ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྲིད་ཇུས་ཞིབ་འཇུག་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྲིད་ཇུས་ཞིབ་འཇུག་ཁང་།
ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྲིད་ཇུས་ཞིབ་འཇུག་ཁང་གི་བསྡུས་མིང་ལ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཞིབ་འཇུག་ཁང་ཟེར་ཞིང་། དེ་ནི་ཀྲུང་གུང་ཀྲུང་དབྱང་གི་ཆབ་སྲིད་རིགས་པའི་གཞུང་ལུགས་དང་། སྲིད་ཇུས། ཡིག་ཆ་བཅས་ལ་ཞིབ་འཇུག་བྱེད་མཁན་གྱི་ཐད་གཏོགས་ལས་ཁུངས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国共产党中央委员会政策研究室
ཕྱི་ཡིག་གི་མིང་།
Policy Research Office of the Central Committee of the Communist Party of China
བསྡུས་མིང་།
ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྲིད་ཇུས་ཞིབ་འཇུག་ཁང་།
རིགས་དབྱེ།
ཀྲུང་གུང་ཀྲུང་དབྱང་གི་ཐད་གཏོགས་ལས་ཁུངས།
འགན་ནུས།
ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་དང་། སྲིད་ཇུས། ཟིན་བྲིས་ཡིག་ཆ་བཅས་ལ་ཞིབ་འཇུག
1 ​ངོ་སྤྲོད། 

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྲིད་ཇུས་ཞིབ་འཇུག་ཁང་གི་བསྡུས་མིང་ལ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཞིབ་འཇུག་ཁང་ཟེར་ཞིང་། དེ་ནི་ཀྲུང་གུང་ཀྲུང་དབྱང་གི་ཆབ་སྲིད་རིགས་པའི་གཞུང་ལུགས་དང་། སྲིད་ཇུས། ཡིག་ཆ་བཅས་ལ་ཞིབ་འཇུག་བྱེད་མཁན་གྱི་ཐད་གཏོགས་ལས་ཁུངས་ཤིག་ཡིན།

2 སྒྲིག་གཞིའི་འགན་ནུས།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྲིད་ཇུས་ཞིབ་འཇུག་ཁང་ནི་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཐད་གཏོགས་ལས་ཁུངས་ཤིག་ཡིན་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཆབ་སྲིད་རིགས་པའི་གཞུང་ལུགས་དང་། སྲིད་ཇུས། ཟིན་བྲིས་ཡིག་ཆ་བཅས་ལ་ཆེད་མངགས་ཞིབ་འཇུག་བྱེད་ཀྱི་ཡོད། 

གཅིག རྒྱལ་ཡོངས་ཏང་གི་འཐུས་མི་ཚོགས་ཆེན་གྱི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་འཆར་ཟིན་འགོད་པའི་འགན་འཁུར་བ་དང་། ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་ལྟར། འབྲེལ་ཡོད་ཕྱོགས་ཁེར་རྐྱང་ངམ་ཡང་ན་སྒྲིག་འཛུགས་དང་གཞོགས་འདེགས་ཀྱིས་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆ་གལ་ཆེན་འཆར་ཟིན་འགོད་པ་དང་བཟོ་བཅོས་རྒྱག་པ། ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱི་གསུང་བཤད་གལ་ཆེན་ཁ་ཤས་ཟིན་བྲིས་འགོད་པ་བཅས་ཡིན། 

གཉིས། ཏང་ལེགས་སྐྱོང་དང་། བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན། ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་བཅས་ལ་བརྟག་དཔྱད་ཞིབ་འཇུག་བྱས་ནས་སྲིད་ཇུས་ཀྱི་རང་བཞིན་ལྡན་པའི་གྲོས་འགོ་འདོན་དགོས།

གསུམ། ཀྲུང་གུང་ཀྲུང་དབྱང་གི་གྲོས་ཚོགས་ཆེན་མོའི་ཡིག་ཆའི་འཆར་ཟིན་འགོད་པར་ཞུགས་དགོས།

བཞི། རྒྱལ་ཡོངས་ཀྱི་དཔལ་འབྱོར་གནས་བབ་ལ་རྗེས་སྙེག་དང་། འཚོལ་སྡུད། དབྱེ་ཞིབ། ལེགས་སྒྲིག་བཅས་དང་དེ་བཞིན་ཏང་འཛུགས་སྐྱོང་དང་བསམ་བློའི་རིགས་པའི་གཞུང་ལུགས་ལ་འབུལ་རྒྱུའི་ཕྱོགས་བསྡུས་ཀྱི་ཆ་འཕྲིན་དང་འགུལ་རྣམ་གལ་ཆེན་དག་ཀྲུང་དབྱང་གིས་ཇུས་ཐག་གཅོད་པར་གྲོས་འགོ་དང་བློ་འདྲི་འདོན་སྤྲོད་བྱ་དགོས།

ལྔ། ཀྲུང་གུང་ཀྲུང་དབྱང་གིས་སྤྲད་པའི་བྱ་བ་གཞན་དག་སྒྲུབ་པར་འགན་འཁུར་དགོས། 

3 འགོ་ཁྲིད་གཙོ་བོ།

ཀྲུའུ་རེན།

ཝང་ཧུའུ་ཉིང་། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི།

ཀྲུའུ་རེན་གཞོན་པ།

ཅང་ཅིན་ཆོན། (རྒྱུན་ལྡན་གྱི་ལས་ཀ་ལས་བགོས་འགན་གཉེར་བྱེད་པ། )

ཝང་ཞའོ་ཧུའེ། (པུའུ་ཀྲང་གཞོན་པ་གཅིག་ལྕོགས་ཡིན། )

ཐེན་ཕེ་ཡན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-14

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།