ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང(བསྡུས་མིང་ལ་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ཟེར)ནི་ཀྲུང་གུང་ཀྲུང་དབྱང་གི་ཐད་གཏོགས་ལས་ཁུངས་ཀྱི་གྲས་ཤིག་ཡིན་པ་དང་། ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་སྲིད་ཁྲིམས་ལས་ཁུངས་ཀྱི་ལས་ཀར་འགོ་ཁྲིད་དང་དོ་དམ་བྱེད་པའི་སྡེ་ཁག་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国共产党中央政法委员会
ཕྱི་ཡིག་གི་མིང་།
Political and Legal Committee of the Central Committee of the Communist Party of China
བསྡུས་མིང་།
ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་།
འགན་དབང་གཙོ་བོ།
ཀྲུང་དབྱང་དང་ས་གནས་ཀྱི་སྲིད་ཁྲིམས་སྡེ་ཁག་ཁག་གི་ལས་ཀར་སློབ་སྟོན་བྱ་བ།
འགན་བཞེས་ཧྲུའུ་ཅི།
ཀུའོ་ཧྲེང་ཁུན།
ཁོངས་གཏོགས།
ཀྲུང་གུང་ཀྲུང་དབྱང་གི་ཐད་གཏོགས་སྒྲིག་གཞི།
1 ​ངོ་སྤྲོད། 

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང(བསྡུས་མིང་ལ་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ཟེར)ནི་ཀྲུང་གུང་ཀྲུང་དབྱང་གི་ཐད་གཏོགས་ལས་ཁུངས་ཀྱི་གྲས་ཤིག་ཡིན་པ་དང་། ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་སྲིད་ཁྲིམས་ལས་ཁུངས་ཀྱི་ལས་ཀར་འགོ་ཁྲིད་དང་དོ་དམ་བྱེད་པའི་སྡེ་ཁག་ཅིག་ཡིན།

ལས་ཁུངས་དེས་སྤྱི་ཁོག་གི་ཐོག་ནས་ཀྲུང་དབྱང་དང་ས་གནས་ཀྱི་སྲིད་ཁྲིམས་སྡེ་ཁག་ཁག་ལ་འགོ་ཁྲིད་ཀྱི་ལས་ཀ་སྒྲིག་འཛུགས་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་ཁག་དང་། རང་སྐྱོང་ལྗོངས་ཁག་གི་གྲོང་ཁྱེར་ཁག་བཅས་ཀྱི་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ལས་ཀར་ཁྲིད་སྟོན་བྱེད་པའི་ལས་འགན་གལ་ཆེན་ཞིག་ཁུར་ཡོད།

2 ལོ་རྒྱུས་ཀྱི་འཕེལ་རིམ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བདུན་པའི་ཆོད་དོན་ལྟར། ཀྲུང་གུང་ཀྲུང་དབྱང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། ཀྲུའུ་རེན་སྔ་རྗེས་སུ་ཁྲེན་ཧྲའོ་ཡུས་དང་ཞེ་ཅུའེ་ཙའེ་གཉིས་ཡིན།

ལོ་དེར། ཀྲུང་གུང་སྐབས་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་སྲིད་ཁྲིམས་འགོ་ཁྲིད་ཚོ་ཆུང་འཛུགས་པ་དང་། བློ་མཐུན་ཕེང་ཀྲེན་གྱིས་ཙུའུ་ཀྲང་དང་པོའི་འགན་བཞེས་རྒྱུའི་ཐག་བཅད།

རིག་གནས་གསར་བརྗེ་ཆེན་པོའི་འགོ་ཚུགས་པ་དང་ཆབས་ཅིག་ཚོ་ཆུང་དེ་ཕྱིར་འཐེན་བྱས་པ་དང་། འོན་ཀྱང་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ཁང་ཧྲེང་གིས་འགན་འཁུར་བ་ཡིན། ཁོང་ཉིད་ལ་ཁམས་ཀྱི་ནད་ཕོག་ནས་ཚེ་ལས་འདས་རྗེས་གོ་གནས་དེ་ཝང་ཏུང་གིས་འགན་ཁུར་བ་རེད།

སྤྱི་ལོ1980ལོའི་ཟླ1པའི་ཚེས24ཉིན། ཏང་ཀྲུང་དབྱང་གིས《ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་བ་དང་། ལོ་དེའི་ཟླ3པར་ཕེང་ཀྲེན་གྱིས་བསྐྱར་དུ་བཙུགས་པའི་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་ལས་འགན་འཁུར་རྒྱུའི་གཏན་འབེབས་བྱས་པ་རེད།

སྤྱི་ལོ1982ལོར་ཏང་ཀྲུང་དབྱང་གིས《སྲིད་ཁྲིམས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་མཛུབ་སྟོན》ཡོངས་བསྒྲགས་བྱས་ནས་སྲིད་ཁྲིམས་ཨུ་ལྷན་དེ་ཏང་ཨུད་ཀྱི་ལས་དོན་སྡེ་ཚན་ཞིག་ཏུ་གཏན་འཁེལ་བྱས་པ་དང་། གཙོ་བོ་སྲིད་ཁྲིམས་སྡེ་ཚན་ཁག་གི་ལས་དོན་ལ་འབྲེལ་གཏུག་དང་མཛུབ་ཁྲིད་བྱ་རྒྱུའི་འགན་འཁུར་བ་ཡིན།

སྤྱི་ལོ1988ལོར་རྒྱལ་ཁབ་ཀྱིས་སྒྲིག་གཞི་བཅོས་བསྒྱུར་དང་ཏང་སྲིད་ལོགས་སུ་འབྱེད་པ་དང་། ལོ་དེའི་ཟླ5པའི་ཚེས19ཉིན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ཕྱིར་འཐེན་བྱས་ཏེ་ཀྲུང་དབྱང་སྲིད་ཁྲིམས་འགོ་ཁྲིད་ཚོ་ཆུང་འཛུགས་རྒྱུའི་ཐག་བཅད་པ་རེད།

སྤྱི་ལོ1990ལོའི་ཟླ3པར། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་སླར་གསོ་བྱ་རྒྱུའི་ཐག་བཅད། (ཆབ་སྲིད་ཀྱི་ཤུགས་རྐྱེན། )

སྤྱི་ལོ1991ལོའི་ཟླ2པར། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་དབྱང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་བཙུགས་པ་དང་དེའི་འོག་ཏུ་གཞུང་ལས་ཁང་བཙུགས་ཤིང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་མཉམ་དུ་གཞུང་ལས་བསྒྲུབས། དེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་སྒྲིག་འཛུགས་མཐུན་སྦྱོར་དང་། སྐུལ་འདེད། ལྟ་སྐུལ་བཅས་འགན་འཁུར་བ་རེད།

སྤྱི་ལོ2018ལོའི་ཟླ3པར་ཀྲུང་གུང་ཀྲུང་དབྱང་གིས《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཇུས་གཞི》པར་འགྲེམས་བྱས་ནས་ཀྲུང་དབྱང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ལྷན་དང་དེའི་གཞུང་ལས་ཁང་འབྲེལ་ཡོད་འགན་འཁྲི་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་འགན་འཁུར་བ་དང་། ཀྲུང་དབྱང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་དེའི་གཞུང་ལས་ཁང་མི་འཛུགས་རྒྱུའི་གཏན་འབེབས་བྱས་པ་དང་འབྲེལ་ཡོད་འགན་འཁྲི་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ལ་སྒྲུབ་འགན་འཁུར་དུ་བཅུག་པ་དང་། ལོག་ཆོས་གནད་དོན་སྔོན་འགོག་དང་ཐག་གཅོད་བྱེད་པའི་ཀྲུང་དབྱང་འགོ་ཁྲིད་ཚོ་ཆུང་དང་དེའི་གཞུང་ལས་ཁང་གི་འགན་འཁྲི་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་སྤྱི་བདེ་པུའུ་ལ་སྤྲོད་པར་ཐག་བཅད་པ་རེད།

3 འགན་འཁྲི་གཙོ་བོ།

ཀྲུང་གུང་ཀྲུང་དབྱང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། བཀོད་སྒྲིག་བཅས་གཞིར་བཟུང་ནས་རྒྱལ་ཡོངས་སྲིད་ཁྲིམས་ལས་ཁུངས་ཀྱི་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་བྱས་པས། ཏང་ཀྲུང་དབྱང་ལ་གཞོགས་འདེགས་བྱས་ཏེ་སྲིད་ཁྲིམས་ལས་དོན་གྱི་བྱེད་ཕྱོགས་དང་སྲིད་ཇུས་ཞིབ་འཇུག་དང་གཏན་འབེབས་བྱས་པ་དང་། དུས་སྐབས་ངེས་ཅན་ཞིག་རིང་གི་སྲིད་ཁྲིམས་ལས་དོན་ལ་ཁྱོན་ཡོངས་ནས་རང་བཞིན་ལྡན་པའི་བཀོད་སྒྲིག་བྱས་པ་མ་ཟད། དོན་འཁྱོལ་མཐར་ཕྱིན་བྱེད་པར་སྐུལ་འདེད་ཀྱང་གཏོང་དགོས་པར་བསྟན།  

སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་སྒྲིག་འཛུགས་མཐུན་སྦྱོར་དང་མཛུབ་ཁྲིད་བྱེད་པ།

སྲིད་ཁྲིམས་སྡེ་ཁག་ཁག་གིས་བཅའ་ཁྲིམས་ལྟར་འགན་དབང་སྤྱོད་པར་རྒྱབ་སྐྱོར་དང་ལྟ་སྐུལ་བྱེད་པ་དང་།  སྲིད་ཁྲིམས་སྡེ་ཁག་ཁག་གིས་ཁྲིམས་ལྟར་ཕན་ཚུན་ཚོད་འཛིན་དང་གཞོགས་འདེགས་དམ་ཟབ་བྱེད་པར་ཁྲིད་སྟོན་དང་མཐུན་སྦྱོར་བྱེད་པ། གྱོད་གཞི་ཆེ་གྲས་དང་གཙོ་གྲས་རྩད་ཞིབ་ཐག་གཅོད་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། རྩོད་གཞི་ཡོད་པའི་གྱོད་གཞི་གལ་ཆེན་དང་དཀའ་གནད་ཆེ་བའི་གྱོད་གཞིར་ཞིབ་འཇུག་དང་མཐུན་སྦྱོར་བྱེད་པ་བཅས་ཡིན། 

སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་སྒྲིག་འཛུགས་དང་སྐུལ་འདེད་གཏོང་བ་དང་། སྲིད་ཁྲིམས་འཐབ་ཕྱོགས་ཀྱི་བརྟག་དཔྱད་ཞིབ་འཇུག་ལས་དོན་སྒྲིག་འཛུགས་དང་སྐུལ་འདེད་བཏང་ནས་སྲིད་ཁྲིམས་ལས་དོན་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ། སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་དང་སྲིད་ཁྲིམས་སྡེ་ཚན་ཁག་གི་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཞིབ་འཇུག་དང་མཛུབ་ཁྲིད་བྱེད་པ་དང་ཏང་ཀྲུང་དབྱང་དང་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུས་ཀྲུང་དབྱང་དང་ས་གནས་སྲིད་ཁྲིམས་ལས་ཁུངས་ཀྱི་འབྲེལ་ཡོད་འགོ་ཁྲིད་ལས་བྱེད་པར་རྟོག་ཞིབ་དང་དོ་དམ་བྱ་རྒྱུར་གཞོགས་འདེགས་བྱེད་པ་བཅས་ཡིན། 

སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་སྲིད་ཁྲིམས་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པས་ཁྲིམས་འགལ་ཉེས་གསོག་བྱས་པའི་གྱོད་གཞི་ཞིབ་གཅོད་བྱ་བ།

ས་གནས་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ལས་ཀར་སློབ་སྟོན་བྱེད་དགོས་པ་ཡིན། 

ཀྲུང་གུང་ཀྲུང་དབྱང་གིས་སྤྲད་པའི་ལས་འགན་གཞན་དག་ལེགས་འགྲུབ་བྱ་དགོས་པ།

སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐད་ནས་སྲིད་ཁྲིམས་ལས་ཁུངས་སོགས་སྡེ་ཚན་གྱིས་སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་བའི་གལ་ཆེའི་དོན་གནད་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་པ་དང་། གློ་བུར་དུ་ཐོན་པའི་དོན་རྐྱེན་ཚབས་ཆེན་ལ་ཁ་གཏད་གཅོག་པ་དང་ཐག་གཅོད་བྱེད་པ། སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་བའི་གནས་ཚུལ་གྱི་གནས་ཚུལ་ཤེས་རྟོགས་དང་ཁོང་དུ་ཆུད་པ་དང་དབྱེ་ཞིབ་བྱེད་པ། བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་བའི་སྤྱི་ཚོགས་ཀྱི་འགལ་བ་དང་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱེད་པ་སོགས་རེད།

ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་སྤྱི་ཚོགས་བར་དང་། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་གནས་ཚུལ་ཕྱོགས་བསྡོམས་དང་ཁོང་དུ་ཆུད་པ། གློ་བུར་དུ་བྱུང་བའི་དོན་རྐྱེན་ཚབས་ཆེན་མཐུན་སྦྱོར་ངང་ཐག་གཅོད་བྱེད་པ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་འབྲེལ་ཡོད་གནད་དོན་གལ་ཆེན་དག་ལ་ཞིབ་འཇུག་བྱེད་པ་དང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་གྱི་ཐབས་ཇུས་གྲོས་འགོ་འདོན་པ་སོགས་ཀྱི་འགན་འཁུར་དགོས་པ་ཡིན། 

འབྲེལ་ཡོད་སྡེ་ཚན་ཁག་གིས་ལོག་ཆོས་ལ་ངོ་རྒོལ་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཐུན་སྦྱོར་མཛུབ་ཁྲིད་བྱེད་པ་དང་། འབྲེལ་ཡོད་གནས་ཚུལ་གྱི་ཆ་འཕྲིན་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱེད་པ་དང་འབྲེལ་ཏང་ཀྲུང་དབྱང་ལ་སྲིད་ཇུས་ཀྱི་གྲོས་འགོ་འདོན་པ། གློ་བུར་དུ་ཐོན་པའི་དོན་རྐྱེན་ཚབས་ཆེན་ཐག་གཅོད་བྱ་རྒྱུ་སོགས་རེད། སྤྱི་བདེ་པུས་ལོག་ཆོས་ཀྱི་ལས་དོན་ལ་དོགས་ཟོན་དང་ཐག་གཅོད་བྱེད་པའི་ཐད་སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་བ་དང་སྤྱི་ཚོགས་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གནས་ཚུལ་བསྡུ་རུབ་བྱེད་པ་དང་འབྲེལ། དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱེད་པ། ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྤེལ་བ་སོགས་རེད།

4 ལམ་ལུགས་ཀྱི་རྩ་དོན།

ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་བྱས་པ་དང་། ཧྲུའུ་ཅི་ཡིས་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ལས་དོན་གཙོ་སྐྱོང་བྱས་པ། ཨུ་ཡོན་ཁག་གིས་ཐུན་མོང་ཐོག་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་བཀོད་སྒྲིག་དང་། ཆོད་དོན། གཏན་འབེབས། བླང་བྱ་བཅས་ཞིབ་འཇུག་གཏན་འབེབས་བྱས་པ་མ་ཟད། དེ་ཉིད་སྡེ་ཁག་དེ་ག་དང་རང་ཁོངས་སུ་དོན་འཁྱོལ་མཐར་ཕྱིན་ཡང་བྱས་ཡོད།

ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་ལས་ཁུངས་ཀྱིས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་རྒྱུན་ལྡན་ལས་ཀ་ཐག་གཅོད་བྱེད་འགན་འཁུར་བྱ་བ་དང་། དྲུང་ཡིག་ཆེན་མོས་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་ལས་ཁུངས་ཀྱི་ལས་ཀ་གཙོ་སྐྱོང་བྱ་བ་བཅས་ཡིན།

5 འགོ་ཁྲིད་ཚན་ཁག

ཧྲུའུ་ཅི།

ཀྲུང་གུང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཀུའོ་ཧྲེང་ཁུན།

ཧྲུའུ་ཅི་གཞོན་པ།

ཀྲུང་གུང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། ཀྲའོ་ཁེ་ཀྲི།

ཨུ་ཡོན།

ཀྲུང་གུང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཨུ་ཡོན། ཀྲོའུ་ཆང་དང་། ཀྲང་ཅུན། ཁྲེན་ཞིན། ཁྲེན་ཝུན་ཆིང་། ཕུའུ་ཀྲེང་ཧྭ། སུང་ཏན། ཝང་ཉིང་བཅས་ཡིན། 

དྲུང་ཡིག་ཆེན་མོ།

ཀྲུང་གུང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་དྲུང་ཆེ་ཁྲེན་ཤིན། (གཅིག་ལྕོགས)

དྲུང་ཡིག་ཆེ་མོ་གཞོན་པ།

ཀྲུང་གུང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ། ཁྲེན་ཞའོ་ཆིའུ། ཅིང་ཧན་ཁྲའོ། ཧྥན་ཞུས་དབྱིན། པའེ་ཧྲའོ་ཁང་། ལེ་ཏུང་ཧྲེང་།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-14

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།