ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི(བསྡུས་ན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཟེར)ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཐུས་ཚབ་པ་ཡིན་ལ། རྒྱལ་ཁབ་སྒྲིག་གཞིའི་ཡ་གྱལ་ཞིག་ཀྱང་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོ་བརྒྱུད་ནས་ཐོན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国主席
བསྡུས་མིང་།
རྒྱལ་ཁབ་ཀྱི་ཀྲུའུ་ཞི
ཁོངས་གཏོགས།
སྲིད་འཛིན།
1 ངོ་སྤྲོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི(བསྡུས་ན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཟེར)ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཐུས་ཚབ་པ་ཡིན་ལ།  རྒྱལ་ཁབ་སྒྲིག་གཞིའི་ཡ་གྱལ་ཞིག་ཀྱང་ཡིན།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོ་བརྒྱུད་ནས་ཐོན་པ་ཞིག་ཡིན་ལ།  སྐབས་རེ་རེའི་འགན་འཛིན་ཡུན་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་རེའི་འགན་འཛིན་ཡུན་དང་མཚུངས། 

2 འཕེལ་རིམ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ལམ་ལུགས་དེ་ཀྱག་ཀྱོག་གི་འཕེལ་རིམ་རིང་མོ་ཞིག་བརྒྱུད་ཡོད་པ་སྟེ།  སྤྱི་ལོ1954ལོར་སྐབས་དང་པོའི་རྒྱལ་ཡོངས་དམངས་ཆེན་ཚོགས་རྗེས་སྒྲུབ་འགོ་བརྩམས་པ་ཡིན།  སྤྱི་ལོ1968ལོར་སྟོང་བར་འགྱུར་འགོ་ཚུགས།  སྤྱི་ལོ1975ལོར་གྲོས་འཆམ་བྱུང་བའི《རྩ་ཁྲིམས》ལས“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི”དང་འབྲེལ་ཡོད་སྒྲིག་སྲོལ་ཆ་ཚང་བསུབ་ཅིང་།   ལས་འགན་དེ་ཡང་མེད་པར་བཟོས།  སྤྱི་ལོ1982ལོའི་གྲོས་འཆམ་བྱུང་བའི《རྩ་ཁྲིམས》དུ་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པའི་གོ་སྒྲིག་བསྐྱར་གསོ་མཛད། 

3 འགན་འཁྲི།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གཏན་འབེབས་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་གཞིར་བཟུང་ནས།  ཁྲིམས་ལུགས་སྤྱི་བསྒྲགས།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་དང་ཙུང་ལི་གཞོན་པ།  རྒྱལ་སྲིད་ཨུ་ཡོན་དང་སྡེ་ཁག་སོ་སོའི་པུའུ་ཀྲང་།  ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རེན་དང་རྩིས་བཤེར་འགན་འཛིན་པ་དང་དྲུང་ཡིག་འགན་འཛིན་པ་བཅས་གོ་བསྐོ་འཐེན་བྱེད་པ།   རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་གཟི་བརྗིད་མཚན་སྙན་གནང་བ།  དམིགས་བསལ་བཙོན་གྲོལ་གཏོང་བའི་བཀའ་ཁྱབ་བསྒྲགས་བྱེད་པ།  ཛ་དྲག་གི་གནས་སུ་གྱུར་བ་ཁྱབ་བསྒྲགས་བྱེད་པ།  འཐབ་འཁྲུག་གི་ངོ་བོ་ཁྱབ་བསྒྲགས་བྱེད་པ།  སྐུལ་སློང་གི་བཀའ་རྒྱ་ཁྱབ་བསྒྲགས་བྱེད་པ་བཅས་བྱེད་དགོས། 

4 ངོ་བོ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཐུས་ཚབ་པ་ཡིན།   རྒྱལ་དོན་བྱེད་སྒོ་སྤེལ་བ་དང་རྒྱལ་ཕྱིའི་གཞུང་ཚབ་དང་ལེན་བྱེད་པ་དང་།  རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ལྟར།  ཕྱིར་སྡོད་མངགས་གཏོང་བྱེད་པའམ་ཚུར་འགུག་པའི་དབང་ཆའི་འཐུས་ཚབ་བྱེད་པ།  རྒྱལ་ཕྱིར་བཞག་པའི་ཆིངས་ཡིག་དང་གལ་ཆེའི་ཆོད་དོན་གང་དེར་ཆོག་མཆན་འགོད་པའམ་རྩིས་མེད་དུ་གཏོང་བ་བཅས་སོ།།

5 འདེམས་བསྐོ།      

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་འདེམས་བསྐོ་བྱ་རྒྱུ།      འདེམས་བྱེད་ཀྱི་དབང་ཆ་དང་གདམ་བྱའི་དབང་ཆ་ཡོད་ཅིང་རང་ལོ་འཁོར་མོ་ཞེ་ལྔར་སོན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་བཞེས་ཆོག      ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་སྐབས་རེའི་འགན་འཛིན་ཡུན་ཚད་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་རེའི་འགན་འཛིན་ཡུན་ཚད་དང་མཚུངས།     ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ལས་གནས་སྟོང་པར་ལུས་སྐབས་ཀྲུའུ་ཞི་གཞོན་པས་ཀྲུའུ་ཞིའི་གོ་གནས་མུ་མཐུད་བཞེས་རྒྱུ།      

6 འཕེལ་རྒྱས།     

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ལམ་ལུགས་ནི་ཀྱག་ཀྱོག་གི་འཕེལ་རྒྱས་བརྒྱུད་རིམ་ཞིག་བརྒྱུད་ཡོད། ཕལ་ཆེར་དུས་རིམ་བཞི་ལ་དབྱེ་ཆོག་པ་སྟེ། 1949ལོར་རྒྱལ་ཁབ་དབུ་བརྙེས་པའི་དུས་སྐབས་ནས་ཀུའེ་ལོའི་བར་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་ཁྲིམས་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་བཙུགས་པ་ནས་1975ལོའི་བར་རྩ་ཁྲིམས་ཀྱིས་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་ཕྱིར་འཐེན་བྱས་པ་དང་། 1975ལོར་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་རྩ་ཁྲིམས་ཐོག་ལས་གནས་སྟོང་པར་ལུས་པ་ནས་1982ལོར་རྩ་ཁྲིམས་གསར་པས་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་སླར་གསོ་བྱས་པ། 1982ལོ་ནས་ད་བར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ལམ་ལུགས་ལག་ལེན་བསྟར་རིང་བཅས་བརྒྱུད་ཡོད།      

ཀྲུང་གོ་གསར་པ་དབུ་བརྙེས་པའི་ཐོག་མའི་དུས་སུ་རྒྱལ་ཁབ་སྒྲིག་གཞིའི་མ་ལག་ཁྲོད་དུ་ཆེད་དམིགས་ཀྱི་རྒྱལ་ཁབ་ཀྲུའུ་ཞི་བཙུགས་མེད་པ་དང་། རྒྱལ་ཁབ་ཀྲུའུ་ཞིའི་འགན་དབང་སྤྱོད་པའི་རྒྱལ་ཁབ་ལས་ཁུངས་ནི་ཀྲུང་དབྱང་མི་དམངས་སྲིད་གཞུང་ཨུ་ཡོན་ལྷན་ཁང་ཡིན། ཀྲུང་དབྱང་མི་དམངས་སྲིད་གཞུང་ཨུ་ཡོན་ལྷན་ཁང་དུ་ཀྲུའུ་ཞི1དང་། ཀྲུའུ་ཞི་གཞོན་པ6  ཨུ་ཡོན56  དྲུང་ཡིག་ཆེན་མོ1བཅས་བསྐོ་གཞག་བྱ་རྒྱུ། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཀྲུའུ་ཞིས་ཀྲུང་དབྱང་མི་དམངས་སྲིད་གཞུང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་གཙོ་སྐྱོང་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་འགོ་ཁྲིད་གནང་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ནང་ནུས་པ་གལ་ཆེན་འདོན་དགོས། འོན་ཀྱང་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ནི་སྒེར་གྱི་རྩ་འཛུགས་ཤིག་མིན་པ་དང་རྒྱལ་ཁབ་ཀྱི་གཙོ་བདག་མ་ཡིན་པར། ཀྲུང་དབྱང་མི་དམངས་སྲིད་གཞུང་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཙམ་ཡིན། འོན་ཀྱང་དོན་དངོས་ཐོག་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཀྲུའུ་ཞིས་རྒྱལ་ཁབ་ཀྱི་གཙོ་བདག་ལ་གཏོགས་པའི་འགན་དབང་ཁག་ཅིག་སྤྱོད་བཞིན་ཡོད། དེར་བརྟེན། ཀྲུང་གོ་གསར་པ་བཙུགས་ནས་སྤྱི་ལོ1954ལོའི་ཟླ9པའི་བར་དུ། ཀྲུང་དབྱང་མི་དམངས་སྲིད་གཞུང་ཨུ་ཡོན་ལྷན་ཁང་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་འདྲ་མཚུངས་ཡིན།      

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་བསྐོ་བཞག་བྱས་པ་དང་། ལོ་དེའི་རྩ་ཁྲིམས་ནང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་འཛུགས་རྒྱུ་དང་། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་མེད་པར་བཟོ་རྒྱུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ནི་ཁྲུའུ་ཀྲུང་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་ལས་ཁུངས་རང་ཚུགས་ཤིག་ཡིན་ཞིང་། དེ་ནི་རྒྱལ་ཁབ་ཀྱི་འཐུས་མི་ཡིན་ལ་རྒྱལ་ཁབ་ཀྱི་མཚོན་རྟགས་ཀྱང་ཡིན། དེ་དང་ཆབས་ཅིག་ལོ་དེའི་རྩ་ཁྲིམས་ནང་ད་དུང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐོན་པ་དང་། འགན་འཛིན་ཡུན་ཚད། གོ་གནས། འགན་དབང་སོགས་གནད་དོན་རབ་དང་རིམ་པར་གཏན་འབེབས་ཁ་གསལ་བྱས་ཡོད།     

སྤྱི་ལོ1954ནས་སྤྱི་ལོ1965ལོའི་བར་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ལམ་ལུགས་གཞི་རྩའི་ཐོག་རྒྱུན་གཏན་ལྟར་འཁོར་རྒྱུག་བྱུང་ཡོད། འདི་ལོའི་ཟླ9བ་ནས་སྤྱི་ལོ1959ལོའི་ཟླ4བའི་བར་མའོ་ཙེ་ཏུང་དང་ཀྲུའུ་ཏེ་གཉིས་ཀྱིས་སོ་སོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པའི་འགན་བཞེས། སྤྱི་ལོ1959ལོ་དང་སྤྱི་ལོ1965ལོར་ལིའུ་ཧྲའོ་ཆི་ཐེངས་གཉིས་ལ་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས། ལོ་ནས་སྤྱི་ལོ1966ནས་སྤྱི་ལོ1975ལོའི་བར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་བཞེས་པའི་ལིའུ་ཧྲའོ་ཆི་ལ་གནོད་འཚེ་ཕོག་ནས་ཤི་བ་དང་།  རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ལས་གནས་སྟོང་བར་ལུས་ནས་ཡུན་རིང་འགོར།      སྤྱི་ལོ1975ལོའི་ཟླ1ཚེས17ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཀྱི་ཡིག་བཀོད་རྩ་ཁྲིམས་ཁག་གཉིས་པར་གྲོས་འཆམ་བྱུང་བ་དང་། རྩ་ཁྲིམས་འདིས་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ལམ་ལུགས་མེད་པར་བཟོས། 

སྤྱི་ལོ1978ལོའི་ཟླ3ཚེས5ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་ལྔ་བའི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཀྱི་ཡིག་བཀོད་རྩ་ཁྲིམས་ཁག་གསུམ་པར་གྲོས་འཆམ་བྱུང་། རྩ་ཁྲིམས་དེའི་གཏན་འབེབས་ལ་གཞིགས་ན། རྒྱལ་ཁབ་ཀྱི་སྒྲིག་གཞི་འཛུགས་རྒྱུའི་གནད་དོན་ཐད་སྔར་བཞིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་མི་བསྐོ་རྒྱུ་མཐའ་འཁྱོངས་བྱས་ཡོད། འོན་ཀྱང་སྤྱི་ལོ1978ལོའི་རྩ་ཁྲིམས་ནང་གཏན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་སྤྱད་པའི་འགན་དབང་ཁ་ཤས་ནང་ཕྱི་རྒྱལ་གྱི་གཞུང་ཚབ་དང་ལེན་བྱ་རྒྱུ་དང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ནམ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་གཞིར་བཟུང་ནས་བཅའ་ཁྲིམས་དང་བཀའ་ཁྲིམས་ཁྱབ་བསྒྲགས་བྱ་རྒྱུ་དང་། དབང་ཆ་ཚང་མ་ཡོད་པའི་ཕྱིར་སྡོད་གཞུང་ཚབ་མངགས་གཏོང་དང་ཟུར་ཁྲིད་བྱ་རྒྱུ། ཕྱི་རྒྱལ་དང་བཞག་པའི་ཆིངས་ཡིག་ལ་ཆོག་མཆན་འགོད་རྒྱུ། རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་འགན་དབང་གལ་ཆེན་དག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གིས་སྤྱོད་རྒྱུ་བཅས་བྱས་ཡོད།     

སྤྱི་ལོ1982ལོའི་ཟླ12ཚེས4ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་ལྔ་བའི་གྲོས་ཚོགས་ཐེངས་ལྔ་བའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཀྱི་ཡིག་བཀོད་རྩ་ཁྲིམས་ཁག་བཞི་པར་གྲོས་འཆམ་བྱུང་བ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་གཉིས་བསྐྱར་དུ་བསྐོ་བཞག་བྱས་པ་རེད། སྤྱི་ལོ1982ལོའི་རྩ་ཁྲིམས་བཟོ་སྐབས་སྤྱི་ལོ1988ལོའི་ཟླ4བ་དང་སྤྱི་ལོ1993ལོའི་ཟླ3པ།  སྤྱི་ལོ1999ལོའི་ཟླ3པ་བཅས་ལ་བཟོ་བཅོས་ཐེངས་གསུམ་བྱས་པ་དང་། ཐེངས་རེ་རེར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་གཉིས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་པས། རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ལམ་ལུགས་གཏན་འཁེལ་བྱས།     

སྤྱི་ལོ2018ལོའི་ཟླ3ཚེས11ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དག་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་ནས་རྩ་ཁྲིམས་ཀྱི་དོན་ཚན་གསུམ་པའི་ནང་གསེས་དོན་ཚན་གསུམ་པའི“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པའི་སྐབས་རེའི་འགན་འཛིན་ཡུན་ཚད་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་རེའི་འགན་འཛིན་ཡུན་ཚད་དང་གཅིག་མཚུངས་ཡིན་ཞིང་། བསྟུད་མར་འགན་འཛིན་བྱེད་པའི་ཡུན་ཚད་སྐབས་གཉིས་ལས་བརྒལ་མི་ཆོག ” “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པའི་སྐབས་རེའི་འགན་འཛིན་ཡུན་ཚད་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་རེའི་འགན་འཛིན་ཡུན་ཚད་དང་མཚུངས”ཞེས་བཀོད།

7 ཀྲུའུ་ཞི་རིམ་བྱོན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི།  (སྤྱི་ལོ1949ནསསྤྱི་ལོ1954ལོའི་ཟླ9) 

སྐབས།

རུས་མིང་།

འགོ་འཛུགས་སྐབས།

མཇུག་སྒྲིལ་སྐབས།

ཀྲུའུ་ཞི་གཞོན་པ།

-

མའོ་ཙེ་ཏུང་།

སྤྱི་ལོ1893-1976བར།

སྤྱི་ལོ1949ལོའི་ཟླ9

སྤྱི་ལོ1954ལོའི་ཟླ9

ཀྲུའུ་ཏེ་དང་། ལིའུ་ཧྲའོ་ཆི། སུང་ཆིང་ལིང(སྐྱེས་མ)། ལི་ཅི་ཧྲེང་། ཀྲང་ལན། ཀའོ་ཀང་།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། 

1

མའོ་ཙེ་ཏུང་།

སྤྱི་ལོ1893-1976བར།


སྤྱི་ལོ1949ལོའི་ཟླ9

སྤྱི་ལོ1954ལོའི་ཟླ9

ཀྲུའུ་ཏེ།

2

ལིག་ཧྲོ་ཆི།

སྤྱི་ལོ1898-1969བར།

སྤྱི་ལོ1959ལོའི་ཟླ4

སྤྱི་ལོ1965ལོའི་ཟླ1

ཆིང་ལིང(སྐྱེས་མ)དང་ཏུང་པིས་ཝུའུ། 

3

ལིག་ཧྲོ་ཆི།

སྤྱི་ལོ1898-1969བར།


སྤྱི་ལོ1965ལོའི་ཟླ1

སྤྱི་ལོ1966ལོ།

ཆིང་ལིང(སྐྱེས་མ)དང་ཏུང་པིས་ཝུའུ། 

ཀྲུང་ཧྭ་མི་དམངས་སྤྱི་མཐན་རྒྱལ་ཁབ་ཀྱི་མཚན་འཛིན་ཀྲུའུ་ཞི

 སུང་ཆིང་ལིན། 

སྤྱི་ལོ1893-1981བར།

སྤྱི་ལོ1981ལོའི་ཟླ5བའི་ཚེས16ཉིན་བསྐོ་བཞག་བྱས།

-

-

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། (1982ལོ་ནས་ད་བར། ) 

ལི་ཞན་ཉིང་།

སྤྱི་ལོ1909-1992བར།

སྤྱི་ལོ1983ལོའི་ཟླ6

སྤྱི་ལོ1988ལོའི་ཟླ4

ཝུའུ་ལན་ཧྥུ།

དབྱང་ཧྲང་ཁོན།

སྤྱི་ལོ1907-1998བར།

སྤྱི་ལོ1988ལོའི་ཟླ4

སྤྱི་ལོ1993ལོའི་ཟླ3

ཝང་ཀྲིན།

ཅང་ཙེ་མེང་།

སྤྱི་ལོ1926ལོ།

སྤྱི་ལོ1993ལོའི་ཟླ3

སྤྱི་ལོ1998ལོའི་ཟླ3

སྤྱི་ལོ1998ལོའི་ཟླ3

སྤྱི་ལོ2003ལོའི་ཟླ3

སུང་དབྱི་རེན།

ཧུའུ་ཅིན་ཐའོ།

ཧུའུ་ཅིན་ཐའོ།

སྤྱི་ལོ1948ལོ།

སྤྱི་ལོ2003ལོའི་ཟླ3

སྤྱི་ལོ2008ལོའི་ཟླ3

སྤྱི་ལོ2008ལོའི་ཟླ3

སྤྱི་ལོ2013ལོའི་ཟླ3

ཙིན་ཆིང་ཧོང་།

ཞི་ཅིན་ཕིང་།

ཞི་ཅིན་ཕིང་།

སྤྱི་ལོ1953ལོ།

སྤྱི་ལོ2013ལོའི་ཟླ3

སྤྱི་ལོ2018ལོའི་ཟླ3

སྤྱི་ལོ2018ལོའི་ཟླ3

ད་ལྟ།

ལི་ཡོན་ཁྲའོ།

ཝང་ཆི་ཧྲན།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-15

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།