ཀྲུང་དབྱང་ཡིག་ཚགས་ཁང།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་དབྱང་ཡིག་ཚགས་ཁང།
ཀྲུང་དབྱང་ཡིག་ཚགས་ཁང་ནི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ཡིག་ཚགས་ཁང་ཡིན། གཞུང་ཚབ་ཁང་དེ་ནི་པེ་ཅིང་གི་ནུབ་འདབས་སུ་ཡོད་ཅིང་། སྤྱི་ལོ1959ལོར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགྲེམས་ཁང་དེ་དངོས་སུ་བཙུགས་པ་དང་སྤྱི་ལོ1959ལོར་ལེགས་པར་བསྐྲུན་ཟིན། རྒྱལ་ཁབ་བཙུགས་པའི་རྗེས་སུ་བྱུང་བའི་ཡིག་ཚགས་ཁང་དང་པོ་ཡིན། འགྲེམས་ཁང་དེའི་ལས་འགན་གཙོ་བོ་ནི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཁབ་ཀྲུང་དབྱང་ལས་ཁུངས་ཀྱིས་ཡུན་རིང་ཉར་ཚགས་བྱས་ཡོད་པའི་ཡིག་ཚགས་གལ་ཆེན་དག་བདག་གཉེར་བྱེད་རྒྱུ་དང་། བཅིངས་འགྲོལ་མ་བཏང་གོང་གི་ཀྲུང་གུང་ཀྲུང་དབྱང་ལས་ཁུངས་ཀྱི་གསར་བརྗེའི་ལོ་རྒྱུས་ཡིག་ཚགས་འཚོལ་བསྡུ་དང་ཉར་ཚགས་བྱས་པ་བརྒྱུད་ཡིག་ཚགས་ལེགས་སྒྲིག་དང་། ཞིབ་འཇུག དྲིལ་བསྒྲགས། སྤྱི་ཚོགས་ལས་རིགས་ཁག་ཏུ་བེད་སྤྱོད་བཅས་བྱས་ནས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་ཁག་ལ་ཞབས་འདེགས་ཞུས་ཡོད། དེ་བཞིན་དུ་ཡིག་ཚགས་ཁང་དེའི་ནང་དུ་མའོ་ཙེ་ཏུང་དང་། ལིའུ་ཧྲའོ་ཆི། ཀྲོའུ་ཨེན་ལའེ་སོགས་ཀྱི་ཕྱག་བྲིས་ཕྱག་བསྟར་མ་དང་། ཀྲུང་གོ་གསར་བ་འཛུགས་སྐྲུན་བྱས་པའི་ཡིག་ཚགས་སོགས་ཡོད། ཀྲུང་དབྱང་ཡིག་ཚགས་ཁང་བཙུགས་པ་དེས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས་ལ་ཞིབ་འཇུག་དང་དྲིལ་བསྒྲགས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中央档案馆
མིང་གཞན།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡིག་ཚགས་ཅུའུ།
དབྱིན་ཡིག་གི་མིང་།
The State Archives Administration of the People's Republic of China
ས་གནས།
པེ་ཅིང་ནུབ་འདབས་ཆུ་ཚན་པེ་ཅ་ཧུའུ།
སྒོ་འབྱེད་པའི་དུས་ཚོད།
1959ལོའི་ཟླ10
1 འཕེལ་རྒྱས་ཀྱི་བརྒྱུད་རིམ།

ཀྲུང་དབྱང་ཡིག་ཚགས་ཁང་ནི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་ཤིག་ཡིན་ཞིང་། སྤྱི་ལོ1954ལོའི་ཟླ11པར་གསར་དུ་བཙུགས་ཤིང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་སུ་གཏོགས་པར་བྱས། སྤྱི་ལོ1951ལོར་ཡིག་ཚགས་ལ་དོ་དམ་བྱེད་པའི་བརྡ་སྦྱོར་སྤེལ་པ་དང་། རྒྱལ་ཁབ་ཡིག་ཚགས་ཅུའུ་ནི་ཏང་དང་སྲིད་གཞུང་གི་ལས་ཁུངས་ཤིག་ཡིན་པ་མ་ཟད། ཀྲུང་གོ་ཀྲུང་དབྱང་དབྱང་གཞུང་ལས་ཐིང་གིས་ཐད་ཀར་འགོ་ཁྲིད་བྱེད་བཞིན་ཡོད།

སྤྱི་ལོ1951ལོར་པེ་ཅིང་ནས་དབུ་བརྙེས་ཤིང་ལྔ་བཞིའི་ལས་འགུལ་བར་དུ་ཀྲུང་གོའི་གསར་བརྗེ་ལོ་རྒྱུས་ཡིག་ཚགས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་བཙུགས་པའི་རིན་ཐང་གཞལ་དུ་མེད་པའི་ཡིག་ཚགས་ཁང་ཞིག་ཡིན།   དེར་ཡིག་ཚགས་ཁྲི80དང་ཡིག་ཆ་ཁྲི80ལྷག་ཉར་ཞིང་། ནང་དུ་རླབས་ཆེན་མི་སྣའི་ཕྱག་བྲིས་དང་ཏང་གི་ཉིང་བཅུད་ལྡན་པའི་ཡིག་ཆའི་སྐོར་སོགས་ཡོད་པ་ནི་རང་རྒྱལ་གྱི་དམངས་གཙོ་གསར་བའི་ལས་འགུལ་དང་སྤྱི་ཚོགས་རིང་ལུགས་གསར་བ་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་དཔང་པོ་གལ་ཆེན་ཞིག་ཡིན་པ་དང་། རང་རྒྱལ་དུ་གཞི་ཁྱོན་ཆེ་བའི་ཡིག་ཚགས་ཁང་གཅིག་པུའང་ཡིན། ཏང་དང་རྒྱལ་ཁབ་ཀྱི་ལས་རིགས་ལ་ཞབས་ཞུ་དང་ཏང་གི་ལོ་རྒྱུས། དམག་དོན་ལོ་རྒྱུས་དང་གསར་བརྗེ་ལོ་རྒྱུས་སོགས་ལ་ཞིབ་འཇུག་བྱེད་པར་དཔྱད་གཞི་གལ་ཆེན་ཞིག་ཡིན། 

སྤྱི་ལོ1970ལོར་རྒྱལ་ཁབ་ཀྱི་ཡིག་ཚགས་ཅུའུ་མཚམས་བཞག་པ་དང་སྤྱི་ལོ1971ལོར་སླར་ཡང་འགོ་བརྩམས། སྤྱི་ལོ1985ལོར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་རྣམས་ཀྱིས་གཟིགས་སྐྱོང་འོག་བྱ་བའི་འགན་ནུས་དག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སུ་གཏོགས་པར་བྱས་ཤིང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡིག་ཚགས་བཅའ་ཁྲིམས》ལྟར། རྒྱལ་ཁབ་ཡིག་ཚགས་ཅུའུ་ཡི་འགན་ནུས་གཙོ་བོ་ནི་རྒྱལ་ཡོངས་ཡིག་ཚགས་བྱ་བའི་ལས་རིགས་མཐའ་དག་ལ་གཙོ་ཁྲིད་འཆར་འགོད་དང་ལམ་ལུགས་གཅིག་གྱུར། ལྟ་ཞིབ་དང་མཛུབ་ཁྲིད་བྱེད་རྒྱུ་དེ་ཡིན།

ཀྲུང་དབྱང་ཡིག་ཚགས་ཅུའུ་ནི་སྤྱི་ལོ1959ལོའི་ཟླ10པར་དབུ་བརྙེས་ཤིང་། འགན་ནུས་གཙོ་བོ་ནི་འཚོལ་སྡུད་དང་ཏང་དང་རྒྱལ་ཁབ་ཀྱི་ཡིག་ཚགས་གལ་ཆེན་དག་བདག་གཉེར་དམ་ཟབ་ཡོང་བ་དང་། བཅིངས་འགྲོལ་སྔོན་གྱི་ཡིག་ཚགས་དང་གསར་བརྗེ་ལོ་རྒྱུས་མཚོན་པའི་ཡིག་ཚགས་དག་དག་སྒྲིག་དང་ཞིབ་འཇུག་གི་ལས་སུ་ཞུགས་ཏེ། ཏང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་གཞག་འཕེལ་རྒྱས་ལ་ཞབས་ཞུ་བསྒྲུབ་ཡོད།

སྤྱི་ལོ1993ལོའི་ཟླ3པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་བརྗེ་ལས་ཁུངས་ཀྱིས་གཏན་ཁེལ་བྱས་པ་ལྟར། རྒྱལ་ཁབ་ཡིག་ཚགས་ཅུའུ་དང་ཀྲུང་དབྱང་ཡིག་ཚགས་ཅུའུ་གཉིས་ལ་སྒོ་བྱང་བཀལ་ཏེ་ཀྲུང་གུང་ཀྲུང་དབྱང་གི་ཐད་གཏོགས་ལས་ཁུངས་སུ་གཏོགས་པར་བྱས།

སྤྱི་ལོ1993ལོའི་ཟླ3པར་ཀྲུང་དབྱང་གཞུང་སྒྲུབ་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀྲུང་དབྱང་ཡིག་ཚགས་ཅུའུ། རྒྱལ་ཁབ་ཡིག་ཚགས་ཅུའུ་ཡི་འགན་ནུས་བཀོད་སྒྲིག་དང་ནང་ཁུལ་སྒྲིག་འཛུགས་དང་མི་སྣའི་ལམ་ལུགས་ཇུས་གཞི》ཟེར་བ་གཏན་འབེབས་བྱས་ཤིང་། ཀྲུང་དབྱང་ཡིག་ཚགས་ཅུའུ་དང་རྒྱལ་ཁབ་ཡིག་ཚགས་ཅུའུ་གཉིས་ཟླ་སྒྲིལ་བཏང་བ་དང་། ཀྲུང་དབྱང་ཡིག་ཚགས་ཅུའུ་དང་རྒྱལ་ཁབ་ཡིག་ཚགས་ཅུའུ་ཡི་སྒོ་བྱང་དེ་ཡིག་ཚགས་ཁང་གིས་བདག་གཉེར་བྱས་ཤིང་། རྒྱལ་ཡོངས་ཡིག་ཚགས་བྱ་བའི་ལས་དོན་མཐའ་དག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། དམའ་རིམ་ལས་ཁོངས་དག་དང་ཀྲུང་དབྱང་གཞུང་སྒྲུབ་དོ་དམ་ལས་ཁོངས་སོགས་ནས་བདག་གཉེར་བྱེད་དགོས་པའི་ལམ་ཕྱོགས་གཏན་ཁེལ་བྱས།

2 འགན་ནུས་གཙོ་བོ།

(གཅིག) རྒྱལ་ཡོངས་རང་བཞིན་གྱི་ཡིག་ཚགས་བྱ་བ་ལེགས་པར་སྒྲུབ་ནས་སྤྱི་ཁོག་དོ་དམ་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་ལྟར་བཅའ་ཁྲིམས་ལམ་ལུགས་ལེགས་སྒྲིག་བྱས་ཏེ་རྩ་འཛུགས་དང་། མཛུབ་ཁྲིད། ཞིབ་བཤེར། ལྟ་ཞིབ། ཀྲུང་དབྱང་གི་ལུགས་དང་མཐུན་པའི་ལམ་ཕྱོགས་ལྟར་རྒྱལ་ཁབ་ཀྱི་ལས་ཁུངས་དང་དམག་དོན། མི་དམངས་དང་རང་སྐྱོང་ཁུལ་དང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཡིག་ཚགས་ལས་རིགས་གོང་འཕེལ་ཡོང་བར་བྱ་བ་བསྒྲུབ་དགོས།

(གཉིས) ཏང་དང་རྒྱལ་ཁབ་ཀྱི་གལ་ཆེ་བའི་ཡིག་ཚགས་གཅིག་བསྡུས་སྒོས་བདག་གཉེར་དང་། རྒྱལ་ཁབ་ཀྱི་གསང་བའི་ཡིག་ཚགས་དམ་སྲུང་། ཡིག་ཚགས་ལ་སྲུང་སྐྱོབ་ནན་མོ་བྱས་ཏེ་བདེ་འཇགས་ལ་ཁག་ཐེག་བྱ་དགོས།

(གསུམ) ཏང་དང་རྒྱལ་ཁབ་ཀྱི་ཡིག་ཚགས་དག་ལེགས་སྒྲིག་བྱས་ཏེ་གལ་ཆེ་བའི་ཡིག་ཚགས་དག་བདག་གཉེར་བྱེད་པའི་སྐབས་སུ། ཚན་རིག་ཅན་དང་དེང་རབས་ཅན་གྱི་འཛུགས་སྐྲུན་གཞིར་བྱས་པའི་སྟེང་། ཡིག་ཚགས་སྒྲིག་རྩོམ་དང་དཔར་སྐྲུན་བྱས་ཏེ་སྤྱི་ཚོགས་ལ་ཞབས་ཞུ་ལེགས་པོར་བསྒྲུབ་རྒྱུ་དང་། ཁ་ཐོར་དུ་སོང་བ་དང་ཀྲུང་གོའི་ཡིག་ཚགས་དང་འབྲེལ་བ་ཡོད་པ་དག་བདག་གཉེར་དོ་དམ་ལེགས་པོར་བསྒྲུབ་དགོས།

(བཞི) ཡིག་ཚགས་དོ་དམ་བྱེད་པའི་ཚོགས་པ་བཙུགས་ཏེ་མི་སྣ་དག་ཆེད་ལས་རང་བཞིན་གྱི་གསབ་སྦྱོང་ལ་ཞུགས་སུ་བཅུག་ནས་བྱ་བ་ལེགས་པོར་བསྒྲུབ་རྒྱུ་དང་། འབྲེལ་ཡོད་ཀྱི་ཆེད་ལས་ལག་རྩལ་ཞབས་ཞུའི་རྣམ་པ་བསྡུ་རུབ་བཅས་བྱ་དགོས།

(ལྔ) གཅིག་གྱུར་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་རང་བཞིན་གྱི་ཡིག་ཚགས་ལ་རྒྱལ་ནང་དང་རྒྱལ་སྤྱིའི་ཐོག་བྱ་བ་ལེགས་པོར་སྒྲུབ་དགོས།

(དྲུག) ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་འབྲེལ་བའི་ལས་དོན་གཞན་དག་གོ་སྒྲིག་བྱེད་པ།

3 འགོ་ཁྲིད་ཀྱི་གཟིགས་སྐྱོང་།
3_1    ཀྲོའུ་ཙུང་ལི།

གཞུང་ཚབ་ཁང་རྙིང་པའི་འགོ་འཛིན་ཙེང་སན་གྱིས་ཕྱིར་དྲན་བྱས་པ་ལྟར་ན། སྤྱི་ལོ1959ལོར་ཀྲུང་དབྱང་ཡིག་ཚགས་ཁང་གིས་ཐེངས་ལྔ་དྲུག་ཙམ་བརྒྱུད་དེ་སྒོ་ཕྱེ་བ་ཡིན་ཟེར་ཞིང་། ཙིན་སན་གྱིས་གནས་ཚུལ་དེ་ཙུང་ལི་ཀྲོའུ་ཨེན་ལའེ་ལ་བཤད་སྐབས་ཁོ་ཧ་ཅང་དགའ་བྱུང་། ཙིན་སན་གྱིས་ཀྲོའུ་ཙུང་ལི་ལ་ཀྲུང་དབྱང་ཡིག་ཚགས་ཁང་གི་མིང་འབྲི་རོགས་ཞེས་ཞུས་མ་ཐག་ཀྲོའུ་ཙུང་ལིས་མྱུར་དུ་འཐད་པ་བྱུང་ནས་ཀྲུང་དབྱང་ཡིག་ཚགས་ཁང་ཞེས་པའི་ཡིག་འབྲུ་བྲིས། ཉིན་འགའ་འགོར་རྗེས། ཀྲོའུ་ཙུང་ལི་ཡིས་བྲིས་པའི་ཀྲུང་དབྱང་ཡིག་ཚགས་ཁང་ཟེར་བའི་སྒོ་བྱང་ཞིག་བཟོས་ནས་ཀྲུང་དབྱང་ཡིག་ཚགས་ཁང་དུ་བཀལ་ཡོད། སྤྱི་ལོ1959ལོའི་ཟླ10བའི་ཚེས8ཉིན། ཀྲུང་དབྱང་ཡིག་ཚགས་ཁང་གིས་གཟབ་རྒྱས་ངང་སྒོ་འབྱེད་མཛད་སྒོ་སྤེལ་ཏེ། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཀྲུའུ་ཏེ། ཀྲུང་གུང་གི་བགྲེས་སོང་ལྔ་སྟེ། ལིན་པོ་ཆུས་དང་། ཏུང་པི་ཝུའུ། ཝུའུ་ཡུས་ཀྲང་། ཞུས་ཐེ་ལི། ཞེ་ཅུའེ་ཙའེ་བཅས་དང་། ཀྲུའུ་རེན་དབྱང་ཧྲང་ཁུན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་དབྱང་ཞན་ཀྲེན་བཅས་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་ལོ་རྒྱུས་རིག་པ་མཁས་ཅན་ཚང་མ་རྟེན་འབྲེལ་ཞུ་བར་ཕེབས་ཏེ། འགྲེམས་སྟོན་ཁང་གིས་གཉེར་བའི་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཆུང་གྲས་ལ་ལྟ་སྐོར་བྱས་པ་དང་ཀྲུང་དབྱང་གི་འགོ་ཁྲིད་ཀྱིས་ཐོག་ཁང་དང་པོའི་མདུན་དུ་ལས་ཁུངས་ཀྱི་མི་སྣར་མཇལ་འཕྲད་གནང་བ་དང་འབྲེལ་དྲན་རྟེན་སྐུ་པར་ཡང་བསྐྱོན། འགྲེམས་སྟོན་ཁང་མ་བཙུགས་གོང་གི་ཟླ9པའི་ཚེས19ཉིན་དང་ཟླ9ཚེས30ཉིན་ཨུ་ཡོན་ཀྲང་ཏུང་ལགས་དང་ཀྲུའུ་ཏེ་རྣམ་གཉིས་ཀྱིས་སྙན་རྩོམ་དང་ཕྱག་བྲིས་ཕྱག་བསྟར་མ་གནང་ནས་རྟེན་འབྲེལ་ཞུས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་དྲུང་ཡིག་ཆེན་མོ་ཞི་ཀྲུང་ཞུན་དང་ཀྲུའུ་ཞི་གཞོན་པ་ཏེང་ཡིན་ཁྲའོ་ཡང་འགྲེམས་སྟོན་ཁང་དུ་ཕེབས་ནས་རྟེན་འབྲེལ་ཞུས་པ་རེད།

3_2   ཀྲོའུ་ཙུང་ལིས་སྐུལ་ལྕག་གནང་བ།

སྤྱི་ལོ1960ལོའི་ཟླ7པར་ཀྲོའུ་ཙུང་ལིས་དྲུང་ཡིག་བློ་མཐུན་སུན་ཡུའེ་ཀྲུང་དབྱང་ཡིག་ཚགས་ཁང་དུ་མངགས་ནས་ཀྲུང་གོ་གུང་ཁྲན་ཏང་དང་གུང་ཁྲན་རྒྱལ་སྤྱི་དང་སུའུ་གུང་བར་གྱི་འགྲོ་འོང་གློག་འཕྲིན་འཚོལ་ཞིབ་བྱེད་དུ་ཡོང་བ་དང་། ཙུང་ལི་ཡིས་མ་དཔེ་ནག་པོ་ཅན་གྱི་དཔེ་གཞི་ཞེས་མིང་བཏགས། སྐབས་དེར་ཙེང་སན་ཕེ་ཐུང་དང་ཀྲུང་དབྱང་པུའུ་ཡི་ཀྲུའུ་རེན་ཝུའུ་ཧྲན་ཁྲང་གིས་སྣེ་ལེན་བྱས། ཉར་ཚགས་ཁོའོ་ཡི་འགོ་འཛིན་སུན་དབྱི་ཀྲི་དང་། ཧོང་དབྱིན་ཧྥུ། ཉར་ཚགས་པ་ཕན་ཧོ་ཏིང་། ལིའུ་ཀྲུའོ་ཡུས། ཀྲོའུ་ཙུང་ལི་བཅས་ཞུགས་ཡོད་པ་རེད། ང་ཚོས་ཙུང་ལི་ལ་མ་དཔེ་ནག་པོ་ཅན་གྱི་དཔེ་གཞི་བཙལ་བ་མ་ཟད། འབྲེལ་ཡོད་ཀྱི་རིག་རྩལ་དང་གློག་འཕྲིན་སྐོར་ཞིག་རྩད་ཆོད་ཡོད་ཅིང་། སྒམ་གང་བླུགས་རྗེས་ཕེ་ཐུང་མེ་འཁོར་ལ་བསྡད་དེ་པེ་ཏའེ་ཧོ་རུ་ཙུང་ལིར་བྱིན། ཟླ7པའི་ཚེས12ཉིན། ཙུང་ལི་དང་ཕེ་ཐུང་གཉིས་ཀྱིས་ཡིག་ཚགས་ཀྱི་བྱ་བ་གླེང་། ཧྥེ་ལའོ་ཡིས་ཕྱིར་དྲན་བྱས་ཏེ་འདི་ལྟར་བཤད། ང་ཚོས་ཡིག་ཆ་སྐོར་ཞིག་བཙལ་ནས་ཙུང་ལི་ཀྲོའུ་ཨེན་ལའེ་ལ་བསྐྱལ་བ་དང་། དེ་ནི་འགོ་ཁྲིད་ཀྱིས་ང་ཚོར་སྐུལ་འདེད་བྱེད་པའི་ཚིག་ཅིག་ཡིན་ཞེས་བཤད་པ་ལྟར། ང་ཚོའི་བྱ་བར་འགོ་ཁྲིད་བློ་མཐུན་གྱིས་གཟིགས་ཞིབ་ཐེངས་གཅིག་གནང་བས་གྲུབ་འབྲས་ལེགས་པོ་ཐོབ་འདུག་སྙམ། འདི་ནི་ཙུང་ལིས་ཀྲུང་དབྱང་གི་བཀའ་མངགས་ལྟར་འབྲེལ་ཡོད་གྲོས་ཚོགས་ཐོག་ཏུ《གུང་ཁྲན་རྒྱལ་སྤྱི་དང་ཀྲུང་གོ་གུང་ཁྲན་ཏང་གི་འབྲེལ་བའི་སྐོར་གྱི་སྙན་ཞུ》ལ་གྲ་སྒྲིག་བྱས་པ་ཡིན་པ་ང་ཚོས་གཞི་ནས་ཤེས་བྱུང་། དེའི་ཐོག་ནས་ཀྲོའུ་ཙུང་ལིས་ཡིག་ཚགས་ཀྱི་ནུས་པར་ཧ་ཅང་མཐོང་ཆེན་ཆེན་པོ་གནང་གི་ཡོད་པ་དང་། ལོ་རྒྱུས་ལ་ཞིབ་འཇུག་དང་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་རྟག་ཏུ་ཡིག་ཚགས་དག་གཞི་འཛིན་ས་བྱེད་ཀྱི་ཡོད། ཙུང་ལིའི་སྙན་ཞུའི་ཟིན་བྲིས་དེ་ཀྲུང་དབྱང་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་ཡོད། སྤྱི་ལོ1963ལོའི་ཟླ4བའི་ཚེས10ཉིན། ཀྲོའུ་ཙུང་ལི་ཡིས་རྒྱལ་ཁབ་ག་གེ་མོའི་ཡིག་ཚགས་བྱ་བའི་འཐུས་ཚབ་ཚོགས་པ་དང་ཐུག་འཕྲད་བྱས་ཤིང་། ཙེང་སན་དང་ཀྲང་ཀྲུང་། ཕེ་ཐུང་བཅས་ལ་མཇལ་འཕྲད་གནང་། ཙུང་ལིས་བཀའ་མོལ་གནང་སྐབས་བློ་མཐུན་ཙེང་སན་ལགས་ལ་ཡིག་ཚགས་སྐོར་གྱི་བྱ་བ་བྱེད་སྐབས་ངེས་པར་དུ་ལོ་རྒྱུས་ལ་ཞིབ་འཇུག་བྱ་དགོས་ཞེས་གསུངས་པ་དང་། ཡིག་ཚགས་སྐོར་གྱི་བྱ་བའི་དམིགས་ཡུལ་ནི་གསར་བརྗེ་སྐོར་ལ་ཞབས་འདེགས་ཞུ་ཆེད་ཡིན་ཞིང་། ཡིག་ཚགས་ལ་བརྟེན་ནས་ང་ཚོའི་ལོ་རྒྱུས་ཐོག་གི་འཐབ་རྩོད་ཀྱི་ཉམས་མྱོང་ར་སྤྲོད་དང་ལོ་རྒྱུས་ཀྱི་ཉམས་མྱོང་དག་ཕུན་སུམ་ཚོགས་སུ་གཏོང་དགོས་ཞེས་གསུངས་ཡོད། དེར་བརྟེན་ལོ་རྒྱུས་ཀྱི་ཡིག་ཚགས་རྙིང་པ་དེ་ད་ཡོད་ཀྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ན་ང་ཚོས་ཉམས་མྱོང་གསར་པ་དང་འཐབ་རྩོད་གསར་པ་བྱེད་བདེ་ཞིང་། ཚིག་གཅིག་ཏུ་བསྡུས་ནས་བཤད་ན། ཡིག་ཚགས་ཀྱི་བྱ་བ་དེས་གསར་བརྗེའི་འཐབ་རྩོད་དངོས་ལ་ཞབས་འདེགས་ཞུ་དགོས་པ་མ་ཟད། ཡིག་ཚགས་ཀྱིས་འཐབ་རྩོད་ཉམས་མྱོང་གསར་གཏོད་བྱ་རྒྱུར་ཞབས་འདེགས་ཞུ་དགོས། དེ་བཞིན་དུ་ཙུང་ལིས་གསར་བརྗེའི་འཐབ་རྩོད་སྐོར་གྱི་གསུངས་བཤད་མང་པོ་གནང་ཞིང་། གསར་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་མར་ལེའི་རིང་ལུགས་འཕེལ་རྒྱས་བཏང་ན་བརྟན་པོར་ཡོང་ཚུལ་དང་ཡིག་ཚགས་ཁང་གི་ཉེ་རབས་དང་དེང་རབས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་དགོས་ཚུལ། ལོ་རྒྱུས་ཀྱི་དཔེ་ཆ་ཁ་ཤས་ལ་ཁྱོད་ཚོས་ཞིབ་འཇུག་བྱ་འདོད་ཚེ་ཡིག་ཚགས་བཀོལ་ནས་ལོ་རྒྱུས་ཀྱི་དོན་དངོས་འབྲི་དགོས་ཞེས་ཀྲོའུ་ཙུང་ལིས་ཡིག་ཚགས་བྱ་གཞག་དང་མར་ཁེ་སི་རིང་ལུགས་འཕེལ་རྒྱས་གཏོང་རྒྱུ་ཟུང་འབྲེལ་བྱས་པ་མ་ཟད། ཡིག་ཚགས་ལས་དོན་ལ་ལོ་རྒྱུས་ཀྱི་འགན་འཁྲི་སྤྲད་པ་རེད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས། ཏང་ཀྲུང་དབྱང་གིས་གོམ་གང་མདུན་སྤོས་ཀྱིས་བསྟན་དོན། ཡིག་ཚགས་ཀྱི་བྱ་བ་ལེགས་པར་བསྒྲུབ་རྒྱུ་ནི་མིག་སྔའི་བྱ་བའི་དགོས་མཁོ་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་རྣམ་པ་ངོ་མ་སྲུང་སྐྱོང་བྱེད་པའི་བྱ་གཞག་གལ་ཆེན་ཞིག་ཀྱང་ཡིན་པ་མ་ཟད་སྙིང་སྟོབས་དེ་ཀྲོའུ་ཙུང་ལི་ཡི་སློབ་སྟོན་དང་གཅིག་མཐུན་ཡིན།

3_3   མའོ་ཀྲུའུ་ཞིས་མཆན་བཀོད་མཛུབ་སྟོན་གནང་བ།

.jpg《མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས་》བམ་པོ4པ་པར་དུ་བསྐྲུན་རྗེས། ཏང་ཀྲུང་དབྱང་གིས་ཁ་སྣོན་རྒྱག་རྒྱུར་ཐག་བཅད། 《མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས》བམ་པོ1ནས3པ་རུ་ཀྲུང་དབྱང་ཡིག་ཚགས་ཁང་ལ་ཡིག་ཆ་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ཅིང་། སྤྱི་ལོ1963ལོར་ཀྲུང་དབྱང་པུའུ་ཡི་ཀྲུའུ་རེན་ཝུའུ་ཧྲན་ཁྲང་དང་ཀོན་ཀྲང་གཞོན་པ་ཕེ་ཐུང་ལ་སྤྱི་ལོ1941ལོར་མའོ་ཀྲུའུ་ཞིས་ཡན་ཨན་དུ་བྲིས་གནང་མཛད་པའི《སྤྱི་ལོ1931ལོའི་ཟླ9པ་ནས་སྤྱི་ལོ1935ལོའི་བར་གྱི་ཀྲུང་དབྱང་ལམ་ཕྱོགས་སྐོར་གྱི་མཐའ་དཔྱོད》ཅེས་པའི་རྩོམ་ཡིག་རིང་པོ་དེ་འོས་སྦྱོར་བྱས་པ་ཡིན་ཞིང་། རྩོམ་ཡིག་ནང་དུ་གཡོན་ལྷུང་ལམ་ཕྱོགས་ཀྱིས་དབང་སྒྱུར་བྱེད་པའི་དུས་སྐབས་སུ་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད་དང་མཛུབ་སྟོན7དང་། རྩོམ་ཡིག9ལ་དམིགས་ནས་རྩོམ་ཡིག་རེ་རེར་དབྱེ་ཞིབ་དང་སྐྱོན་བརྗོད་བྱས། ཕེ་ཐུང་གིས་རྩོམ་ཡིག་འདི་མའོ་ཀྲུའུ་ཞིར་བལྟ་རུ་འཇུག་དགོས་ཞེས་བཤད། མའོ་ཀྲུའུ་ཞིས་བསྐུར་བའི་རྩོམ་ཡིག་འབྱོར་རྗེས་ཐེངས་འགའ་ལ་བལྟས། ཁོང་གིས་གཟིགས་རྗེས་བློ་མཐུན་ལིའུ་ཧྲའོ་ཆི་དང་། ཀྲོའུ་ཨེན་ལའེ། ཏེང་ཞའོ་ཕིན། ཕེང་ཀྲེན་སོགས་ཀྱིས་གཟིགས་ཞིབ་མཛད་པ་རེད། སྤྱི་ལོ1965ལོའི་ཟླ5བར། མའོ་ཀྲུའུ་ཞིས་ཡང་བསྐྱར་རྩོམ་ཡིག་འདི་ལ་བལྟས་ཏེ། བཟོ་བཅོས་འགའ་བྱས་ནས་བརྗོད་གཞི་གཡོན་ལྷུང་ལམ་ཕྱོགས་ཐེངས་གསུམ་པར་དགག་པ་བརྒྱབ་པ་མ་ཟད། དཔྱད་མཆན་ཞིག་ཀྱང་བྲིས་འདུག ཀྲུའུ་ཞིས་དཔྱད་མཆན་ནང་བྲིས་དོན་རྩོམ་ཡིག་འདི་ནི་ཡན་ཨན་དུ་བྲིས་པ་ཞིག་ཡིན་ཞིང་ལིའུ་ཧྲའོ་ཆི་དང་རེན་པི་ཧྲི་རྣམ་གཉིས་ལ་ཕུལ་མྱོང་། སྤྱི་ལོ1964ལོར་མི་ཞིག་གིས་ཀྲུང་དབྱང་ཡིག་ཚགས་ཁང་ནས་རྩོམ་ཡིག་འདིའི་མ་ཡིག་བཙལ་ཏེ་བསྟན་པ་ནས་བཟུང་ད་གཟོད་གནས་ཚུལ་འདི་འདྲ་ཞིག་ཡོད་པ་ཁོང་གིས་ཡིད་ལ་དྲན་བྱུང་། འདི་ནི་མའོ་ཀྲུའུ་ཞིས་ཀྲུང་དབྱང་ཡིག་ཚགས་ཁང་གི་ལས་དོན་ལ་ཁས་ལེན་གནང་བ་ཞིག་རེད། ཀྲུང་དབྱང་དུ་ལྔ་བདུན་ལས་བྱེད་སློབ་གྲྭ་བཙུགས་ནས་ཕྱིར་ཟ་ཁང་དུ་ལོག་རྗེས་གཞི་ནས་མའོ་ཀྲུའུ་ཞིའི་མཆན་བཀོད་མཛུབ་སྟོན་མཐོང་བྱུང་། རིག་གནས་གསར་བརྗེ་ཆེན་པོ་བརྒྱུད་མྱོང་བའི་མའོ་ཀྲུའུ་ཞིའི་མཆན་བཀོད་མཛུབ་སྟོན་མཐོང་རྗེས་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་།

3_4   བརྗེད་དཀའ་བའི་དགའ་སྟོན།

.jpgསྤྱི་ལོ1979ལོའི་ཟླ10་པའི་ཚེས8ཉིན་ཀྲུང་དབྱང་ཡིག་ཚགས་ཁང་བཙུགས་ནས་ལོ་འཁོར20འགོར་པའི་བཀྲ་ཤིས་ཉིན་མོ་བསུས་ཤིང་། འདི་ནི་རིག་གནས་གསར་བརྗེ་ཆེན་པོའི་རྗེས་ཀྱི་ཀྲུང་དབྱང་ཡིག་ཚགས་ཁང་གི་གསོལ་སྟོན་ཐེངས་དང་པོ་རེད། ཉིན་དེར་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་འགོ་ཁྲིད་པས་རྟེན་འབྲེལ་ཞུས་པ་དང་། ཡའོ་དབྱི་ལིན། (ཀྲུང་གུང་ཀྲུང་དབྱང་གི་དྲུང་ཡིག་ཆེ་གཞོན་པ་དང་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན)ཐོག་མར་གཞུང་ཚབ་ཁང་གི་འགོ་འཛིན་ཙེང་སན་དང་ལྷན་དུ་ཐོག་ཁང་དང་པོའི་མཛོད་ཁང་ལ་བལྟས་པ་རེད། དེ་རྗེས་དེ་གར་ཕེབས་པའི་བློ་མཐུན་རྒན་གྲས་ཉེ་རུང་ཀྲེན་དང་། ཏེང་ཡིང་ཁྲའོ། ལི་ཝེ་ཧན། ཝང་ཀྲེན། ཝང་ཧྲོའུ་ཏའོ་སོགས་ཀྱིས་གནའ་གཏམ་སྐོར་གླེང་བ་དང་འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཏེ་དགའ་སྤྲོའི་དཔལ་ལ་རོལ་བ་རེད། རྟེན་འབྲེལ་ཞུ་བར་ཕེབས་པའི་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོས་ཐོག་ཁང་གི་མདུན་དུ་དྲན་རྟེན་སྐུ་པར་བསྐྱོན་པ་མ་ཟད། ད་དུང་བཤམས་སྟོན་ཁང་སོགས་སུ་ཉར་ཚགས་བྱས་ཡོད་པའི་ཏང་གི་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ་རྩ་ཆེན་འགྲེམས་སྟོན་ལ་གཟིགས་སྐོར་ཡང་གནང་བ་རེད། སྤྱི་ལོ1989ལོའི་ཟླ10པའི་ཚེས8ཉིན་ཀྲུང་དབྱང་ཡིག་ཚགས་ཁང་ནས་ལོ30འགོར་བའི་རྟེན་འབྲེལ་ཞུས་པ་ཡིན། ཟླ10པའི་ཚེས16ཉིན། དབྱང་ཧྲང་ཁུན་གྱིས་རིག་གཞུང་གྲོས་མོལ་ཚོགས་འདུ་སྐོང་ཚོགས་བྱས་ཤིང་ཚེས17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་དབྱང་ཧྲང་ཁུན་དང་། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན། དབུན་ཅ་པའོ་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་ཧུའུ་ཧྲེང་། ཡུས་ཀོང་ཡོན། ཨའེ་ཀྲི་ཧྲེང་། ཝང་ཀོང་མེ། ཝང་རུང་ཧྭ། (ལིའུ་པོ་ཁྲེང་ཡོན་ཧྲོའུ)སོགས་ཀྱིས་རྟེན་འབྲེལ་ཞུས་པ་དང་འབྲེལ་ལྟ་སྐོར་ཡང་གནང་བ་རེད། ཉིན་དེར་ཝུན་ཅ་པའོ་ཀྲུའུ་རེན་སྔ་མོ་ནས་ཐོན་ཞིང་ཁོའི་རྗེས་སུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དབྱང་ཧྲང་ཁུན་འགྲེམས་ཁང་དུ་ཕེབས་སྐབས་ཁོང་གིས་ཕྱག་གཡུག་གཡུག་གནང་ནས་ཚང་མར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་དེ་གར་ཡོད་པའི་བློ་མཐུན་རྣམ་པ་དང་རེ་རེ་བཞིན་ཕྱག་འཇུ་གནང་བ་རེད། དབྱང་ཧྲང་ཁུན་གྱིས་ཁང་པའི་ནང་གི་སྒྲིག་ཆས་དང་གྱང་ངོས་སུ་བཀལ་བའི་འདྲ་པར་ལ་གཟིགས་རྗེས་ལས་དོན་མི་སྣའི་གནས་ཚུལ་བཀའ་འདྲི་གནང་བ་དང་དེ་རྗེས་འགྲེམས་སྟོན་ཁང་དུ་ལྟ་སྐོར་ལ་ཕེབས་པ་རེད། བློ་མཐུན་དབྱང་ཧྲང་ཁུན་གྱིས་གསུང་བཤད་ཐེངས་གཅིག་གི་ནང་དུ་ཡིག་ཚགས་སྐོར་གྱི་ཕྱག་ལས་ནི་བྱ་བ་ཧ་ཅང་གལ་ཆེན་ཞིག་ཡིན་ཞེས་གསུངས་པ་དང་། ཡིག་ཚགས་སྐོར་གྱི་བྱ་བ་བསྒྲུབ་པ་དང་མིང་མེད་དཔའ་བོ་བྱེད་འདོད་ན་མི་ཚེ་གང་པོར་འབད་པ་བྱེད་དགོས་པ་དང་། དབྱང་ཧྲང་ཁུན་གྱིས་ད་དུང་ཀྲུང་དབྱང་ཡིག་ཚགས་ཁང་དུ་ཕེ་ཐུང་ཞིག་ཡོད་པ་དེ་ཡན་ཨན་ནས་བཟུང་ཀྲུང་དབྱང་གི་ཡིག་ཆ་དོ་དམ་བྱེད་ཀྱི་ཡོད་ཅིང་། དེ་ནི་ཏང་གི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ལ་རྒྱུས་མངའ་ཆེན་པོ་ཡོད་པའི་བློ་མཐུན་ཞིག་ཡིན་པས། ཕལ་ཆེར་ཀྲུང་དབྱང་ཡིག་ཚགས་ཁང་དུ་ཏང་གི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་ལ་རྒྱུས་མངའ་ཡོད་ཚུལ་བཤད་ན་ཁོང་ཨང་དང་པོར་བརྩི་རྒྱུ་རེད། མའོ་ཀྲུའུ་ཞིས་ཡིག་ཆ་གང་རུང་ཞིག་བཙལ་ཏེ་ཁོ་ལ་དྲིས་ན། ཁོས་མྱུར་དུ་ལན་འདེབས་ཐུབ་ཅིང་ཁོས་མྱུར་དུ་ཁྱོད་ལ་ཞིབ་བཤེར་བྱེད་ངེས་ཞེས་བཤད་པ་མ་ཟད་རྒྱུན་དུ་ཁོ་ལ་ཆེད་མཁས་པའང་ཟེར།

4 སྒྲིག་བཀོད་འཛུགས་སྐྲུན།

ཡིག་ཚགས་ཁང་གི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི6.42ཡོད་ཅིང་། དེའི་ནང་མཛོད་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་3.42ཡོད་པ་དང་། རང་འགུལ་ཅན་གྱི་དྲོད་སྙོམས་འཕྲུལ་ཆས་དང་། ལྟ་ཞིབ་པ། ཉེན་བརྡ། དུག་སེལ། སྲུང་སྐྱོབ་བཅས་ཀྱི་ལག་རྩལ་སྒྲིག་བཀོད་ཡོད་པ་མ་ཟད། ད་དུང་གློག་རྡུལ་རྩིས་འཁོར་དང་། པར་ཆུང་། ཞི་གློག་བསྐྱར་དཔར་དང་གློག་ཀླད་སོགས་ཀྱི་སྒྲིག་ཆས་ཀྱང་ཡོད་པ་རེད། རྒྱལ་ཁབ་ཡིག་ཚགས་དོ་དམ་པུའུ་དང་དཔེ་དེབ་དཔྱད་ཡིག་དོ་དམ་པུའུ། ལག་རྩལ་སྲུང་སྐྱོང་པུའུ་བཅས་བཙུགས་ཡོད། ཡིག་ཚགས་ཁང་བཙུགས་པའི་ཚུན་ཆད་དུ་ཀྲུང་དབྱང་གི་འགོ་ཁྲིད་ལས་དོན་ལ་ཞབས་འདེགས་ཞུ་རྒྱུར་འགན་ལེན་བྱེད་པ་དང་ཆབས་ཅིག ལོ་རྒྱུས་ཀྱི་ཡིག་ཚགས་དཔྱད་གཞི་རིམ་བཞིན་སྒོ་ཕྱེ་ཡོད་ཅིང་། ཟ་ཁང་ནང་དུའང་ལྟ་ཀློག་ཁང་བཙུགས་ཡོད། ཡིག་ཚགས་ཁང་དེས་ད་དུང་འཕྲིན་ཡིག་དང་གློག་འཕྲིན་འདྲི་རྩད་ཀྱི་ལས་སྒོ་གཉེར་ནས་ཡིག་ཚགས་ཀྱི་དཔང་ཡིག་གམ་བསྐྱར་དཔར་ཡིག་ཆ་མཁོ་འདོན་བྱེད་བཞིན་ཡོད་དང་། 《ཀྲུང་གུང་ཀྲུང་དབྱང་གི་ཡིག་ཆ་གཅེས་བསྡུས》(སྤྱི་ལོ1921~སྤྱི་ལོ1949)《རི་པིན་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོར་བཙན་འཛུལ་བྱས་པའི་ཡིག་ཚགས་དཔྱད་གཞི་བདམས་བསྒྲིགས》(སྤྱི་ལོ1931~སྤྱི་ལོ1945)《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡིག་ཚགས་དཔྱད་གཞི་བདམས་བསྒྲིགས》(སྤྱི་ལོ1949~སྤྱི་ལོ1949)སོགས་ཡིག་ཚགས་ཀྱི་རིགས40ཕྱོགས་བསྒྲིགས་བྱས་ཟིན། གཞན་ད་དུང་ཀྲུང་གུང་ཀྲུང་དབྱང་ཞིབ་འཇུག་ཁང་དང་མཉམ་དུ་ཡིག་ཚགས་དཔྱད་ཡིག་ཁྱབ་བསྒྲགས་བྱ་རྒྱུ་གཙོ་བོར་བཟུང་ཡོད་པའི་དུས་དེབ《ཏང་གི་ཚད་ལྡན་ཡིག་ཚགས》ཅེས་པའང་བསྒྲིགས་ཡོད།

5 ནང་ཁུལ་སྒྲིག་གཞི།
5_1    ཀྲུང་གོའི་ལོ་རྒྱུས་ཡིག་ཚགས་ཁང་དང་པོ། 

ཀྲུ.jpgང་གོའི་ལོ་རྒྱུས་ཡིག་ཚགས་ཁང་དང་པོ་ནི་མིང་ཆིང་རྒྱལ་རབས་སུ་ཀྲུང་དབྱང་ལས་ཁུངས་ཀྱི་ཡིག་ཚགས་གཙོ་བོར་བྱེད་པའི་རིག་གནས་བྱ་བའི་ལས་ཁུངས་ཤིག་ཡིན་ཞིང་། གཞུང་ཚབ་ཁང་གི་གནས་ཡུལ་ནི་པེ་ཅིང་གི་ཞི་ཧྭ་སྒོའི་ནང་དུ་ཡོད། དེ་རུ་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་གཉིས་ཀྱི་ཀྲུང་དབྱང་ལས་ཁུངས་དང་ས་གནས་ལས་ཁུངས་ཉུང་ཤས་ཀྱི་ཡིག་ཚགས་ཁྱོན་བསྡོམས་ཁྲི74ལྷག་ཉར་ཚགས་བྱས་ཡོད་པ་དང་། ཡིག་ཚགས་སྤྱི་ཚོགས་སྟེང་འགྲེལ་སྤེལ་བྱས་ཏེ་ལས་རིགས་ཁག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་། དེ་བཞིན་ཕྱོགས་གཞན་དག་ཏུ་བེད་སྤྱོད་གཏོང་མཁན་ལ་སྣེ་ལེནའང་ཞུས་ཡོད། དེ་རུ་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་སྐབས་ཀྱི་ཡིག་ཚགས་མང་ཤོས་ཀྱི་ཉར་ཚགས་བྱས་ཡོད་ཅིང་མིང་ཆིང་ལོ་རྒྱུས་དང་ཉེ་རབས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་དཔྱད་གཞིའི་ལྟེ་གནས་ཤིག་རེད།

5_2    ཀྲུང་གོའི་ལོ་རྒྱུས་ཡིག་ཚགས་ཁང་དང་པོ།

ཀྲུང་གོའི་ལོ་རྒྱུས་ཡིག་ཚགས་ཁང་གཉིས་པ་ནི་ཀྲུང་ཧྭ་མིན་གོའི་དུས་སྐབས་ཀྱི་སྲིད་དབང་སོ་སོའི་ཀྲུང་དབྱང་ལས་ཁུངས་ཀྱི་ཡིག་ཚགས་གཙོ་བོར་བྱེད་པའི་རིག་གནས་ལས་དོན་གྱི་ལས་ཁུངས་ཡིན་ཞིང་། གཞུང་ཚབ་ཁང་གི་གནས་ཡུལ་ནི་ནན་ཅིན་ན་ཡོད། འགྲེམ་སྟོན་ཁང་དེས་ཀྲུང་ཧྭ་མིན་གོའི་དུས་སྐབས་ཀྱི་སྲིད་དབང་སོ་སོའི་ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་མ་ལག་གི་ཡིག་ཚགས་ཉར་ཚགས་བྱས་ཡོད་པ་དང་། དེའི་ནང་རྫོང་ཡོངས900དང་བམ་པོ་ཁྲི130ལྷག་ཙམ་ཉར་ཚགས་བྱས་ཡོད་པ་དང་། ཡིག་སྒྲིལ་སྟེང་བསྒྲིགས་པའི་སྤྱིའི་རིང་ཚད་ལ་སྨི35000ཡོད། དེ་ནི་མིན་གོའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་ལྟེ་གནས་ཤིག་ཡིན།

6 ཁྱད་ཆོས་གཙོ་བོ།

ཀྲུང་དབྱང་ཡིག་ཚགས་ཁང་གི་བཤམས་སྟོན་ཁང་སོགས་སུ་ཉར་ཚགས་བྱས་ཡོད་པའི་ཡིག་ཚགས་གཙོ་བོ་ནི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཁག་ནས་བསྡུ་ལེན་བྱས་པ་ཞིག་ཡིན་ཞིང་། ལ་ལ་ནི་རྒྱལ་ཁབ་ཕྱི་ནང་གི་སྡེ་ཚན་དང་མི་སྒེར་གྱི་ལག་ནས་བསྡུ་རུབ་བྱས་ཤིང་ཡང་མི་སྒེར་གྱིས་རང་འགུལ་གྱིས་ཞལ་འདེབས་སུ་ཕུལ་བའང་ཡོད། ཡིག་ཚགས་འདི་དག་ལ་ཁྱད་ཆོས་ཆེན་པོ་དྲུག་ཡོད་དེ།

ཚང་མ་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེ་དང་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི་ཡིག་ཚགས་ཡིན།

ཡིག་ཚགས་ཚང་མ་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་བྱུང་བའི་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེའི་ཡིག་ཚགས་དང་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི་ཡིག་ཚགས་ཡིན། མིང་དང་ཆིང་རྒྱལ་རབས་ཀྱི་དུས་སྐབས། མིན་གོའི་དུས་སྐབས་བཅས་སུ་བྱུང་བའི་ཀྲུང་དབྱང་ལས་ཁུངས་ཀྱི་ཡིག་ཚགས་དེ་ཀྲུང་གོའི་ཡིག་ཚགས་ཁང་དུ་ཉར་ཚགས་མི་བྱེད་པར་ཀྲུང་གོའི་ལོ་རྒྱུས་ཡིག་ཚགས་ཁང་དང་པོ་དང་གཉིས་པར་ཉར་ཚགས་བྱས་ཡོད།

ཏང་སྲིད་ཀྱི་ཡིག་ཚགས་སོགས་གཅིག་གྱུར་གྱིས་དོ་དམ་བྱས་ཡོད་པ།

ཀྲུང་གོའི་གུང་ཁྲན་ཏང་གི་ཡིག་ཚགས་དང་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་སྲིད་དབང་ལས་ཁུངས་ཀྱི་ཡིག་ཚགས་ཀྱང་ཡོད། སྤྱི་ལོ1959ལོ་ནས་བཟུང་རང་རྒྱལ་གྱིས་ཏང་སྲིད་ཡིག་ཚགས་གཅིག་གྱུར་གྱིས་དོ་དམ་བྱེད་པའི་སྒྲིག་སྲོལ་ལག་བསྟར་བྱས་ཤིང་། རིམ་པ་སོ་སོའི་ཡིག་ཚགས་སྡེ་ཁག་གིས་སྲིད་སྐྱོང་ཏང་གི་ལས་ཁུངས་ཀྱི་ཡིག་ཚགས་ཉར་ཚགས་བྱས་ཡོད་པ་མ་ཟད། སྲིད་གཞུང་ལས་ཁུངས་ཀྱི་ཡིག་ཚགས་ཀྱང་ཉར་ཚགས་བྱས་ཡོད།

ཡིག་ཚགས་གྲུབ་པའི་སྡེ་ཚན་གྱི་རིམ་པ་ཅུང་མཐོ་བ།

ཡིག་ཚགས་ཁང་དུ་ཉར་བའི་ཡིག་ཚགས་ནི་གཙོ་བོ་ཀྲུང་དབྱང་ལས་ཁུངས་ཀྱི་ཡིག་ཚགས་ཡིན་ལ་ས་གནས་ཀྱི་ཡིག་ཚགས་ཅུང་ཉུང་བ། རང་རྒྱལ་གྱི་ཡིག་ཚགས་བྱ་བར་རིམ་བགོས་དོ་དམ་བྱེད་པའི་བླང་བྱ་ལྟར་རིམ་པ་སོ་སོའི་ས་གནས་ལས་ཁུངས་སུ་ཉར་ཚགས་བྱས་ཡོད་པ།

གཞུང་ཡིག་ཏུ་གཏོགས་པའི་ཡིག་ཚགས་མང་པོ་ཡོད་པ།

གཙོ་བོ་ཡིག་ཆའི་ཡིག་ཚགས་ཡིན་པ་དང་ཆེད་དམིགས་ཡིག་ཚགས་དག་ཅུང་ཉུང་། དེ་བཞིན་དུ་རང་རྒྱལ་ལ་ཕྱོགས་བསྡུས་ཡིག་ཚགས་ཁང་ཡོད་པ་མ་ཟད། ད་དུང་ཆེད་དམིགས་ཡིག་ཚགས་ཁང་སྣ་ཚོགས་ཀྱང་ཡོད། དཔེར་ན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་སུ་ཆེད་དུ་ཉར་ཚགས་བྱས་པའི་འདྲ་པར་ཡིག་ཚགས་ཁང་དང་། ཆེད་མངགས་གློག་བརྙན་ཡིག་ཚགས་ཉར་ཚགས་བྱས་པའི་ཀྲུང་གོའི་གློག་བརྙན་ཡིག་ཚགས་ཁང་སོགས་ཡོད།

གཙོ་བོ་ནི་སྤྱི་ལོ1990ལོའི་གོང་དུ་ཡོད་པའི་ཡིག་ཚགས་ཡིན།

སྤྱི་ལོ1990ལོའི་རྗེས་སུ་བྱུང་བའི་ཡིག་ཚགས་ཁང་ཅུང་ཉུང་། ཡིག་ཆའི་ཚེ་སྲོག་འཁོར་ཡུན་དང་བཀོལ་སྤྱོད་བྱེད་བདེ་བའི་རྩ་དོན་ལྟར་རང་རྒྱལ་གྱི་ཡིག་ཚགས་བཅའ་ཁྲིམས་ཀྱི་གཏན་འབེབས་བྱས་པ་ཡིན། ཀྲུང་དབྱང་རིམ་པའི་ལས་ཁུངས་ཀྱི་ཡིག་ཚགས་ནི་སྤྱིར་བཏང་དུ་ལོ20འགོར་རྗེས་ད་གཟོད་ཡིག་ཚགས་ཁང་ལ་རྩིས་སྤྲོད་བྱས་ཡོད་ཅིང་། སྤྱི་ལོ1990ལོ་ནས་བཟུང་ཀྲུང་དབྱང་གི་རྒྱལ་ཁབ་ལས་ཁུངས་སོ་སོ་དང་ཀྲུང་དབྱང་གི་ཁེ་ལས་སོ་སོ་ལས་གྲུབ་པའི་ཡིག་ཚགས་མང་ཆེ་བ་ལས་ཁུངས་སོ་སོས་ཉར་ཚགས་བྱེད་བཞིན་ཡོད། དེ་ལྟར་ཉར་ཚགས་བྱེད་ཡུན་ཚང་མ་ཡུན་རིང་ཞིང་དེ་རུ་ཚན་ཁག་སོ་སོའི་ཡིག་ཚགས་དང་ཡུན་རིང་ཉར་ཚགས་བྱས་ཡོད་པའི་ཡིག་ཚགས། ཉར་ཚགས་ལ་དུས་བཀག་ཡོད་པ་ལྟར་བྱས་ནས་བདག་གཉེར་བྱེད་རྒྱུ་བཅས་གསུམ་ཡོད།

མདོག་དམར་པོ་ཅན་གྱི་ལོ་རྒྱུས་ཡིག་ཚགས་མེ་ལོང་།

ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་། ཀྲུང་གོའི་མི་དམངས་ཀྱི་འགོ་ཁྲིད་དེ་གསར་བརྗེའི་འཐབ་རྩོད་བྱས་པ་ལས་གྲུབ་པའི་གསར་བརྗེའི་ལོ་རྒྱུས་མཚོན་པའི་ཡིག་ཚགས་གལ་ཆེན་ཞིག་ཡིན་ཞིང་། དེ་བཞིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་གྲུབ་པའི་ཡིག་ཚགས་གལ་ཆེན་ལ“ཡིག་ཚགས་མདོག་དམར་པོ་ཅན”ཟེར།

རྒྱལ་ཁབ་ཡིག་ཚགས་ཅུའུ་དང་ཀྲུང་དབྱང་ཡིག་ཚགས་ཁང་དུ་ཡོད་ཡིག་ཆ་བེད་སྤྱོད་བཞིན་ཡོད་པའི་ཀྲུའུ་རེན་ཝང་ཧྲའོ་ཀྲུང་གིས་གསར་འགོད་པར་གསུང་རྒྱུར། ཡིག་ཚགས་དེ་དག་ལ་དམིགས་བསལ་གྱི་རང་བཞིན་དང་གལ་ཆེའི་རང་བཞིན་ལྡན་པས་མཁོ་སྤྲོད་དང་བེད་སྤྱོད་པའི་ཐད་རིན་ཐང་གལ་ཆེན་ལྡན་ཟེར། དེ་བཞིན་དུ་སྤྱིར་བཏང་གི་བླང་བྱ་དང་མི་འདྲ་བར་ཡིག་ཚགས་སོ་སོའི་ཁྱད་ཆོས་གཏན་འབེབས་བྱས་ཡོད་པ་སོགས་ནན་གྱིས་བསྟན། དེར་བརྟེན་ཏང་དང་རྒྱལ་ཁབ་ཀྱིས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བར་གནས་ཚུལ་དངོས་ལ་གཞིགས་ནས་ཡིག་ཚགས་བེད་སྤྱོད་ཀྱི་འགྲོ་ལུགས་དང་། ཞིབ་བཤེར་གཏན་འབེབས། བེད་སྤྱོད་བྱེད་སྟངས་སོགས་ཕྱོགས་གང་ཅིའི་ཐད་ནས་ཀྲུང་དབྱང་གི་ཡིག་ཚགས་མཁོ་འདོན་བྱེད་པའི་ལས་དོན་ཐད་ཞིབ་ཕྲའི་གཏན་འབེབས་ཁ་གསལ་བྱས་ཡོད། ལོ་མང་རིང་ཀྲུང་དབྱང་ཡིག་ཚགས་ཁང་གིས་གཏན་འབེབས་དེ་དག་ལག་བསྟར་ནན་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཡིག་ཚགས་བེད་སྤྱོད་ཀྱི་ལས་དོན་སྤེལ་བས་ཀྲུང་དབྱང་ཡིག་ཚགས་བེད་སྤྱོད་གཏོང་བའི་བརྒྱུད་རིམ་ནང་གི་བདེ་འཇགས་འགན་ལེན་ཐུབ་པ་མ་ཟད་ཡིག་ཚགས་ཞིབ་འཇུག་བྱེད་པར་ནུས་པའང་ཐོན་ཡོད།

ལོ་ཟླའི་འཕོ་འགྱུར་དང་འགྲོགས་པའི་རྟེན་རྫས་བཤམས་སྟོན་ཁང་།

ཀྲུང་དབྱང་ཡིག་ཚགས་ཁང་ནི་སྤྱི་ལོ1959ལོའི་ཟླ10པར་དངོས་སུ་སྒོ་ཕྱེ་བ་དང་། ད་ཆ་སྤྱི་ལོ1919ལོའི“ལྔ་བཞིའི”ལས་འགུལ་ནས་སྤྱི་ལོ1921ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་རིང་ཀྲུང་གོའི་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེ་པ་ཚོས་རིག་གནས་གསར་པའི་ལས་འགུལ་སྤེལ་ནས་ཀྲུང་གོར་མར་ཁེ་སི་རིང་ལུགས་ཁྱབ་སྤེལ་དང་། ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་གསར་བརྗེའི་བྱེད་སྒོའི་ཁྲོད་གྲུབ་པའི་ཡིག་ཚགས་སོགས་ཉར་ཚགས་བྱས་ཡོད་པ་དང་། སྤྱི་ལོ1921ལོའི་ཟླ7པ་ནས་བཟུང་ཀྲུང་གུང་ཀྲུང་དབྱང་དང་དེའི་ཁོངས་གཏོགས་ལས་ཁུངས་དང་། མངག་གཏོང་ལས་ཁུངས་ཀྱིས་དུས་སྐབས་སོ་སོའི་བྱ་འགུལ་ཁྲོད་བྱུང་བའི་ཡིག་ཚགས་ལ་བདག་གཉེར་དོ་དམ་བྱས་ཡོད།

ཡིག་ཚགས་ཁང་དུ་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་ལོ་རྒྱུས་དང་འཐུས་མིའི་ཚོགས་འདུ། དམིགས་བསལ་ཚོགས་འདུ་བཅས་ཡོད་ཅིང་། ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་ཀྱི་ཡིག་ཚགས། ཀྲུང་གུང་ཀྲུང་དབྱང་གིས་ཁྱབ་བསྒྲགས་བྱས་པའི་གྲོས་ཆོད་དང་། ཆོད་དོན། མཛུབ་སྟོན་སོགས་ཀྱི་དཔྱད་གཞིའང་ཡོད་པ་རེད། དེ་བཞིན་དུ་ཀྲུང་གོ་གུང་ཁྲན་ཏང་དང་ཕྱི་རྒྱལ་གྱི་སྲིད་ཏང་དབར་འགྲོ་འོང་བྱེད་པའི་ཡིག་ཆ་དང་གློག་འཕྲིན་སོགས་ཡོད་པ་མ་ཟད། རྒྱལ་ནང་གསར་བརྗེའི་དམག་འཁྲུག་ཐེངས་གཉིས་པ་ནས་བཟུང་ས་གནས་ཁག་ཏུ་སྔ་རྗེས་སུ་བཙུགས་པའི་སུའུ་ཝེ་ཨེད་ཀྱི་སྲིད་དབང་དམར་པོའི་ཕྱོགས་གཏོགས་དང་། རི་འགོག་དམངས་གཙོའི་སྲིད་དབང་། བཅིངས་འགྲོལ་ས་ཁུལ་གྱི་དམངས་གཙོའི་སྲིད་དབང་བཅས་ཀྱི་ཡིག་ཚགས་ཀྱང་ཡོད། སྤྱི་ལོ1949ལོའི་ཟླ10པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་ནས་བཟུང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། དེ་བཞིན་ཐད་གཏོགས་ལས་ཁུངས་ཁག རྒྱལ་ཡོངས་སྲིད་གྲོས་བཅས་ལས་གྲུབ་པའི་ཡིག་ཚགས་སོགས་ཡོད་ཅིང་། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། གུང་གཞོན་ཚོགས་པ་སོགས་རྒྱལ་ཡོངས་རང་བཞིན་གྱི་མི་དམངས་ཚོགས་པའི་ཡིག་ཚགས་དང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གཙོ་བོར་བཟུང་ནས་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་བ་རྒན་གྲས་དག་གི་ཡིག་ཚགས། སྤྱི་ཚོགས་ཐོག་སྐད་གྲགས་ཆེ་བའི་མི་སྣའི་ཡིག་ཚགས། འཕྲིན་ཡིག་དང་ཉིན་ཐོ་སོགས་ཀྱི་ཡིག་ཚགས་དང་དཔྱད་གཞིའི་ཡིག་རིགས་གྲངས་འབོར་མང་ཞིང་བལྟོས་བཅས་ཀྱི་བཤད་ན་ཆ་ཚང་བ་ནི་ཀྲུའུ་ཞི་མའོ་ཙེ་ཏུང་གི་ཕྱག་བྲིས་ཡིན་ཞིང་། ཁྱོན་བསྡོམས་ལ་ཤོག་གྲངས་ཁྲི4ཡོད།

བསྡོམས་རྩིས་བྱས་པར་གཞིགས་ན་སྤྱི་ལོ2010ལོའི་བར་ཀྲུང་དབྱང་ཡིག་ཚགས་ཁང་གིས་ཉར་ཚགས་བྱས་ཡོད་པའི་ཡིག་ཚགས་བམ་པོ10000ལྷག་ཙམ་ཡོད་པ་དང་། ཤོག་ངོས་དུང་ཕྱུར1ལྷག་ཙམ་ཡོད། ཡིག་གེ་ཡི་གོ་རིམ་རིང་ཚད་ལ་སྨི13774ཟིན་ཡོད་པ་རེད། གཞན་ད་དུང་འདྲ་པར་ཁྲི16དང་། སྒྲ་ཕབ་ཟིན་པའི་ཤོག་སྡེར་མ16000ལྷག་ཙམ་དང་གློག་རྡུལ་ཡིག་ཚགས3900ལྷག་བཅས་ཡོད། དེ་བཞིན་དུ་ཚགས་པར་དང་དུས་དེབ། དཔེ་དེབ་སོགས་ཀྱི་དཔྱད་ཡིག་དེབ་གྲངས་ཁྲི234ཉར་ཚགས་བྱས་ཡོད་ཅིང་། ཡིག་ཚགས་དེ་དག་གཙོ་བོ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཁག་གིས་བསྡུ་ལེན་བྱས་པ་ལས་བྱུང་བ་ཡིན་མོད། འོན་ཀྱང་འགའ་ཞིག་ནི་རྒྱལ་ཁབ་ཕྱི་ནང་གི་སྡེ་ཚན་ཁག་དང་མི་སྒེར་གྱི་ལག་ནས་བསྡུ་རུབ་བྱས་པ་ལས་བྱུང་བའང་ཡོད།

འགྲེམས་ཁང་གི་ཡིག་ཚགས་སྔ་ཤོས་ནི་ཏང་ཀྲུང་དབྱང་ཡིག་ཚགས་ཡིན་ཞིང་། ཀྲུང་དབྱང་ཡིག་ཚགས་ཁང་དོ་དམ་པུ་ཡི་ཀྲུའུ་རེན་ཞུས་ཧའོ་ཆིང་གིས་དུས་དེབ་དེའི་གསར་དུ་སྒྲིག་སྟེ། མིང་ལ“ཀྲུང་དབྱང་ཡིག་མཛོད”ཅེས་བཏགས། ཡིག་ཚགས་ནང་དུ་སྤྱི་ལོ1921ལོ་ནས་སྤྱི་ལོ1934ལོའི་བར་གྱི་ཀྲུང་དབྱང་གི་ཡིག་ཆ་སྣ་ཚོགས་དང་ཟིན་ཐོ། ཀྲུང་དབྱང་དང་དམར་དམག་གི་དཔུང་སྡེ་ཁག དེ་བཞིན་དུ་སུའུ་ཝེ་ཨེད་སྲིད་གཞུང་གི་ལས་ཁུངས་ཀྱིས་ཀྲུང་དབྱང་ལ་ཕུལ་བའི་དཔྱད་གཞིའི་ཡིག་རིགས། གུང་ཁྲན་རྒྱལ་སྤྱི་རིང་ལུགས་པས་ཀྲུང་གོའི་གུང་ཁྲན་ཏང་ལ་ཕུལ་བའི་ཡིག་ཆ། ཡོ་རོབ་ཏུ་སྡོད་པ་དང་ཨ་རིར་སྡོད་པ་སོགས་ཀྲུང་གུང་ཏང་རྩ་འཛུགས་དང་གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱི་ཡིག་ཆ་དང་། ཏང་ནང་གི་དཔེ་དེབ་དང་ཚགས་པར་སྣ་ཚོགས་ཀྱང་ཡོད།

དཀར་པོའི་ཕྱོགས་ཀྱིས་འཇིགས་སྐུལ་བྱེད་པའི་དུས་སུ། ཀྲུང་དབྱང་རིག་མཛོད་ཀྱི་འགན་འཁུར་བ་ཐེངས་འགའ་ལ་བརྗེ་སྒྱུར་བྱས་པ་དང་། ཉར་ཚགས་བྱེད་སའི་གནས་ཡུལ་ཡང་རྒྱུན་ཆད་མེད་པར་གནས་སྤོ་བྱས་ཡོད་མོད། འོན་ཀྱང་ཡིག་ཚགས་དེ་དག་ཐོག་མཐའ་བར་གསུམ་དུ་ཉར་ཚགས་ཡག་པོ་བྱས་འདུག ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་འོག་སྤྱི་ལོ1950ལོའི་ཟླ2པར། ཀྲུང་དབྱང་ཡིག་མཛོད་ལ་ཆེད་བསྐོས་མི་སྣས་གཙང་བཤེར་ཐོ་འགོད་བྱེད་པར་འགོ་བརྩམས་ཤིང་། བདེ་འཇགས་ངང་ཀྲུང་དབྱང་གི་དྲུང་ཡིག་ཁྲུའུ་ལ་སྐྱེལ་བ་རེད། སྤྱི་ལོ1959ལོར་ཀྲུང་དབྱང་ཡིག་ཚགས་ཁང་གི་སྒོ་འབྱེད་པའི་སྐབས་སུ་ཀྲུང་དབྱང་ཡིག་ཚགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར། དེ་མིན་ཡན་ཨན་དང་ཞི་པའེ་ཕོ་དུས་སྐབས་ཀྱི་ཡིག་ཚགས་ཀྱང་ཡོད་ལ། ཡན་ཨན་དུས་སྐབས་ཀྱི་ཡིག་ཚགས་ནང་དུ་ཀྲུང་དབྱང་གིས་ཡན་ཨན་ནས་ཉར་ཚགས་བྱས་ཡོད་པའི་ཡིག་ཚགས་ཡོད་པ་མ་ཟད། ད་དུང་དམར་དམག་རྒྱང་སྐྱོད་སྐབས་ཁྱེར་ཡོང་བའི་ཀྲུང་དབྱང་སུའུ་ཝེ་ཨེད་ས་ཁུལ་སོགས་གནས་གཞིའི་ས་ཁུལ5ལས་ཐོན་པའི་ཡིག་ཚགས་དང་། (ཀྲུང་ཧྭ་སུའུ་ཝེ་ཨེད་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་པར་སྐྲུན་ཡིག་རིགས་དང་ཚོགས་འདུའི་གཏམ་བཤད་སྙན་ཞུ) དེ་བཞིན་དམར་དམག་རྒྱང་སྐྱོད་དང་འབྲེལ་བའི་དཔྱད་ཡིག་སོགས་ཀྱང་ཚུད་ཡོད། ཡང་ཀྲུང་དབྱང་ལས་དོན་ཨུ་ཡོན་ལྷན་ཁང་གི་ཡིག་ཚགས་སྒམ་འགའ་ཞིག་རྩིས་ལེན་བྱས་ཡོད་ཅིང་། སྤྱི་ལོ1949ལོའི་ཟླ3པར། ཀྲུང་གུང་ཀྲུང་དབྱང་པེ་ཕིང་དུ་གནས་སྤོས་པ་དང་། ཡན་ཨན་དང་ཞི་པའེ་ཕོ་དུས་སྐབས་ཀྱི་ཡིག་ཚགས་ནི་ཀྲུང་གོ་གསར་པའི་རྒྱལ་ཁབ་ཡིག་ཚགས་ཅུའུ་ཡི་ཅུའུ་ཀྲང་དང་པོ་ཀོན་ཀྲང་གི་འགན་ཁུར་ཏེ་ཉར་ཚགས་བྱས་ཡོད། ཀྲུང་དབྱང་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་པའི་ཡིག་ཚགས་ནང་ད་དུང་སུའུ་ལེན་ནས་རྩིས་ལེན་བྱས་པའི་ཀྲུང་གུང་གུང་ཁྲན་རྒྱལ་སྤྱིའི་འཐུས་མི་ཚོགས་པའི་ཡིག་ཚགས་ཀྱང་ཚུད་ཡོད། ལོ་དེར་སུའུ་གུང་གིས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་བ་བསྡུས་ཤིང་སུའུ་གུང་ཀྲུང་དབྱང་གིས་རང་འགུལ་སྒོས་ཀྲུང་གུང་ཀྲུང་དབྱང་ལ་སུའུ་ལེན་དུ་ཉར་ཚགས་བྱས་པའི་གུང་ཁྲན་རྒྱལ་སྤྱིའི་ཀྲུང་གུང་འཐུས་མི་ཚོགས་པའི་ཡིག་ཚགས་ཀྲུང་གོར་རྩིས་སྤྲོད་བྱས། སུའུ་ལེན་ཕྱོགས་ཀྱིས་ཡིག་ཚགས་འདི་དག་པེ་ཅིང་དུ་བསྐྱལ་ཞིང་། ཡིག་ཚགས་དེ་དག་གི་ནང་དོན་ལ་ཀྲུང་གུང་གུང་ཁྲན་རྒྱལ་སྤྱིར་བཅའ་སྡོད་འཐུས་མི་ཚོགས་པའི་འཐུས་མིའི་གནས་ཚུལ་དང་། འཐུས་མི་ཚོགས་པའི་ཁོངས་མི་ཁག་གཅིག་གི་ཟིན་བྲིས་དང་གཏམ་བཤད་ཟིན་ཐོ། ཀྲུང་གུང་ཚོགས་ཆེན་དང་པོ་ནས་དྲུག་པའི་བར་གྱི་འཐུས་མི་ཚོགས་ཆེན་གྱི་ཡིག་ཆ་སོགས་ཚུད་ཡོད། ཡིག་ཚགས་འདི་དག་གི་ནང་དུ་རང་རེའི་ཏང་གི་སྔ་དུས་ཀྱི་ལོ་རྒྱུས་དོན་རྐྱེན་གལ་ཆེན་མང་པོ་བཀོད་ཡོད།

ཤོག་བུའི་ཡིག་ཚགས་ཕུད་གཞན་ད་དུང་ཀྲུང་དབྱང་ཡིག་ཚགས་ཁང་དུ་སྒྲ་ཕབ་དང་བརྙན་ཕབ་ཡིག་ཚགས་བྱས་ཡོད་ཅིང་། གསར་འགོད་པས་ད་རེས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ནང་དུ་བྱུང་བའི་སྒྲ་ཕབ་དང་བརྙན་ཕབ་ཀྱི་དཔྱད་གཞི་རྩ་ཆེན་ཁག་བཞི་ལ་གཟིགས་ཤིང་། སྤྱི་ལོ1924ལོར་སུན་ཀྲུང་ཧྲན་གྱི《བློ་མཐུན་ལ་ཞུ་གཏུག》ཅེས་པའི་སྒྲ་ཕབ་དང་། སྤྱི་ལོ1954ཟླ9པའི་ཚེས15ཉིན་མའོ་ཙེ་ཏུང་གིས་སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཤིས་ཚིག་གསུངས་པ་དང་། སྤྱི་ལོ1975ལོའི་ཟླ1པའི་ཚེས13ཉིན་ཀྲོའུ་ཨེན་ལའེ་ཡིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དང་པོའི་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་ཞིང་། སྤྱི་ལོ1988ལོར་ཏེང་ཞའོ་ཕིང་གིས་པེ་ཅིན་གྱི་གློག་རྡུལ་འཕྲུལ་ཆས་ལ་རྒྱལ་ཁབ་ཚོད་ལྟ་ཁང་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་ཚང་མའང་ཁྱབ་ཁོངས་འདིའི་ཁོངས་སུ་གཏོགས་པ་རེད།

དུས་དེབ་འདིའི་གསར་འགོད་པའི་བཅར་འདྲི་ལས་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་པའི་ཡིག་ཚགས་ལ་ཏང་སྲིད་ཡིག་ཚགས་གཅིག་གྱུར་དོ་དམ་དང་། ཡིག་ཚགས་ལས་བྱུང་བའི་ཚན་པའི་རིམ་པ་མཐོ་ཞིང་གཞུང་ཡིག་རིགས་ཀྱི་ཡིག་ཚགས་མང་བ། དེ་ལྟར་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡིག་ཚགས་ཉར་ཡུན་རིང་བ་བཅས་ཀྱི་ཁྱད་ཆོས་ལྡན། ཡིག་ཚགས་འདི་དག་ནི་གཙོ་བོ་སྤྱི་ལོ1990ལོའི་ཡར་སྔོན་དུ་བྱུང་བའི་ཡིག་ཚགས་ཡིན་ལ། ཅུང་ཉུང་བ་དག་ནི་སྤྱི་ལོ1990ལོའི་རྗེས་སུ་བྱུང་བའི་ཡིག་ཚགས་ཤིག་ཡིན།

ཡིག་ཚགས་ལེགས་སྒྲིག་བྱེད་པར་བསྲུང་དགོས་པའི་སྒྲིག་ཡིག

ཡིག་ཚགས་ལེགས་སྒྲིག་བྱས་ནས་ཡིག་ཚགས་ལ་དཀར་ཆག་བཟོ་བ་དང་། སོ་སོར་གསལ་བོ་འབྱེད་པ། བསྡོམས་རྩིས་བཅས་བྱེད་པ་ནི་ཡིག་ཚགས་ཁང་གི་རྨང་གཞིའི་ལས་དོན་གྱི་གྲས་ཤིག་ཡིན་ཞིང་། བྱ་བ་དེ་དག་ལེགས་པར་བསྒྲུབས་ནས་ཡིག་ཚགས་ནི་སྒྲིག་སྲོལ་ཡོད་པ་དང་ལྟ་རིན་ཡོད་པ་ཞིག་ཡིན་ན་གཞི་ནས་ཉར་ཚགས་དང་བེད་སྤྱོད་བྱེད་བདེ་བ་ཡོང་ཡོད་པའི་རྟགས་རེད།

ཀྲུང་དབྱང་ཡིག་ཚགས་ཁང་གི་སྒོ་ཕྱེ་བའི་རྗེས་སུ་བེད་སྤྱོད་དང་རྨང་གཞིའི་བྱ་བར་དམིགས་ནས། ལོ་མཇུག་ཏུ་ཀྲུང་དབྱང་ཡིག་ཚགས་ཁང་གིས་བསྟན་དོན་ལྟར་ནང་ཁུལ་གྱི་འཛུགས་སྐྲུན་རྨང་གཞིར་བྱེད་པ་དང་། བྱ་བ་བེད་སྤྱོད་གཙོ་བོར་བྱེད་པ་ནི་ནང་ཁུལ་གྱི་འགལ་བ་དག་ཐག་གཅོད་བྱེད་པའི་གཞི་རྩའི་བསམ་བློ་ཡིན། ཡིག་ཚགས་ལེགས་སྒྲིག་གི་བྱ་བ་ནི་མིག་སྔའི་དགོས་མཁོར་དམིགས་ནས་གཙོ་གནད་ཡོད་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས། དེ་བཞིན་དུ་ཚགས་པར་ཁང་དུ་གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་དེ་དུས་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་པའི་ཡིག་ཚགས་ལ་དམིགས་ནས་ཀྲུང་དབྱང་ཡིག་ཚགས་ཁང་གིས་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་པའི་ཡིག་ཚགས་ལ་དབྱེ་བ་ཕྱེ་ཡོད། རིགས་དང་པོ་ནི་སྒྲིག་སྲོལ་ཡོད་པ་དང་གཞི་རྩའི་ཆ་ནས་འཚོལ་ཞིབ་དང་བེད་སྤྱོད་བྱས་ཆོག་པ་ཞིག་ཡིན། རིགས་གཉིས་པ་ནི་སྒྲིག་སྲོལ་ཡོད་རུང་བརྩི་སྲུང་མི་བྱེད་པ་དང་། རིགས་གསུམ་པ་ནི་སྒྲིག་སྲོལ་དང་མི་མཐུན་པའི་ཡིག་ཆ་འཚོལ་ཞིབ་དང་བཀོལ་སྤྱོད་བྱེད་ཐབས་མེད་པའི་ཡིག་ཆ་ཞིག་ཡིན། དེའི་ཐད་ལེགས་སྒྲིག་བྱེད་པའི་བྱེད་ཐབས་ཞིབ་ཕྲ་གཤམ་གསལ་ལྟར་ཡིན་ཞིང་། རིགས་དང་པོ་ནི་སྐྱོན་ཁ་ཤས་ཡོད་པའི་དབང་དུ་བཏང་ནའང་ཡང་བསྐྱར་ལེགས་སྒྲིག་མ་བྱས་ན་ཆོག རིགས་གཉིས་པ་ལ་སྔར་ཡོད་ལེགས་སྒྲིག་བྱས་པའི་རྨང་གཞིའི་སྟེང་ལས་སྣོན་དང་ལེགས་སྒྲིག་ཆ་ཤས་བྱས་ཆོག་མོད། འོན་ཀྱང་བསྐྱར་སྒྲིག་བྱེད་མི་རུང་། རིགས་གསུམ་པར་ལེགས་སྒྲིག་ནན་ཏན་དང་རིགས་དབྱེ་གསལ་འབྱེད་བྱས་ཏེ། ཡིག་ཆ་རྣམས་ཆོས་ཉིད་དང་མཐུན་པར་བམ་པོ་བཟོ་བ་དང་དཀར་ཆག་བཟོ་དགོས། མདོར་ན་ལོ་རྒྱུས་ཀྱི་ཡིག་ཚགས་ལེགས་སྒྲིག་བྱ་རྒྱུ་ནི་སྔར་ཡོད་ཀྱི་རྨང་གཞི་བེད་སྤྱོད་གང་ལེགས་བྱ་དགོས།

ཞུས་ཡན་ཆིང་གིས་བསྒྲིགས་པའི་དུས་དེབ་དེར་ཡིག་ཚགས་ལེགས་སྒྲིག་གི་ལས་དོན་ལ་དུས་མཚམས་མི་འདྲ་བ་འགའ་བརྒྱུད་ཡོད་པར་གསུངས།

སྤྱི་ལོ1993ལོར་གཞུང་ཚབ་ཁང་དང་ཅུའུ་གཉིས་ཟླ་སྒྲིལ་བཏང་རྗེས་སུ་ཀྲུང་དབྱང་ཡིག་ཚགས་ཁང་གིས་མི་ཤུགས་དང་དངོས་ཤུགས་གཅིག་ཏུ་བསྡུས་ནས་ནུས་ཤུགས་ཆེན་པོ་བཏོན་ནས་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་པའི་ཁ་ཐོར་ཡིག་ཚགས་ལེགས་སྒྲིག་བྱས། ཚན་རྩལ་མཐོ་བའི་འཕེལ་རྒྱས་དང་བསྟུན་ནས་ཀྲུང་དབྱང་ཡིག་ཚགས་ཁང་གིས་ཡིག་ཚགས་གཞི་གྲངས་ཅན་དུ་བསྒྱུར་བར་སྣེ་འདྲེན་དང་། ཧུར་ཐག་སྒོས་ཡིག་ཚགས་ལེགས་སྒྲིག་ལས་དོན་ལ་སྐུལ་འདེད་བྱས་ཏེ་ཚད་ལྡན་ཡོང་བ་བྱེད་དགོས། དེ་ལྟར་ཡིག་ཚགས་ཆ་ཚང་ལ་བདེ་འཇགས་སྲུང་སྐྱོང་དང་། ཡིག་ཚགས་ཀྱི་ཉར་ཡུན་གང་ཐུབ་ཅི་ཐུབ་ཀྱིས་རིང་དུ་གཏོང་བ། ཡིག་ཚགས་ཀྱི་ནུས་པ་ཡུན་རིང་འདོན་སྤེལ་བྱེད་པ་བཅས་ནི་ཡིག་ཚགས་ཁང་གི་གཞི་རྩའི་འགན་ནུས་ཡིན་པ་སོགས་ལ་གསུངས་བཤད་གནང་།

ཆེས་རྩ་བར་གྱུར་པ་ཞིག་ནི་མཛོད་ཁང་གི་ཆ་རྐྱེན་ལེགས་ཉེས་དང་ཡིག་ཚགས་ཀྱི་བདེ་འཇགས་དང་ཉར་ཚགས་ལ་འབྲེལ་བ་ཆེན་པོ་ཡོད་ཅིང་། ཞུས་ཡན་ཆིང་གིས་ཀྲུང་དབྱང་ཡིག་ཚགས་ཁང་དུ་ཡིག་ཚགས་ཉར་ཚགས་དང་འཚམ་པའི་མཛོད་ཁང་བསྐྲུན་རྒྱུ་དང་དེས་བདེ་འཇགས་ཁག་ཐེག་བྱེད་དགོས་པ་ནན་གྱིས་བསྟན་ཞིང་། ཚགས་པར་ཁང་གི་གསར་འགོད་པས་ས་གནས་སུ་བཅར་འདྲི་དང་ལྟ་ཞིབ་བྱས་པ་བརྒྱུད་ཀྲུང་དབྱང་ཡིག་ཚགས་ཁང་གི་ཡིག་ཚགས་མཛོད་ཁང་ལ་ཁྱད་ཆོས་ཆེན་པོ་གསུམ་ལྡན་ཡོད་པ་མཐོང་སྟེ། དང་པོ། ཕྱི་གྱང་སྲ་ཞིང་བརྟན་པ། གྱང་མཐུག་པོ་སྤྱད་ནས་ཕན་ནུས་ཆེ་བའི་དྲོད་སྲུང་རྒྱུ། གཉིས་པ། ཡིག་ཚགས་མཛོད་ཁང་གི་བཀོད་སྒྲིག་བྱུང་ཚུལ་ལུགས་མཐུན་དང་ཉེན་ཁ་མེད་པ། སྟབས་བདེ་དང་སྤྱོད་སྒོ་ཆོད་པ་བཅས་ཡིན་པ། གསུམ་པ། སྡོད་ཁང་གི་སྒོ་དང་སྒེའུ་ཁུང་དམ་པོར་བརྒྱབ་སྟེ་སྒྲིག་ཆས་བཙུགས་ནས་མཛོད་ཁང་ནང་གི་དྲོད་ཚད་ཚོད་འཛིན་བྱས་ཆོག་པ།

གཞན་ཡང་ཀྲུང་དབྱང་ཡིག་ཚགས་ཁང་གིས་ད་དུང་བདེ་འཇགས་ཉར་ཚགས་བྱ་ཐབས་མང་པོ་སྤྱད་ཡོད་ཅིང་། དཔེར་ན། ཡིག་ཚགས་བེད་སྤྱོད་གཏོང་སྐབས་ཚང་མ་འདྲ་བཟོ་བྱས་ནས་ཡིག་ཚགས་ལ་གཏོར་སྐྱོན་མི་ཕོག་པའི་འགན་ལེན་བྱེད་དགོས་པ་དང་། ཡིག་ཚགས་ཀྱི་འགོག་བཅོས་ཐད་རྫས་འགྱུར་དང་དངོས་ལུགས་ཀྱི་ཐབས་ཤེས་སྣ་ཚོགས་སྤྱད་དེ་འབུ་གསོད་འབུ་འགོག་བྱེད་དགོས། ཡིག་ཚགས་ཉམས་གསོ་བྱེད་པར་གཙོ་བོ་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ལ་བརྟེན་དགོས་པ་དང་གསར་བརྗེའི་ལོ་རྒྱུས་ཀྱི་ཚགས་པར་དང་དུས་དེབ་སྐོར་ཞིག་གི་པར་སྐྲུན་དང་། དུས་དེབ་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཚད་མཐོ་རུ་འགྲོ་བར་ནུས་པ་ཧ་ཅང་ཡག་པོ་ཐོན་ཡོད། དེ་བཞིན་དུ་ཚགས་པར་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཐོལ་བྱུང་དོན་རྐྱེན་དང་ལྷག་པར་དུ་དམག་འཁྲུག་གིས་ཡིག་ཚགས་ལ་གནོད་འཚེ་མི་ཕོག་པ་བྱ་ཆེད། ཀྲུང་དབྱང་ཡིག་ཚགས་ཁང་གིས་ད་དུང་ངེས་པར་དུ་ཡིག་ཚགས་མང་པོ་བཟོ་དགོས་པ་མ་ཟད། ཉར་ཚགས་བྱ་ཡུལ་ཡང་ཡོད་དགོས་པ་དང་། འདྲ་བཟོ་བྱེད་པ་དང་གྲངས་གཞི་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་ཡིག་ཚགས་ཁང་དུ་ཡིག་ཆ་མང་པོ་ཉར་ཚགས་བྱ་རྒྱུར་རྨང་གཞི་བཏིང་ཡོད་པ་རེད།

7 འགོ་ཁྲིད་གཙོ་བོ།

.jpgལི་མིང་ཧྭ། རྒྱལ་ཁབ་ཡིག་ཚགས་ཅུའུ་ཡི་ཅུའུ་ཀྲང་།

ཀྲུང་དབྱང་ཡིག་ཚགས་ཁང་གི་ཀོན་ཀྲང་ལི་མིང་ཧྭ་ནི་སྤྱི་ལོ1959ལོའི་ཟླ11པར་སྐྱེས་པ་དང་། ཁོང་ནི་རྒྱ་རིགས་ཡིན་ཞིང་པེ་ཅིང་གྲོང་ཁྱེར་གྱི་མི་ཡིན། སྤྱི་ལོ1979ལོའི་ཟླ12པར་ཀྲུང་དབྱང་ཡིག་ཚགས་ཁང་དུ་བྱ་བར་ཞུགས་ཤིང་། སྤྱི་ལོ1991ལོའི་ཟླ6པར་ཀྲུང་གོའི་གུང་ཁྲན་ཏང་ནང་དུ་ཞུགས། སྔ་རྗེས་སུ་ཀྲུང་དབྱང་ཡིག་ཚགས་ཁང་གི་རྒྱལ་ཁབ་ཡིག་ཚགས་ཅུའུ་ཡི་ཡིག་ཚགས་དཔྱད་ཡིག་ཉར་ཚགས་དོ་དམ་པུའུ་ཡི་པུའུ་ཀྲང་དང་ཡིག་ཚགས་ཁྲུའུ་ཡི་ཁྲུའུ་ཀྲང་། ཧུའེ་རིགས་རང་སྐྱོང་ལྗོངས་ཡིག་ཚགས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ། རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གི་ལས་རོགས་གཅིག་ལྕོགས་བཅས་ཡིན་ཞིང་། དེ་མིན་ད་དུང་ཀྲུང་དབྱང་ཡིག་ཚགས་ཁང་རྒྱལ་ཁབ་ཡིག་ཚགས་ཅུའུ་ཡི་ཡིག་ཚགས་དཔྱད་གཞི་དོ་དམ་པུའུ་ཡི་ཀྲུའུ་རེན་དང་། སྤྱི་ལོ2005ལོའི་ཟླ3པར་ཀྲུང་དབྱང་ཡིག་ཚགས་ཁང་གི་ཀོན་ཀྲང་གཞོན་པ་དང་རྒྱལ་ཁབ་ཡིག་ཚགས་ཅུའུ་ཡི་ཅུའུ་ཀྲང་གཞོན་པའི་འགན་བཞེས། སྤྱི་ལོ2015ལོའི་ཟླ7པར་ཀྲུང་དབྱང་ཡིག་ཚགས་ཁང་གི་ཀོན་ཀྲང་དང་རྒྱལ་ཁབ་ཡིག་ཚགས་ཅུའུ་ཡི་ཅུའུ་ཀྲང་གི་འགན་བཞེས།

.jpgཏོན་ཏུང་ཧྲེང་། རྒྱལ་ཁབ་ཡིག་ཚགས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ། ཀྲུང་དབྱང་ཡིག་ཚགས་ཁང་གི་ཀོན་ཀྲང་གཞོན་པ།

ཏོན་ཏུང་ཧྲེང་། སྤྱི་ལོ1954ལོའི་ཟླ10པར་སྐྱེས་ཤིང་ཁོང་ནི་རྒྱ་རིགས་ཡིན། སྤྱི་ལོ1974ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། སྤྱི་ལོ1980ལོའི་ཟླ2པར་པེ་ཅིང་སློབ་ཆེན་གྱི་ལོ་རྒྱུས་ཚན་ཁག་ནས་མཐར་ཕྱིན། སྔ་རྗེས་སུ་རྒྱལ་ཁབ་ཡིག་ཚགས་ཅུའུ་ས་གནས་རིམ་པའི་ཡིག་ཚགས་ཁང་གི་ལས་དོན་ལྟ་སྐུལ་མཛུབ་ཁྲིད་ཁྲུ་ཡི་ཁྲུའུ་ཀྲང་དང་། ཀྲུང་གོའི་ཡིག་ཚགས་སློབ་ཚོགས་ཀྱི་དྲུང་ཡིག་ཆེ་གཞོན་པ། ཀྲུང་གོའི་ལོ་རྒྱུས་ཡིག་ཚགས་ཁང་གཉིས་པའི་ཀོན་ཀྲང་གཞོན་པ། ཀྲུང་དབྱང་ཡིག་ཚགས་ཁང་རྒྱལ་ཁབ་ཡིག་ཚགས་ཅུའུ་ཡི་ཞིབ་འཇུག་སེའུ་ཡི་སེ་ཀྲང་། ཀྲུང་གོའི་ཡིག་ཚགས་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ། སྤྱི་ལོ2005ལོའི་ཟླ3པར་ཀྲུང་དབྱང་ཡིག་ཚགས་ཁང་གི་ཀོན་ཀྲང་གཞོན་པ་དང་རྒྱལ་ཁབ་ཡིག་ཚགས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས་མྱོང་།

ལི་ཞི་ཕིན། རྒྱལ་ཁབ་ཡིག་ཚགས་ཅུའུ་ཡི་འགོ་འཛིན་གཞོན་པ། ཀྲུང་དབྱང་ཡིག་ཚགས་ཁང་གི་འགོ་འཛིན་གཞོན་པ།

.jpgལི་ཧོ་ཕིང་། སྤྱི་ལོ1952ལོའི་ཟླ6པར་སྐྱེས་ཤིང་རྒྱ་རིགས་ཡིན། ཅང་ཞི་ཕིན་ཞང་གི་མི་ཡིན་པ་དང་སློབ་གྲྭ་ཆེན་མོའི་དངོས་གཞིའི་ཚན་ཁག་གི་སློབ་མ་ཡིན། ཁོང་གིས་སྔ་རྗེས་སུ་ཀྲུང་དབྱང་ཡིག་ཚགས་ཁང་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་། ཏང་ཨུད་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ། ཀྲུའུ་རེན། ཀྲུང་དབྱང་ཡིག་ཚགས་ཁང་རྒྱལ་ཁབ་ཡིག་ཚགས་ལས་སྒོའི་མཛུབ་ཁྲིད་སིའི་ཡི་སི་ཀྲང་གཞོན་པ་དང་། སྤྱི་ལོ2005ལོའི་ཟླ11པར་ཀྲུང་དབྱང་ཡིག་ཚགས་ཁང་གི་ཀོན་ཀྲང་གཞོན་པ་དང་རྒྱལ་ཁབ་ཡིག་ཚགས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས།

དབྱང་ཅི་པོ། རྒྱལ་ཁབ་ཡིག་ཚགས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ། ཀྲུང་དབྱང་ཡིག་ཚགས་ཁང་གི་ཀོན་ཀྲང་གཞོན་པ།

.jpgདབྱང་ཅི་པོ། སྤྱི་ལོ1956ལོའི་ཟླ8པར་སྐྱེས་ཤིང་རྒྱ་རིགས་ཡིན། སྤྱི་ལོ1982ལོའི་ཟླ1པོར་པེ་ཅིང་སློབ་ཆེན་ནས་མཐར་ཕྱིན་པ་དང་། སྔ་རྗེས་སུ་རྒྱལ་ཁབ་ཡིག་ཚགས་ཅུའུ་སློབ་གསོ་ཕྱོགས་བསྡུས་ཁྲུའུ་ཡི་ཁྲུའུ་ཀྲང་དང་། ཀྲུང་དབྱང་ཡིག་ཚགས་ཁང་རྒྱལ་ཁབ་ཡིག་ཚགས་ཅུའུ་ཡི་ཞིབ་འཇུག་སིའི་སི་ཀྲང་གཞོན་པ། ཀྲུང་གོའི་ལོ་རྒྱུས་ཡིག་ཚགས་ཁང་དང་པོའི་ཀོན་ཀྲང་གཞོན་པ། ཀྲུང་དབྱང་ཡིག་ཚགས་ཁང་རྒྱལ་ཁབ་ཡིག་ཚགས་ཅུའུ་ཡི་ཞིབ་འཇུག་པ། ཡིག་ཚགས་ཁང་གི་ལས་སྒོའི་མཛུབ་ཁྲིད་སིའི་སི་ཀྲང་། ཀྲུང་དབྱང་ཡིག་ཚགས་ཁང་རྒྱལ་ཁབ་ཡིག་ཚགས་ཅུའུ་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས་པ་དང་སྤྱི་ལོ2006ལོའི་ཟླ7པར་ཀྲུང་དབྱང་ཡིག་ཚགས་ཁང་གི་ཀོན་ཀྲང་གཞོན་པ་དང་རྒྱལ་ཁབ་ཡིག་ཚགས་ཅུས་ཀྱི་ཅུས་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-21

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།