རྫ་ཡུལ་གྲོག་རོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྲོག་རོང་དེ་ནི་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་གི་ཁོངས་སུ་ཡོད་པའི་གྲོག་རོང་ཞིག་ཡིན་པ་སྟེ། རྫ་ཡུལ་གྲོག་རོང་ནི་བྱང་ཕྱོགས་མགོ་ཡུལ་ཤང་ཚོ་དྲུག་ནས་འགོ་ཚུགས་ཏེ་ལྷོ་ཕྱོགས་རོང་སྨད་གྲོང་རྡལ་ས་ཁོངས་ཀྱི་གསང་ཆུ་དང་གངས་རི་དཀར་པོའི་ཆུའི་འཛོམས་མདོ་བར་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
察隅峡谷
སྲིད་འཛིན་ཁོངས་གཏོགས།
ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་མགོ་ཡུལ་ཤང་དང་འགོ་ཚུགས་ཏེ་ལྷོ་ཕྱོགས་རོང་སྨད་གྲོང་རྡལཡིན།
ཆགས་ཡུལ།
ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་བྱང་ཕྱོགས་མགོ་ཡུལ་ཤང་ཚོ་དྲུག་ནས་འགོ་ཚུགས་ཏེ་ལྷོ་ཕྱོགས་རོང་སྨད་གྲོང་རྡལ་ས་ཁོངས་ཀྱི་གསང་ཆུ་དང་གངས་རི་དཀར་པོའི་ཆུའི་འཛོམས་མདོ་བར་ཡིན།
མཐིལ་གྱི་ཞེང་ཚད།
སྨི100
1 ངོ་སྤྲོད།

གྲོག་རོང་དེ་ནི་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་གི་ཁོངས་སུ་ཡོད་པའི་གྲོག་རོང་ཞིག་ཡིན་པ་སྟེ། རྫ་ཡུལ་གྲོག་རོང་ནི་བྱང་ཕྱོགས་མགོ་ཡུལ་ཤང་ཚོ་དྲུག་ནས་འགོ་ཚུགས་ཏེ་ལྷོ་ཕྱོགས་རོང་སྨད་གྲོང་རྡལ་ས་ཁོངས་ཀྱི་གསང་ཆུ་དང་གངས་རི་དཀར་པོའི་ཆུའི་འཛོམས་མདོ་བར་ཡིན། གྲོག་རོང་དེ་ནི་གསང་ཆུ་བཞུར་ཡུལ་དུ་ཆགས་ཡོད་པས། དེའང་ས་ཤུན་གས་སྲུབས་བྱེར་བ་ལས་གྱ་གྱུའི་གཟུགས་སུ་གྲུབ་པ་ཞིག་ཡིན། གྲོག་རོང་མཐིལ་གྱི་ཞེང་ཚད་ལ་ཧ་ལམ་སྨི100ལྷག་ཙམ་ཡོད། གྲོག་རོང་དེའི་གཡས་གཡོན་གྱི་རི་གཟར་ཤིན་ཏུ་གཟར་བ་དང་། ས་ཆ་ལ་ལར་གྱེན་དུ་ཐད་ཀར་བསླངས་འདྲ་བའི་གཡང་གཟར་ཅན་ཡང་ཡོད། གྲོག་རོང་གཡས་གཡོན་གྱི་ལུང་ཤུར་དག་ཏུ་ཆུ་ཕྲན་དང་རྦབ་ཆུའང་མང་པོ་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-04

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།