ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་།
ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་གི་བསྡུས་མིང་ལ“ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིན”ཟེར་ཞིང་། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་ཏང་གི་རྩ་འཛུགས་རིམ་པ་ཁག་བཅས་ལ་ཞབས་འདེགས་ཞུ་བའི་དོན་གཅོད་ལས་ཁུངས་ཡིན་ཞིང་། ཀྲུང་གུང་ཀྲུང་དབྱང་གི་ཐད་ཀའི་འགོ་ཁྲིད་འོག་ལས་ཀ་འགན་ཁུར་བ་ཡིན། དེའི་སྔ་མ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་མ་ཐག་པའི་ཀྲུང་དབྱང་དྲུང་ཡིག་ཐིང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国共产党中央委员会办公厅
ཕྱི་ཡིག་གི་མིང་།
General Office of the Central Committee of the Communist Party of China
བསྡུས་མིང་།
ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་།
སྒྲིག་གཞིའི་རིགས།
ཀྲུང་གུང་ཀྲུང་དབྱང་གི་ཐད་གཏོགས་ལས་ཁུངས།
འགན་ནུས་གཙོ་བོ།
ཀྲུང་གུང་ཀྲུང་དབྱང་གི་དྲུང་ཡིག་དང་། ཚོགས་དོན་ལས་དོན་སོགས་ལ་འགན་འཁུར་བ།
1 ​ངོ་སྤྲོད། 

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་གི་བསྡུས་མིང་ལ“ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིན”ཟེར་ཞིང་། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་ཏང་གི་རྩ་འཛུགས་རིམ་པ་ཁག་བཅས་ལ་ཞབས་འདེགས་ཞུ་བའི་དོན་གཅོད་ལས་ཁུངས་ཡིན་ཞིང་། ཀྲུང་གུང་ཀྲུང་དབྱང་གི་ཐད་ཀའི་འགོ་ཁྲིད་འོག་ལས་ཀ་འགན་ཁུར་བ་ཡིན། དེའི་སྔ་མ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་མ་ཐག་པའི་ཀྲུང་དབྱང་དྲུང་ཡིག་ཐིང་ཡིན།

2 སྒྲིག་གཞིའི་འགན་ནུས།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་ནི་ཀྲུང་གུང་ཀྲུང་དབྱང་དང་། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཁག་ཁགས་གནས་ཀྱི་ཏང་གི་རྩ་འཛུགས་རིམ་པ་ཁག་བཅས་ལ་ཞབས་འདེགས་ཞུ་བའི་དོན་གཅོད་ལས་ཁུངས་ཡིན་ཞིང་། ཀྲུང་གུང་ཀྲུང་དབྱང་གི་ཐད་ཀའི་འགོ་ཁྲིད་འོག་ལས་ཀ་བྱེད་པ་ཡིན། ཏང་བཙུགས་མ་ཐག་པའི་དུས་སུ་ཀྲུང་དབྱང་དྲུང་ཡིག་ཐིང་ཟེར། དེའི་འགན་ནུས་གཙོ་བོ་ནི་ཀྲུང་གུང་ཀྲུང་དབྱང་གི་དྲུང་ཡིག་དང་ཚོགས་དོན་ལས་དོན་གྱི་འགན་འཁུར་བ་དང་། ཀྲུང་དབྱང་གི་གལ་ཆེའི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ལྟ་སྐུལ་ཞིབ་བཤེར་དང་། ཀྲུང་དབྱང་གི་མཛུབ་སྟོན། ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་མཛུབ་སྟོན་བརྒྱུད་བསྒྲགས་དང་སྐུལ་འདེད་དོན་འཁྱོལ་བྱེད་པ་། རྒྱལ་ཡོངས་ཀྱི་ཏང་སྲིད་ཁོངས་གཏོགས་ཀྱི་གསང་བའི་ཨང་གྲངས་འཕྲིན་གཏོང་དང་གསང་བའི་ཨང་གྲངས་དོ་དམ་བྱེད་འགན་འཁུར་བ་དང་། ཀྲུང་དབྱང་གི་ཡིག་ཆ་དང་། གསང་གནད་ཡིག་རིགས། འཕྲིན་ཡིག་བཅས་བརྒྱུད་སྤྲོད་བྱེད་པར་འགན་འཁུར་བ། རྒྱལ་ཡོངས་ཀྱི་ཚོང་སྤྱོད་གསང་བའི་ཨང་གྲངས་སྐོར་གྱི་ཚན་རིག་ཞིབ་འཇུག་དང་། ཐོན་སྐྱེད། ཕྱིར་འཚོང་། བེད་སྤྱོད་སོགས་ཀྱི་དོ་དམ་ལས་ཀ་སྒྲུབ་པར་འགན་འཁུར་བ་དང་རྒྱལ་ཡོངས་ཀྱི་གསང་བའི་ཨང་གྲངས་གསང་སྲུང་ལས་ཀ་བྱེད་པར་འགན་འཁུར་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གཙོ་བོའི་བདེ་འཇགས་དང་། ཀྲུང་དབྱང་གི་སྤྱི་ཡོངས་ཀྱི་ལས་ཀའི་བཀོད་སྒྲིག་ལ་དམིགས་ཏེ། ཆ་འཕྲིན་འཚོལ་སྡུད་དང་། འགུལ་རྣམ། ཕྱོགས་བསྡུས་ཀྱིས་བརྟག་དཔྱད་ཞིབ་འཇུག་བཅས་བྱས་ཏེ། ཀྲུང་དབྱང་གི་ཡིག་ཆ་དང་ཟིན་བྲིས་ཁག་ཅིག་འབྲི་འགོད་དང་བཟོ་བཅོས། ཀྲུང་དབྱང་གི་ཡིག་ཆ་ཞུ་དག་བཅས་ཀྱི་ལས་འགན་འཁུར་དགོས་བ། ཀྲུང་དབྱང་ལ་ཏང་ནང་གི་ཁྲིམས་སྲོལ་གཏན་འབེབས་དང་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལ་འགོ་ཁྲིད་བྱེད་པའི་ཞབས་ཞུའི་ལས་ཀ་ཞིབ་ཕྲ་བྱེད་པར་འགན་འཁུར་བ། ཀྲུང་དབྱང་གི་ཡིག་ཚགས་དཔྱད་གཞི་རྩིས་ལེན་དང་། བསྡུ་རུབ། ལེགས་སྒྲིག ཉར་ཚགས། བེད་སྤྱོད། ཞིབ་འཇུག་བཅས་ཀྱི་འགན་འཁུར་བ་དང་། རྒྱལ་ཡོངས་ཀྱི་ཡིག་ཚགས་བྱ་གཞག་ལ་སྲིད་འཛིན་དོ་དམ་བྱེད་པར་འགན་འཁུར་བ། ཁོངས་སྒྲིལ་གྱིས་ཀྲུང་གུང་ཀྲུང་དབྱང་གི་ཐད་གཏོགས་པུའུ་སོ་སོའི་མཁོ་སྒྲུབ་ཞབས་ཞུར་དོ་དམ་བྱེད་པ་དང་། ཀྲུང་དབྱང་གི་སྡེ་ཁག་སོ་སོའི་ཐུན་མོང་རང་བཞིན་གྱི་སྤྱི་ཚོགས་ལས་དོན་ལ་འབྲེལ་གཏུག་དང་ཐག་གཅོད་བྱེད་པ། ཀྲུང་དབྱང་གིས་མངག་བཀོད་བྱས་པའི་དོན་དག་གཞན་དག་སྒྲུབ་པར་འགན་འཁུར་བ་སོགས་ཡིན།

3 འགོ་ཁྲིད་གཙོ་བོ།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་གི་འགན་སྒྲུབ་ཀྲུའུ་རེན་ཏིང་ཞུའེ་ཞང(ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་དང་རྒྱལ་ཁབ་ཀྲུའུ་ཞིའི་གཞུང་ལས་ཁང་གི་ཀྲུའུ་རེན་གཅིག་ལྕོགས་ཡིན)


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-15

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།