུ་རིགས་འཁོར་རྒྱུག་དང་དངོས་ཟོག་གསོག་འཇོག་གི་ལམ་སྲོལ་བཅོས་སྒྱུར་གྱི་བྱ་བའི་འགན་འཁུར་པ། འབྲུ་རིགས་འཁོར་རྒྱུག་དང་དངོས་ཟོག་གསོག་འཇོག་དོ་དམ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྒྲིག་སྲོལ་འཆར་ཟིན་འགོད་རྒྱུ་རྩ་འཛུགས་བྱེད་དགོས། ཚད་ལྡན་རང་བཞིན་དང་ཡིག་ཆའི་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་བྱ་བའི་འགན་ལེན་དང་། སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་ཞུ་གཏུག་སོགས་ཀྱི་ལས་དོན་སྒྲུབ་པའི་འགན་འཁུར་དགོས།

(དྲུག) འཆར་འགོད་འཛུགས་སྐྲུན་སི། རྒྱལ་ཁབ་ཀྱི་གསོག་འཇོག་སྤྱིའི་འཕེལ་རྒྱས་ཀྱི་འཆར་འགོད་དང་རྣམ་གྲངས་དཀར་ཆག་བཟོ་རྒྱུའི་གྲོས་འཆར་ཞིབ་འཇུག་བྱས་ནས་འདོན་པ། འབྲུ་རིགས་འཁོར་རྒྱུག་དང་། ལས་སྣོན། དངོས་ཟོག་གསོག་འཇོག་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་འཆར་འགོད་བཟོ་རྒྱུ་རྩ་འཛུགས་བྱེད་དགོས། འབྲུ་རིགས་འཁོར་རྒྱུག་དང་དངོས་ཟོག་གསོག་འཇོག་ཐད་ཀྲུང་དབྱང་གི་མ་རྐང་འཇོག་པ་དང་ནོར་སྲིད་རང་བཞིན་གྱི་མ་རྐང་འཇོག་པའི་ཁ་ཕྱོགས། གཞི་ཁྱོན། ད་དུང་བཀོད་སྒྲིག་བཅས་ཀྱི་གྲོས་འཆར་འདོན་དགོས། གཏན་འབེབས་ཀྱི་དབང་ཚད་ལྟར་འབྲེལ་ཡོད་རྣམ་གྲངས་ཀྱི་མ་དངུལ་རེ་ཞུ་དང་། རྣམ་གྲངས་ཞིབ་བཤེར་གཏན་འབེབས། ལག་བསྟར་མཛུབ་ཁྲིད་བཅས་བྱས་ཏེ་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལས་དོན་གྱི་འགན་འཁུར་དགོས།

(བདུན) ནོར་དོན་རྩིས་བཤེར་སི། འབྲེལ་ཡོད་མ་དངུལ་དོ་དམ་དང་། རྒྱུ་ནོར་དོ་དམ། རྩིས་བཤེར་ལྟ་སྐུལ་སོགས་ཀྱི་འབྲེལ་ཡོད་ལམ་ལུགས་ཀྱི་ཐབས་ལམ་བཟོ་བ་དང་།  སྒྲིག་བཟོའི་སྡེ་ཁག་གི་སྔོན་རྩིས་དང་ངེས་རྩིས་བཟོ་བ། འབྲེལ་ཡོད་མ་དངུལ་དོ་དམ་བྱེད་པའི་འགན་འཁུར་དགོས་པ་དང་། ནང་ཁུལ་གྱི་རྩིས་བཤེར་ལས་དོན་སྒྲུབ་པའི་འགན་འཁུར་དགོས། ཁོངས་གཏོགས་ལས་ཁུངས་ཀྱི་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་གྱི་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁུར་དགོས།

(བརྒྱད) བདེ་འཇགས་བཀར་འཇུག་དང་ཚན་རྩལ་སི། དངོས་ཟོག་གསོག་འཇོག་སྡེ་ཁག་གིས་བདེ་འཇགས་གསོག་ཉར་དང་བདེ་འཇགས་ཐོན་སྐྱེད་བྱེད་པར་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁུར་དགོས་པ་དང་། འབྲུ་རིགས་འཁོར་རྒྱུག་དང་ལས་སྣོན་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་ཀར་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁུར་དགོས། འབྲུ་རིགས་དང་དངོས་ཟོག་གསོག་འཇོག་གི་བཀར་འཇུག་དོ་དམ་སྲིད་ཇུས་དང་ལམ་ལུགས་གཏན་འབེབས་བྱེད་པར་མ་ཟད་རྩ་འཛུགས་ལག་བསྟར་དུ་འདེབས་དགོས། ཀྲུང་དབྱང་གི་གསོག་འཇོག་སྲིད་ཇུས་དང་ལམ་ལུགས་གཏན་འབེབས། ཀྲུང་དབྱང་གི་གསོག་ཉར་དང་བརྗེ་རེས། ཉིན་རྒྱུན་གྱི་དོ་དམ་བཅས་རྩ་འཛུགས་ལག་བསྟར་བྱ་དགོས། འབྲུ་རིགས་འཁོར་རྒྱུག་དང་དངོས་ཟོག་གསོག་འཇོག་གི་འབྲེལ་ཡོད་ཚད་གཞི་དང་འབྲུ་རིགས་ཀྱི་སྤུས་ཀའི་ཚད་གཞི་རྩ་འཛུགས་གཏན་འབེབས་བྱེད་དགོས། འབྲེལ་ཡོད་ལག་རྩལ་གྱི་ཚད་གཞི་གཏན་འབེབས་བྱ་རྒྱུར་མ་ཟད་ལག་བསྟར་བྱེད་པར་ལྟ་སྐུལ་བྱ་དགོས། འབྲུ་རིགས་འཁོར་རྒྱུག་དང་དངོས་ཟོག་གསོག་འཇོག་ཐད་ཀྱི་ཚན་རྩལ་གསར་གཏོད་དང་ལག་རྩལ་བསྒྱུར་བཀོད་བྱེད་པར་ཁྲིད་སྟོན་བྱ་དགོས།

(དགུ) ཁྲིམས་སྐྱོང་ལྟ་སྐུལ་ཞིབ་བཤེར་ཅུས། འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ལམ་ལུགས་བཟོས་ནས་རྩ་འཛུགས་ལག་བསྟར་བྱ་དགོས་པ་དང་། འབྲུ་རིགས་དང་དངོས་ཟོག་གསོག་འཇོག་གི་གྲངས་ཚད་དང་། སྤུས་ཚད། གསོག་ཉར་བདེ་འཇགས་དང་། དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་སྒྲིག་སྲོལ་སོགས་ཀྱི་ལམ་ལུགས་དང་སྲིད་ཇུས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས། ཀྲུང་དབྱང་གི་དོན་གཅོད་དབང་ཆའི་འབྲུ་རིགས་དང་སྲིང་བལ་སྐོར་གྱི་སྲིད་ཇུས་ལག་བསྟར་དང་ཀྲུང་དབྱང་གི་འབྲུ་རིགས་དང་སྲིང་བལ་གསོག་འཇོག་དོ་དམ་བྱས་ཚུལ་ལ་ཁྲིམས་ལྟར་ལྟ་སྐུལ་དོ་དམ་དང་ལོ་འཁོར་དཔྱད་ཞིབ་བྱ་དགོས། གསོག་འཇོག་གི་འགན་འཁྲི་བདའ་འདེད་གཏོང་བའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། གྱོད་གཞི་ཚབས་ཆེན་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་དང་ལྟ་སྐུལ་བྱེད་པ། འབྲུ་རིགས་ཉོ་ཚོང་བྱེད་སྒོར་ལྟ་སྐུལ་ཞིབ་བཤེར་བྱེད་པར་རྩ་འཛུགས་དང་ཁྲིད་སྟོན་བྱེད་པ། འབྲུ་རིགས་བདེ་འཇགས་ཧྲིན་ཀྲང་གི་འགན་འཁྲིའི་ལམ་ལུགས་དཔྱད་ཞིབ་ཀྱི་ཞིབ་ཕྲའི་ལས་དོན་སྒྲུབ་པའི་འགན་འཁུར་དགོས།

ཏང་ཨུ་ལས་ཁུངས་དང་པེ་ཅིང་དུ་ཡོད་པའི་ཐད་གཏོགས་ལས་ཁུངས་ཀྱིས་ཏང་དང་མང་ཚོགས་ཀྱི་བྱ་བར་འགན་ལེན་བྱ་རྒྱུ་དང་། དངོས་ཟོག་གསོག་འཇོག་མ་ལག་གིས་ཏང་དང་མང་ཚོགས་ཀྱི་བྱ་བར་སློབ་སྟོན་བྱ་རྒྱུ། ཏང་ཨུ་ལས་ཁུངས་དང་། ཐད་གཏོགས་ལས་ཁུངས་བཅས་ཀྱི་ལས་བྱེད་པའི་མི་དོན་དང་། ལས་ཁུངས་ཀྱི་སྒྲིག་འཛུགས། ངལ་རྩོལ་གླ་ཕོགས་བཅས་ཀྱི་བྱ་བའི་འགན་འཁུར་དགོས་པ་དང་། ལས་རིགས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་དང་ཤེས་བྱ་གསབ་སྦྱོང་གི་བྱ་བར་མཛུབ་ཁྲིད་བྱ་དགོས།

ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱེད་མཁན་གྱི་ལས་བྱེད་པའི་གཞུང་ལས་ཁང་། ལས་ཁུངས་ཀྱི་ལས་བྲལ་དང་ལས་འཁྱུར་ལས་བྱེད་ཀྱི་བྱ་བར་འགན་འཁུར་དགོས་པ་དང་། ཁོངས་གཏོགས་དང་ཐད་གཏོགས་ལས་ཁུངས་ཀྱི་ལས་བྲལ་དང་ལས་འཁྱུར་ལས་བྱེད་ཀྱི་བྱ་བར་མཛུབ་སྟོན་གནང་དགོས།

4 མི་སྣའི་སྒྲིག་ཁོངས།

མི་སྣའི་སྒྲིག་ཁོངས་སུ་རྒྱལ་ཁབ་ཀྱི་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུས་ཀྱི་ལས་ཁུངས་ཀྱི་སྲིད་འཛིན་སྒྲིག་ཁོངས་སུ་མི205(རོགས་སྐྱོར་ཤོག་ཁག་གི་སྐབས་བསྟུན་སྒྲིག་ཁོངས1དང་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ36ཚུད)བཀོད་སྒྲིག་བྱས་ཡོད། ཅུས་ཀྲང1དང་ཅུས་ཀྲང་གཞོན་པ4སི་ཀྲང་གཞོན་པ33(སྤྱི་ཁྱབ་ལག་རྩལ་ཆེན་མོ་བ1དང་ལས་ཁུངས་ཏང་ཨུད་ཀྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ1ཚུད་པ)སི་ཅུས་རིམ་པའི་ལྟ་ཞིབ་ཆེད་ལས་པ2དང་། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་ལས་བྱེད་པའི་གཞུང་ལས་ཁང་གི་འགོ་ཁྲིད3བཅས་བཀོད་སྒྲིག་བྱས་ཡོད།

5 ད་ལྟའི་འགོ་ཁྲིད།

ཅུས་ཀྲང་། ཀྲང་ཝུའུ་ཧྥུང་།

ཅུས་ཀྲང་གཞོན་པ། ཙེང་ལི་དབྱིན། (བུད་མེད། ) ལུའུ་ཅིང་པོ། ཧན་ཝེ་ཅང་། ལིའང་ཡན། (བུད་མེད། ) ཧོང་ཝེ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-28

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།