རྒྱལ་ཁབ་ཀྲུང་དབྱང་དམག་ཨུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་ཁབ་ཀྲུང་དབྱང་དམག་ཨུ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། བསྡུས་མིང་ལ་ཀྲུང་དབྱང་དམག་ཨུའམ་རྒྱལ་ཁབ་དམག་ཨུ་ཟེར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ཀྱི་གཏན་འབེབས་བྱས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་མཐོའི་དམག་དོན་ཇུས་འདོན་དང་མཛུབ་སྟོན་ལས་ཁུངས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国中央军事委员会
བསྡུས་མིང་།
རྒྱལ་ཁབ་ཀྲུང་དབྱང་དམག་ཨུའམ་རྒྱལ་ཁབ་དམག་ཨུ།
གཞི་འཛིན་ས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས།
1 ངོ་སྤྲོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་།  བསྡུས་མིང་ལ་ཀྲུང་དབྱང་དམག་ཨུའམ་རྒྱལ་ཁབ་དམག་ཨུ་ཟེར།  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ཀྱི་གཏན་འབེབས་བྱས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་མཐོའི་དམག་དོན་ཇུས་འདོན་དང་མཛུབ་སྟོན་ལས་ཁུངས་ཤིག་ཡིན།  རྒྱལ་ཡོངས་ཀྱི་དྲག་ཤུགས་ལ་སྣེ་ཁྲིད་བཞིན་ཡོད།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ཀྱི་དོན་ཚན་གསུམ་པའི་ལེའུ་བཞི་བའི་གཏན་འཁེལ་ནང་ན།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་དྲག་པོའི་སྟོབས་ཤུགས་ལ་སྣེ་ཁྲིད་བྱེད་པ།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ནི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་འགའ། ཨུ་ཡོན་དུ་མ་བཅས་ལས་གྲུབ།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་ཞིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱེད་དགོས།  ཀྲུང་དབྱངས་དམག་དོན་ཨུ་ཡོན་ལྷན་ཁང་གི་སྐབས་རེའི་འགན་འཛིན་ཡུན་ཚད་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་རེའི་འགན་འཛིན་ཡུན་ཚད་དང་མཚུངས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་འཁུར་རྒྱུ།

2 ལས་ཁུངས།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་དྲག་པོའི་སྟོབས་ཤུགས་ལ་སྣེ་ཁྲིད་བྱེད་པ།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ནི་རྒྱལ་ཡོངས་དྲག་ཤུགས་ཀྱི་ཆེས་མཐོའི་དམག་དོན་གཅིག་གྱུར་ལས་ཁུངས་ཡིན། 

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམག་ཤུགས་ལ་སྣེ་ཁྲིད་བྱེད་པ།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ནི་རྒྱལ་ཡོངས་དམག་ཤུགས་ཀྱི་ཆེས་མཐོའི་དམག་དོན་བཀོད་འདོམས་ལས་ཁུངས་ཡིན། 

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་མི་སྣ་ནི་ཀྲུང་གུང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱེད་དགོས།

རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་དང་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གཉིས་ལས་ཁུངས་གཅིག་ཡིན།

རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་།  ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཆེས་མཐོའི་རྒྱལ་ཁབ་ལས་ཁུངས་ཀྱི་ཡ་གྱལ་ཞིག་ཡིན།

3 མི་སྣ་འདེམས་པ།      

རྒྱལ་ཁབ་ཀྱི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་བདམས་ཐོན་བྱ་རྒྱུ།      རྒྱལ་ཁབ་ཀྱི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིས་མིང་བཏོན་པ་ལྟར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གཞན་དག་གི་འོས་མི་གཏན་འཁེལ་བྱ་རྒྱུ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་གྲོལ་རྗེས་ཀྱི་རིང་ལ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ནས་འོས་མིང་བཏོན་པར་གཞིགས་ཏེ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གཞན་དག་གི་འོས་མི་གཏན་ལ་འབེབས་རྒྱུ།      ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ། ཨུ་ཡོན་བཅས་བསྐྱར་འདེམས་བསྐྱར་བསྐོ་བྱས་ཆོག      ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་ལས་གནས་འཛིན་པའི་ཐོབ་ཐང་གི་ཚོད་འཛིན་མེད། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་ཞིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱ་རྒྱུ།      

4 ལས་ཁུངས་ཀྱི་འགན་འཁྲི།     

ཀྲུང་དབྱང་དམག་ཨུད་ནི་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་དང་ཀྲུའུ་ཡི་བསྡུས་མིང་ཡིན་ཞིང་། དེ་ནི“ཀྲུང་གོ་གུང་ཁྲན་ཏང་གི་ཆེས་མཐོའི་དམག་དོན་བཀོད་འདོམས་དང་དམག་དོན་ཐབས་ཇུས་སྒྲིག་གཞི”ཞིག་ཡིན་ལ། དེས་རྒྱལ་ཡོངས་ཀྱི་དྲག་པོའི་སྟོབས་ཤུགས་ལ་འགོ་ཁྲིད་བྱེད་བཞིན་ཡོད། 

5 ཁོངས་མི།     

ཀྲུའུ་ཞི།     

ཀྲུའུ་ཞི་ནི་ད་ལྟའི་ཆེས་མཐོའི་འགོ་ཁྲིད་ཀྱི་གོ་གནས་ཡིན་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལམ་ལུགས་ཐོག་གི་ཆེས་མཐོའི་དམག་དོན་སྤྱི་ཁྱབ་བཀོད་འདོམས་པ་ཡིན་པ་དང་། སྔོན་ཆད་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་གྱུར་ཡོད། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། ཨུ་ཡོན་བཅས་ཀྱི་འགན་བསྟུད་མུར་འཛིན་སྐབས་རྩ་ཁྲིམས་ནང་ཚོད་འཛིན་བྱས་མེད། ཀྲུང་གོའི་གུང་ཁྲན་ཏང་གིས་དམག་དཔུང་ལ་ཚོད་འཛིན་མཐའ་གཅིག་ཏུ་བྱས(ཏང་གིས་མེ་མདར་བཀོད་འདོམས་བྱེད་པ)པའི་དབང་གིས་ལས་འགན་འཁུར་མཁན་ནི་རྒྱུན་དུ་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཡིན་པ་རེད། སྤྱི་ལོ1982ལོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཁག་བཞི་བའི་ནང་རྒྱལ་ཁབ་ཀྱི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཙུགས་ནས་རྒྱལ་ཡོངས་ཀྱི་དྲག་པོའི་སྟོབས་ཤུགས་ལ་འགོ་ཁྲིད་བྱ་རྒྱུའི་གཏན་འབེབས་བྱས་ནས། ཀྲུང་གོའི་གུང་ཁྲན་ཏང་ལའང་ཏང་གི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཙུགས་ཡོད། དེར་བརྟེན་རྣམ་པའི་ཐོག་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གཉིས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་དང་ཀྲུའུ་ཞིའི་གོ་གནས་མཐོ་ཤོས(ཁག་སོ་སོར་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་རྒྱལ་ཁབ་ཀྱི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞེས་ཀྱང་འབོད)དང་ཀྲུའུ་ཞི་གཞོན་པ་གཉིས་བར་བརྒལ་དུས་སྐབས་ཕུད།  དེ་བྱིངས་ཚང་མ་གཅིག་མཚུངས་ཀྱི་འོས་མི་རུ་ཆགས་ཡོད།      

ཀྲུའུ་ཞི་གཞོན་པ།     

ཀྲུའུ་ཞི་གཞོན་པ་ནི་ཀྲུའུ་ཞིའི་ཆེས་མཐོའི་འགོ་ཁྲིད་ཀྱི་གོ་གནས་ཡིན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། ཨུ་ཡོན་བཅས་ཀྱི་འགན་བསྟུད་མུར་འཛིན་སྐབས་རྩ་ཁྲིམས་ནང་ཚོད་འཛིན་བྱས་མེད། ཀྲུང་གོའི་གུང་ཁྲན་ཏང་གིས་དམག་དཔུང་ལ་ཚོད་འཛིན་མཐའ་གཅིག་ཏུ(ཏང་གིས་མེ་མདར་བཀོད་འདོམས་བྱེད་པ)བྱས་པའི་དབང་གིས་ལས་འགན་འཁུར་མཁན་ནི་རྒྱུན་དུ་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཡིན།     

ཨུ་ཡོན།     

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནི་ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆ་ཤས་ཤིག་ཡིན་པ་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ནི་ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ་བཅས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲུབ་ཡོད་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-15

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།