ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་།
ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་ནི་སྤྱི་ལོ2018ལོའི་ཟླ3པར་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཇུས་གཞི》ཞེས་པ་གཞིར་བཟུང་ནས་བཙུགས་པའི་ཀྲུང་གུང་ཀྲུང་དབྱང་གི་མངག་གཏོང་སྒྲིག་གཞི་ཞིག་ཡིན། སྤྱི་ལོ2019ལོའི་ཟླ9པར་ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་བཞི་བའི་སྐོར་གཟིགས་ཚོགས་ཆུང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་ལ་གཟིགས་ཞིབ་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国共产党中央和国家机关工作委员会
ཧྲུའུ་ཅི།
ཏིང་ཞུའེ་ཞང་།
བསྡུས་མིང་།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་།
ངོ་བོ།
ཏང་ཀྲུང་དབྱང་གི་མངག་གཏོང་ལས་ཁུངས།
1 བཙུགས་དུས། 

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་ནི་སྤྱི་ལོ2018ལོར་བཙུགས་ཤིང་། སྤྱི་ལོ2018ལོའི་ཟླ3པར་ཀྲུང་གུང་ཀྲུང་དབྱང་གིས《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཇུས་གཞི》ཞེས་པ་པར་དུ་བཏབ་ཅིང། དེའི་ནང་དུ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་དོན་ཚན་གཏན་ཁེལ་བྱས་པ་བརྒྱུད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བླང་བྱ་དོན་འཁྱོལ་ཡོང་བ། ཏང་གི་འཛུགས་སྐྱོང་ལ་རླབས་ཆེན་གྱི་བྱ་གཞག་གསར་བ་བསྐྲུན་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཏང་གི་འཛུགས་སྐྱོང་ལས་དོན་གཅིག་གྱུར་བཀོད་སྒྲིག་དང་ཐོན་ཁུངས་བསྡུ་སྒྲིག མཉམ་ཤུགས་སྒོས་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་སོགས་ཀྱིས་འགན་འཁྲི་བསྡུ་སྒྲིག་བྱས་ཏེ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས་ཤིང་དེ་ནི་ཏང་ཀྲུང་དབྱང་གི་མངག་གཏོང་ལས་ཁུངས་ཤིག་ཡིན།   

2 འགན་ནུས་གཙོ་བོ།

ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་ནི་ཏང་ཀྲུང་དབྱང་གི་མངག་གཏོང་ལས་ཁུངས་ཡིན་ཞིང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོས་ཏང་གི་བྱ་བར་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་དགོས།
          (གཅིག) ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ཏང་གི་ལས་དོན་གཅིག་གྱུར་གྱིས་སྒྲིག་འཛུགས་དང་། འཆར་འགོད། བཀོད་སྒྲིག་བཅས་བྱེད་པ་དང་། ཏང་ལེགས་སྐྱོང་བྱེད་པའི་ལས་དོན་ཤུགས་ཆེ་རུ་གཏོང་བ་དང་ལེགས་བཅོས་བྱ་རྒྱུའི་བསམ་འཆར་དང་གྲོས་གཞི་འདོན་པ། བྱ་བའི་འཆར་འགོད་ཞིབ་འཇུག་དང་གཏན་འབེབས་བཅས་བྱེད་དགོས་པ་མ་ཟད། རྩ་འཛུགས་དང་ལག་བསྟར་བྱ་རྒྱུ་དམ་འཛིན་ཡང་བྱེད་དགོས།
         (གཉིས)  ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་ལ་མཛུབ་ཁྲིད་བྱས་ཏེ་ལམ་ལུགས་འཛུགས་སྐྱོང་ཤུགས་ཆེ་རུ་བཏང་སྟེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྐུལ་འདེད་གཏིང་ཟབ་གཏོང་དགོས།
         (གསུམ) ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ཏང་གི་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་ཏང་ཡོན་གྱིས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས།  “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ལ་སློབ་སྦྱོང་བྱེད་པར་མཛུབ་སྟོན་བྱེད་དགོས།
         (བཞི) ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ཏང་གི་རྩ་འཛུགས་རིམ་པ་ཁག་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཏང་གི་འཛུགས་སྐྱོང་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཡོང་བ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་བརྩི་སྲུང་ལ་ལྟ་སྐུལ་ཞིབ་བཤེར་བྱ་དགོས་པ་མ་ཟད། ཏང་ཀྲུང་དབྱང་ལ་སྙན་སེང་ཡང་ཞུ་དགོས།
         (ལྔ) ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ཏང་གི་རྩ་འཛུགས་རིམ་པ་ཁག་གིས་ཏང་ཡོན་སྤྱི་དང་ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་ལྟ་སྐུལ་དང་དོ་དམ་བྱེད་པར་མཛུབ་སྟོན་དང་། དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྡེ་ཁག་སོ་སོའི་འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པའི་གནས་ཚུལ་ཡར་ཞུ་བྱེད་དགོས།
        (དྲུག) ཀྲུང་དབྱང་གིས་འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་བྱས་ཏེ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་ཁག་གི་འགོ་ཁྲིད་ཚན་པའི་བསམ་བློ་དང་ཆབ་སྲིད་འཛུགས་སྤེལ་དམ་འཛིན་ལེགས་པོ་བྱེད་དགོས། ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཙུའུ(ཏང་ཨུད)རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་བྱེད་པར་ལྟ་སྐུལ་ཞིབ་བཤེར་དང་མཛུབ་སྟོན་བྱེད་པར་ཞུགས་ནས་གནས་ཚུལ་ཤེས་རྟོགས་བྱེད་རྒྱུ་དང་། གཏན་འབེབས་བྱས་པ་ལྟར་གནས་ཚུལ་སྙན་ཞུ་འབུལ་དགོས།
       (བདུན) ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་ཁག་གིས་ཏང་ཨུ་དུས་ལྟར་བརྗེ་བར་སྐུལ་འདེད་དང་མཛུབ་སྟོན་བྱེད་དགོས་ཤིང་། ཏང་ཡོན་གྱི་ཚོགས་ཆེན་ནམ་ཏང་ཡོན་འཐུས་མིའི་ཚོགས་ཆེན་སྐོང་འཚོག་བྱ་རྒྱུའི་སྐོར་གྱི་དགོངས་ཞུའི་སྐོར་ཞིབ་བཤེར་ཆོག་མཆན་འགོད་པ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་གིས་ཏང་ཨུ་དང་ལས་ཁུངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་དང་། ཨུ་ཡོན་དང་འགོ་ཁྲིད་ཚན་པའི་གྲུབ་ཚུལ། ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་བསྐོ་འཐེན་བྱེད་པར་ཞིབ་བཤེར་ཆོག་མཆན་འགོད་དགོས།
      (བརྒྱད) རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱེད་པར་ཤུགས་ཆེ་རུ་གཏོང་བར་མཛུབ་སྟོན་དང་། ཏང་ཡོན་གྱི་བྱ་བ་འཕེལ་རྒྱས་སུ་བཏང་ནས་སློབ་གསོ། དོ་དམ་བཅས་ཀྱི་ལས་དོན་ལེགས་པར་བསྒྲུབ་དགོས།
      (དགུ) ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོས་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་ལ་འགོ་ཁྲིད་བྱེད་དགོས།
      (བཅུ) ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ལས་བྱེད་མི་སྣའི་བསམ་བློའི་གནས་ཚུལ་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱས་ཏེ། ཏང་གི་རྩ་འཛུགས་རིམ་པ་ཁག་གི་བསམ་བློ་དང་ཆབ་སྲིད་ཀྱི་ལས་དོན།   བསམ་པའི་དཔལ་ཡོན་སོགས་ཤུགས་ཆེ་རུ་གཏོང་བར་མཛུབ་སྟོན་བྱེད་དགོས།
     (བཅུ་གཅིག) ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཟོ་ཚོགས་དང་། གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱིས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་བྱ་བར་འགོ་ཁྲིད་བྱ་དགོས་པ་མ་ཟད། ཏང་གི་རྩ་འཛུགས་རིམ་པ་ཁག་གིས་མང་ཚོགས་ཀྱི་བྱ་བ་དང་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་ལེགས་པར་བསྒྲུབ་རྒྱུར་སློབ་སྟོན་བྱེད་དགོས།
     (བཅུ་གཉིས) ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་སོགས་རྒྱལ་ཡོངས་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་ཀྱིས་ཏང་གི་འཛུགས་སྐྱོང་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས།
     (བཅུ་གསུམ) འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་ལས་དོན་ལ་མཛུབ་ཁྲིད་དང་། འཆར་འགོད། མཐུན་སྦྱོར། ལྟ་ཞིབ། ཞིབ་བཤེར་བཅས་བྱས་ཏེ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཅུའུ་ཡིས་ཁྲུའུ་རིམ་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་གསོ་སྦྱོང་བྱེད་དགོས།
     (བཅུ་བཞི) ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་སྡེ་ཚན་ཁག་གི་བརྟན་བརླིང་སྲུང་སྐྱོང་དང་ལས་འཁྱུར་ངལ་གསོའི་བྱ་བར་བཀོད་སྒྲིག་བྱེད་དགོས།
      (བཅོ་ལྔ) ཏང་ཀྲུང་དབྱང་གིས་མངག་བཀོད་བྱས་པའི་ལས་འགན་གཞན་དག་ཀྱང་ལེགས་པར་བསྒྲུབ་དགོས།    

3 ད་ལྟའི་འགོ་ཁྲིད།   

 ཏིང་ཞུའེ་ཞང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཧྲུའུ་ཅི། ཀྲུའུ་རེན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།

 མེང་ཞང་ཧྥེང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལྡན་བྱ་བའི་ལས་བགོས་འགན་གཉེར་བྱེད་མཁན་གྱི་ཧྲུའུ་ཅི་གཞོན་པ།

 ཧོའུ་ཁའེ། ཀྲུང་དབྱང་སྒྲིག་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། སྒྲིག་བཤེར་ལྟ་ཞིབ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཡིན།

ལི་ཡུང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ།
         ཝུའུ་ཧན་ཧྲེང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ།
         ཀྲོའུ་ཝུའེ་ཤན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་མཛུབ་ཁྲིད་པུའུ་ཡི་པུའུ་ཀྲང་།
         ཀུའུ་ཞང་ཧྲེང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྩ་འཛུགས་པུའུ་ཡི་པུའུ་ཀྲང་། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-18

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།