གནོད་སྦྱིན་རྡོ་རྗེ་བདུད་འདུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གནོད་སྦྱིན་རྡོ་རྗེ་བདུད་འདུལ།
གནོད་སྦྱིན་རྡོ་རྗེ་བདུད་འདུལ་ནི་གཞལ་ཡས་ཁང་དང་བཅས་པའི་ནང་དུ་འཁོར་ལོ་རྩིབས་བཞི་པ་དེའི་ལྟེ་བར་པདྨ་ཉི་མ་སྲིན་པོ་ཕོ་མོ་བསྣོལ་བའི་གདན་ལ་གནོད་སྦྱིན་ཆེན་པོ་རྡོ་རྗེ་བདུད་འདུལ་ཕྱག་གཡས་ནོར་བུ་རིན་པོ་ཆེ་དང་། གཡོན་གསེར་གྱི་བུམ་པ་རིན་པོ་ཆེས་གང་བ་འཛིན་པ། སྐུ་མདོག་ནག་པོ་ཁྲོ་ཞིང་བརྗིད་པ། སྤྱན་གསུམ། མཆེ་བ་གཙིགས་ཤིང་ལྗགས་འགྲིལ་བ། སྨ་ར་སྨིན་མ་དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པའོ༎
གཞི་རྩའི་གནས་ཚུལ།

ལྷ་ཚོགས།
རིན་འབྱུང་ལྷ་ཚོགས།
སྐུ་མདོག
ནག་པོོ།
1 ངོ་སྤྲོད། 

གནོད་སྦྱིན་རྡོ་རྗེ་བདུད་འདུལ་ནི་གཞལ་ཡས་ཁང་དང་བཅས་པའི་ནང་དུ་འཁོར་ལོ་རྩིབས་བཞི་པ་དེའི་ལྟེ་བར་པདྨ་ཉི་མ་སྲིན་པོ་ཕོ་མོ་བསྣོལ་བའི་གདན་ལ་གནོད་སྦྱིན་ཆེན་པོ་རྡོ་རྗེ་བདུད་འདུལ་ཕྱག་གཡས་ནོར་བུ་རིན་པོ་ཆེ་དང་། གཡོན་གསེར་གྱི་བུམ་པ་རིན་པོ་ཆེས་གང་བ་འཛིན་པ། སྐུ་མདོག་ནག་པོ་ཁྲོ་ཞིང་བརྗིད་པ། སྤྱན་གསུམ། མཆེ་བ་གཙིགས་ཤིང་ལྗགས་འགྲིལ་བ། སྨ་ར་སྨིན་མ་དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ། དར་ནག་གི་འཇོ་བེར་གསོལ་ཞིང་། སག་ཏའི་ལྷམ་གྱོན་པ། རིན་པོ་ཆེའི་དབུ་རྒྱན་དང་། གསེར་གྱི་སྐེ་རགས་བཅིངས་པ། མི་མགོའི་དོ་ཤལ་དང་བཅས་ཤིང་། རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་། མེ་དཔུང་འབར་བའི་དབུས་ན་རོལ་པའི་སྟབས་ཀྱིས་བཞུགས་པའོ༎ གཡོན་དུ་ཡུམ་རྡོ་རྗེ་ཀུན་འགྲུབ་མ་སྐུ་མདོག་སྔོན་མོ་ཕྱག་གཡས་པས་ཞལ་ཟས་གཙོ་བོ་ལ་སྟོབ་ཅིང་། གཡོན་པས་ནད་རྐྱལ་འཛིན་པ། དར་དཀར་གྱི་ན་བཟའ་དང་། མགོ་བོའི་དོ་ཤལ་ཅན། སྐྲ་དམར་སེར་ཐུར་དུ་འཕྱང་བའོ༎ རྩིབས་བཞི་ལ་ཤར་དུ་ནོར་ལྷ་དཀར་པོ་དར་དཀར་གྱི་ན་བཟའ་དང་། རིན་པོ་ཆེའི་རྒྱན་ཅན། གཡས་ནོར་བུ་དང་། གཡོན་རིན་པོ་ཆེའི་སྒྲོམ་བུ་འཛིན་པ། བརྐྱང་བསྐུམ་གྱི་སྟབས་ཀྱིས་དྲི་ཟ་ཕོ་མོ་བསྣོལ་བའི་གདན་ལ་བཞུགས་པ། ཞི་བའི་ཉམས་ཅན་ནོ༎ ལྷོར་མགོན་པོ་ནག་པོ་ཤིན་ཏུ་ཁྲོས་ཤིང་དར་ནག་མཐའ་ལྗང་ཅན་གསོལ་བ། སྦྲུལ་དང་མི་མགོས་བརྒྱན་པ། གཡས་ཙན་དན་གྱི་བེང་ཆེན་དང་། གཡོན་ལྕགས་པར་འཛིན་པ་བརྐྱང་བསྐུམ་གྱི་སྟབས་ཀྱིས་གཤིན་རྗེ་ཕོ་མོ་བསྣོལ་བའི་གདན་ལ་བཞུགས་པ། ནུབ་ཏུ་འབྲོག་གནས་དམར་པོ་ཞལ་ལྔ་སྟེ། དབུ་སེང་གེ། གཡས་རྟ་དང་ལུག། གཡོན་ར་དང་སྤྲེའུ། ཕྱག་དྲུག་དང་པོ་གཉིས་ཀྱིས་རིན་པོ་ཆེའི་སྒྲོམ་བུ་འཛིན་པ། བར་པ་གཉིས་ཀྱིས་གསེར་གྱི་འཁོར་ལོ་དང་། ཤིང་འབྲས་འཛིན་པ། ཐ་མ་གཉིས་ཀྱིས་འབྲས་དང་སྨན་སྣ་ཚོགས་ཀྱིས་གང་བའི་སྣོད་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་པ། བརྐྱང་བསྐུམ་སྟབས་ཀྱིས་ཀླུ་ཕོ་མོ་བསྣོལ་བའི་གདན་ལ་བཞུགས་པ། བྱང་དུ་རྣམ་སྲས་ལྗང་ཁུ་སྐུ་སྦོམ་ཞིང་བརྗིད་པ། དར་དང་རིན་པོ་ཆེའི་རྒྱན་དང་། བསེའི་ཁྲབ་དང་རྨོག་ཞུ་གསོལ་བ། གསེར་གྱི་རྟ་ལྕག་དང་། སྨན་སྣ་ནོར་བུས་གང་བའི་གཞོང་པ་བསྣམས་པ། རྟ་ངང་སེར་ལ་ཆིབས་ཤིང་། གནོད་སྦྱིན་ཕོ་མོ་བརྫིས་པའོ༎

2 བཟླ་བྱའི་སྔགས། 

ཨོཾ་བཛྲ་རཏྣ་ཙིཏྟ་ར་ག་ར་གེ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཛམྦྷ་ལ་ཧྲི་ད་ཡ་སྭཱཧཱ། ཨོཾ་མཧཱ་ཀཱ་ལ་ཧ་ན་ཧ་ན་བཛྲེ་ཎ་སྭཱཧཱ། ཨོཾ་མཧཱ་ཡཀྵ་པཉྩ་དེ་བ་རཱ་ཛ་ཡ་སྭཱཧཱ། ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱཧཱ༎


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-22

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།