ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་།
ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ནས་བདམས་ཐོན་བྱུང་ཞིང་། ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་དབང་ཆའི་སྒྲིག་གཞི་ཞིག་ཡིན་པ་དང་བསྡུས་མིང་ལ་ཀྲུང་གུང་ཀྲུང་དབྱང་ཞེས་ཟེར། དེ་ཡིས་སྤྱི་ལོ1927ལོར་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ་ནས་བཙུགས་ཏེ་དེ་སྔོན་གྱི་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国共产党中央委员会
ཕྱི་ཡིག་གི་མིང་།
Central Committee of the Communist Party of China
བསྡུས་མིང་།
ཀྲུང་དབྱང་ཨུ་ཡོན་ལྷན་ཁང་།
འབྱུང་ཁུངས།
ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ནས་བདམས་ཐོན་བྱུང་།
སྲིད་ཏང་།
ཀྲུང་གོ་གུང་ཁྲན་ཏང་།
འགན་བཞེས་ཡུན།
ལོ་ལྔ་རེར་ཐེངས་རེ།
1 ​ངོ་སྤྲོད། 

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ནས་བདམས་ཐོན་བྱུང་ཞིང་། ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་དབང་ཆའི་སྒྲིག་གཞི་ཞིག་ཡིན་པ་དང་བསྡུས་མིང་ལ་ཀྲུང་གུང་ཀྲུང་དབྱང་ཞེས་ཟེར།  དེ་ཡིས་སྤྱི་ལོ1927ལོར་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ་ནས་བཙུགས་ཏེ་དེ་སྔོན་གྱི་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་པ་རེད།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་བསྡུས་མིང་ལ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞེས་གྲགས།

2 འགན་ནུས་གཙོ་བོ།

《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》ནང་གཏན་འབེབས་བྱས་དོན། ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ལོ་ལྔ་རེར་ཐེངས་རེ་འཚོག་རྒྱུ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་སྐོང་འཚོག་བྱེད་པ། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་དགོས་གལ་འདུག་བསམས་པའམ་ཞིང་ཆེན་རིམ་པའི་རྩ་འཛུགས་གསུམ་ཆ་གཅིག་ཡན་ཆད་ཀྱིས་རེ་འདུན་ཞུས་ན་དུས་བཀག་གི་སྔོན་ལ་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་འཚོགས་ཆོག་པ་དང་། གལ་ཏེ་གནས་ཚུལ་ཛ་དྲག་ཆེ་རིགས་མེད་ན་འཚོག་པའི་དུས་ཚོད་ཕྱིར་འགྱངས་བྱས་མི་ཆོག་པ་ཡིན། 

རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་མི་གྲངས་མང་ཉུང་དང་འདེམས་བསྐོ་བྱེད་ཐབས་ནི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཐག་གཅོད་པ་ཡིན། 

《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》ནང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྲོལ་རྗེས་ཀྱི་རིང་ལ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཆོད་ལག་ལེན་བསྟར་བ་དང་། ཏང་གི་ལས་ཀ་ཡོངས་རྫོགས་ལ་འགོ་ཁྲིད་བྱས་ཏེ་ཕྱི་ཕྱོགས་ལ་ཀྲུང་གོ་གུང་ཁྲན་ཏང་གི་འཐུས་ཚབ་བྱ་བ་བཅས་གཏན་འབེབས་བྱས་ཡོད།

ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་ཏང་གི་རྩ་འཛུགས་ཀྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་མཛུབ་སྟོན་ལྟར་ལས་ཀ་བྱེད་དགོས།

ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་ཆབ་སྲིད་ཅུས་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་བཅས་འདེམས་བསྐོ་བྱས་པ་ཡིན།

ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འོས་མིང་བཏོན་ནས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཁོངས་མི་གྲོས་འཆམ་བྱ་བར་ཐག་བཅད།

3 ལོ་རྒྱུས་ཀྱི་འཕེལ་རིམ།
3_1 མིང་གི་འགྱུར་བ། 

སྐབས་དང་པོ། ཀྲུང་གོ་གུང་ཁྲན་ཏང་།

སྐབས་གཉིས་པ་ནས་གསུམ་པའི་བར། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ལག་བསྟར་ཨུ་ཡོན་ལྷན་ཁང་།

སྐབས་ལྔ་པ་ནས་ད་ལྟའི་བར། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་།

3_2 འགན་འཛིན་ཡུན་ཚད་ཀྱི་འགྱུར་བ།

སྤྱི་ལོ1922ལོར་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་བའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》ཐོག་མའི་ནང་གཏན་འབེབས་བྱས་དོན། “ཀྲུང་དབྱང་ལས་འཛིན་ཨུ་ཡོན་ལྷན་ཁང་གི་འགན་ཡུན་ལོ་གཅིག་ཡིན་པ”དང་། “བསྐྱར་འདེམས་བསྐྱར་འཁུར་བྱེད་དགོས། སྤྱི་ལོ1927ལོར་ཀྲུང་གོ་གུང་ཁྲན་ཏང་སྐབས་ལྔ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་འཆམ་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་བཟོ་བཅོས་ཐེངས་གསུམ་པའི་གྲོས་ཆོད》ནང་ཀྲུང་དབྱང(ལག་བསྟར)ཨུ་ཡོན་ལྷན་ཁང་གི“འགན་ཡུན་ལོ་གཅིག”ལས་གཏན་འབེབས་བྱས་མེད། སྤྱི་ལོ1982ལོ་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཐོག་གྲོས་འཆམ་བྱུང་བའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》ནང“ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་རེ་རེའི་འགན་འཛིན་ཡུན་ཚད་ལོ་ལྔ་རེ་ཡིན། གལ་ཏེ་དུས་བཀག་གི་སྔོན་ནམ་དུས་འགྱངས་ཀྱིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་འཚོགས་ན་དེའི་འགན་འཛིན་ཡུན་ཚད་ཀྱང་དེ་མཚུངས་སུ་བསྒྱུར་དགོས། ”

3_3 ཚོགས་གནས།

སྐབས་དང་པོ། ཧྲང་ཧའེ།

སྐབས་གཉིས་པ། ཧྲང་ཧའེ་དང་། པེ་ཅིན། ཀོང་ཀྲོའུ།

སྐབས་གསུམ་པ། ཀོང་ཀྲོའུ་དང་ཧྲང་ཧའེ།

སྐབས་བཞི་པ། ཨ་ཙི། ཧྲང་ཧའེ་དང་ཝུའུ་ཧན།

སྐབས་ལྔ་བ། ཝུའུ་ཧན་དང་ཧྲང་ཧའེ།

སྐབས་དྲུག་པ། ཧྲང་ཧའེ་དང་རུའེ་ཅིན།

རྒྱང་སྐྱོད་བྱེད་འགོ་བརྩམས་རྗེས། རུའེ་ཅིན་དང་། ཙུན་དབྱི། ཡན་ཨན།

སྐབས་བདུན་པ། ཡན་ཨན། 

བཅིངས་འགྲོལ་དམག་འཁྲུག་ལངས་རྗེས། ཡན་ཨན་དང་ཧྲའན་ཞིའི་བྱང་རྒྱུད་དང་ཞི་པའེ་ཕོ། པེ་ཕིན།

སྤྱི་ལོ1949ལོའི་རྗེས་སུ། པེ་ཅིན།

སྐབས་བརྒྱད་པ་ནས་ད་ལྟའི་བར། པེ་ཅིན།

3_4 ཁོངས་མི།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་མི་སྣ་ནི་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་ལས་གྲུབ་པ་ཡིན། 《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག》ནང་གཏན་འབེབས་བྱས་དོན། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ངེས་པར་དུ་ཏང་ལོ་ལྔ་ཡན་ལོན་པ་ཡིན་དགོས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་གྱི་མི་གྲངས་ནི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ནས་གཏན་འཁེལ་བྱས་ཏེ། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་མ་ཚང་བའི་སྐབས་སུ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་མང་ཉུང་ལ་གཞིགས་ནས་རིམ་པ་ལྟར་ཁ་སྐོང་བྱེད་པ་བཅས་ཡིན།

4 འགོ་ཁྲིད་རིམ་བྱོན།
4_1 ཀྲུང་གོ་གུང་ཁྲན་ཏང་གི་ཧྲུའུ་ཅི།

ཁྲེན་ཏུའུ་ཞིའུ།

སྤྱི་ལོ1921ལོའི་ཟླ7པ་ནས་སྤྱི་ལོ1922ལོའི་ཟླ7པ།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ལས་འཛིན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་།

ཁྲེན་ཏུའུ་ཞིའུ།

སྤྱི་ལོ1922ལོའི་ཟླ7པ་ནས་སྤྱི་ལོ1923ལོའི་ཟླ6པའི་བར། 

སྤྱི་ལོ1923ལོའི་ཟླ6པ་ནས་སྤྱི་ལོ1925ལོའི་ཟླ1པོའི་བར།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ལག་བསྟར་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི།

ཁྲེན་ཏུའུ་ཞིའུ།

སྤྱི་ལོ1925ལོའི་ཟླ1པོ་ནས་སྤྱི་ལོ1927ལོའི་ཟླ5བའི་བར། 

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི།

ཁྲེན་ཏུའུ་ཞིའུ།

སྤྱི་ལོ1927ལོའི་ཟླ5པ་ནས་སྤྱི་ལོ1927ལོའི་ཟླ7པའི་བར། 

ཆུས་ཆིའུ་པའེ།

སྤྱི་ལོ1927ལོའི་ཟླ7པ་ནས་སྤྱི་ལོ1928ལོའི་ཟླ7པར་ཀྲུང་གུང་གནས་སྐབས་ཀྲུང་དབྱང་གི་འགན་འཁུར། 

ཞང་ཀྲུང་ཧྥ།

སྤྱི་ལོ1928ལོའི་ཟླ7པ་ནས་སྤྱི་ལོ1931ལོའི་བར། 

སྤྱི་ལོ1931ལོ་ནས་སྤྱི་ལོ1934ལོའི་ཟླ1པོར་ལས་ཚབ་བྱས།

པོ་ཀུའུ། ཆིན་པང་ཞན།

སྤྱི་ལོ1934ལོའི་ཟླ1པོ་ནས་སྤྱི་ལོ1935ལོའི་ཟླ1པོར་ཀྲུང་གུང་སྐབས་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་བདམས་ཐོན་བྱུང་། 

ཀྲང་ཝུན་ཐེན།

སྤྱི་ལོ1935ལོའི་ཟླ1པོར་སྤྱི་ལོ1945ལོའི་ཟླ6པར་ཙུན་དབྱི་གྲོས་ཚོགས་ཐོག་བདམས་ཐོན་བྱུང་།

4_2 ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི།

མའོ་ཙེ་ཏུང་། 

སྤྱི་ལོ1945ལོའི་ཟླ6པའི་ཚེས19ཉིན། 

སྤྱི་ལོ1948པའི་ཟླ9པའི་ཚེས7ཉིན།

ཧྭ་གོ་ཧྥེང་།

ལོ་དེའི་ཟླ8པར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གྲོས་འཆམ་བྱུང་། 

ཧུའུ་ཡུས།

སྤྱི་ལོ1981ལོའི་ཟླ6ཚེས29ཉིན་ནས་སྤྱི་ལོ1982ལོའི་ཟླ9ཚེས11ཉིན་ཀྲུང་གུང་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་བདམས་ཐོན་བྱུང་།

4_3 ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི།

ཧུའུ་ཡུས།

སྤྱི་ལོ1982ལོའི་ཟླ9པའི་ཚེས12ཉིན་སྤྱི་ལོ1987ལོའི་ཟླ1པོའི་ཚེས16ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱས་འཛོམས་གྲོས་ཚོགས་ཐོག་ལས་ཁུར་རྩ་དགོངས་ཞུས་པ།

སྤྱི་ལོ1987ལོའི་ཟླ1པོའི་ཚེས16ཉིན་སྤྱི་ལོ1987ལོའི་ཟླ11ཚེས1ཉིན་ལས་ཚབ་བྱས་པ།

སྤྱི་ལོ1987ལོའི་ཟླ11པའི་ཚེས2ཉིན་ནས་སྤྱི་ལོ1989ལོའི་ཟླ6པའི་ཚེས23ཉིན་བར་ཀྲུང་གུང་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནས་དབྱུང་བཏང་བ་རེད།

ཅང་ཙེ་རྨིན། 

སྤྱི་ལོ1989ལོའི་ཟླ6པའི་ཚེས24ཉིན་ནས་སྤྱི་ལོ1992ལོའི་ཟླ10པའི་ཚེས19ཉིན་ཀྲུང་གུང་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་པ་རེད།

སྤྱི་ལོ1992ལོའི་ཟླ10བའི་ཚེས19ཉིན་སྤྱི་ལོ1997ལོའི་ཟླ9པར་ཕབ།

སྤྱི་ལོ1997ལོའི་ཟླ9པར། སྤྱི་ལོ2002ལོའི་ཟླ11པའི་ཚེས14ཉིན།

ཧུའུ་ཅིན་ཐའོ།

སྤྱི་ལོ2002ལོའི་ཟླ11པའི་ཚེས15ནས་སྤྱི་ལོ2007ལོའི་ཟླ10པའི་ཚེས15ཉིན་བར། 

སྤྱི་ལོ2007ལོའི་ཟླ10པར།

སྤྱི་ལོ2012ལོའི་ཟླ11ཚེས14ཉིན།

ཞི་ཅིན་ཕིང་།

སྤྱི་ལོ2012ལོའི་ཟླ11པའི་ཚེས14ཉིན།

སྤྱི་ལོ2017ལོའི་ཟླ10བའི་ཚེས25ཉིན་ཕབ།

སྤྱི་ལོ2019ཞི་ཅིན་ཕིང།

སྤྱི་ལོ2017ལོའི་ཟླ10པའི་ཚེས25ཉིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-15

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།