མགོན་པོ་བཀའ་ལྔ་པ་མགོན་ལྗང་ཚེ་བདག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མགོན་པོ་བཀའ་ལྔ་པ་མགོན་ལྗང་ཚེ་བདག
མགོན་པོ་བཀའ་ལྔ་པ་མགོན་ལྗང་ཚེ་བདག་ནི་བསྲུང་འཁོར་གྱི་དབུས་སུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་ནང་། གཞལ་མེད་ཁང་ཕོ་བྲང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས། ཙན་དན་གྱི་ལྗོན་པའི་དྲུང་དུ་ཆོས་ཀྱི་འབྱུང་གནས་ལྗང་ཁུ། དེའི་དབུས་སུ་པདྨའི་ལྟེ་བར་ཉི་མ་དང་བགེགས་ཀྱི་རྒྱལ་པོ་གདན་ལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་ལྗང་ཁུ་ཞལ་གཅིག་ཕྱག་དྲུག་པ་ཕྱག་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་ཡུམ་ལ་འཁྱུད་པའོ༎
གཞི་རྩའི་གནས་ཚུལ།

ལྷ་ཚོགས།
རིན་འབྱུང་ལྷ་ཚོགས།
སྐུ་མདོག
ལྗང་ཁུ།
1 ངོ་སྤྲོད། 

མགོན་པོ་བཀའ་ལྔ་པ་མགོན་ལྗང་ཚེ་བདག་ནི་བསྲུང་འཁོར་གྱི་དབུས་སུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་ནང་། གཞལ་མེད་ཁང་ཕོ་བྲང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས། ཙན་དན་གྱི་ལྗོན་པའི་དྲུང་དུ་ཆོས་ཀྱི་འབྱུང་གནས་ལྗང་ཁུ། དེའི་དབུས་སུ་པདྨའི་ལྟེ་བར་ཉི་མ་དང་བགེགས་ཀྱི་རྒྱལ་པོ་གདན་ལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་ལྗང་ཁུ་ཞལ་གཅིག་ཕྱག་དྲུག་པ་ཕྱག་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་ཡུམ་ལ་འཁྱུད་པ། བར་པ་གཉིས་ཀྱི་ཅང་ཏེའུ་དང་། ཏྲི་ཤུ་ལ་འཛིན་པ། ཐ་མ་གཉིས་ཀྱིས་བགྲང་འཕྲེང་དང་ཞགས་པ་བསྣམས་པ། སྤྱན་གསུམ་མཆེ་བ་གཙིགས་པ། དབུ་སྐྲ་གྱེན་དུ་བརྫེས་པ། མི་མགོའི་དབུ་རྒྱན་དང་དོ་ཤལ། རུས་པའི་རྒྱན་དྲུག་དང་སྟག་ལྤགས་དང་དྲིལ་བུ་གཡེར་ཁའི་འཕྲེང་བ་སོགས་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པ། པང་དུ་ཡུམ་རྡོ་རྗེ་ཌཱ་ཀི་མ་སྐུ་མདོག་སྔོན་པོ་གྲི་གུག་དང་ཐོད་པ་འཛིན་པ། ཐོད་སྐམ་ལྔ་བཅུའི་དོ་ཤལ་ཅན་གྱིས་འཁྱུད་པ། གཙོ་བོའི་མདུན་དུ་བུད་དྷ་ཌཱ་ཀི་དཀར་མོ། འཁོར་ལོ་དང་ཐོད་ཁྲག་འཛིན་པ། ལྷོར་རཏྣ་ཌཱ་ཀི་སེར་མོ། རིན་པོ་ཆེ་དང་ཐོད་ཁྲག་འཛིན་པ། ནུབ་ཏུ་པདྨ་ཌཱ་ཀི་དམར་མོ་པདྨ་དང་ཐོད་ཁྲག་འཛིན་པ། བྱང་དུ་ཀརྨ་ཌཱ་ཀི་ལྗང་ཁུ་རལ་གྲི་དང་ཐོད་ཁྲག་འཛིན་པ། ཐམས་ཅད་ཀྱང་རུས་པ་དང་མི་མགོའི་འཕྲེང་པ་ཅན་སྒེག་ཅིང་ཆགས་པའི་ཉམས་ཅན། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། དེའི་ཕྱི་རོལ་དུ་མཁའ་འགྲོ་མ་འབུམ་སྡེ་དམ་ཅན་རྒྱ་མཚོ་དང་བཅས་པའོ༎ 

2  བསྟོད་པ། 

བླ་མ་མགོན་པོ་དབྱེར་མེད་འཕྲིན་ལས་སྐུ༎ དུས་གསུམ་སངས་རྒྱས་ཀུན་གྱིས་ཕྱག་མཛད་པ། གང་ལ་གང་འདུལ་དེ་ལ་དེར་སྟོན་པ༎ ཕྱག་དྲུག་སྣ་ཚོགས་མཁའ་འགྲོ་ལ་ཕྱག་འཚལ༎ 

3 བཟླ་བྱའི་སྔགས།

ཨོཾ་བཛྲ་མཧཱ་ཀཱ་ལ་ཧ་རི་ནི་ས་སརྦ་ཨཱ་ཡུར་ཛྙཱ་ན་སིདྡྷི་ཛཿ༎

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-22

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།