ཚ་བ་རོང་གྲོག་རོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྲོག་རོང་དེ་ནི་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་གི་ཁོངས་སུ་ཡོད་པའི་གྲོག་རོང་ཞིག་ཡིན་པ་སྟེ། ཚ་བ་རོང་གྲོག་རོང་ནི་མགོ་ལ་ཤང་གི་ཁོངས་སུ་ཡོད་ཅིང་། ལོ་ངོ་དུ་མའི་རིང་རྒྱལ་མོ་རྡུལ་ཆུས་ས་ཤུན་བཅད་ནས་རྒྱུན་ཆད་མེད་པར་འགྱུར་ལྡོག་བྱུང་བ་ལས་གྲུབ་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
察瓦龙峡谷
སྲིད་འཛིན་ཁོངས་གཏོགས།
ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་གིམགོ་ལ་ཤང།
ཆགས་ཡུལ།
ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་གིམགོ་ལ་ཤང་གི་ཁོངས་སུ་ཡོད།
རིང་ཚད།
སྟོང་སྨི135
ཟབ་ཚད།
སྨི1600
1 ​ངོ་སྤྲོད།

གྲོག་རོང་དེ་ནི་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་གི་ཁོངས་སུ་ཡོད་པའི་གྲོག་རོང་ཞིག་ཡིན་པ་སྟེ། ཚ་བ་རོང་གྲོག་རོང་ནི་མགོ་ལ་ཤང་གི་ཁོངས་སུ་ཡོད་ཅིང་། ལོ་ངོ་དུ་མའི་རིང་རྒྱལ་མོ་རྡུལ་ཆུས་ས་ཤུན་བཅད་ནས་རྒྱུན་ཆད་མེད་པར་འགྱུར་ལྡོག་བྱུང་བ་ལས་གྲུབ་པ་ཞིག་ཡིན། དེ་ནི་གྱ་གྱུའི་དབྱིབས་སུ་གྲུབ་པའི་གྲོག་རོང་ཞིག་ཡིན་ཞིང་། གྲོག་རོང་དེའི་རིང་ཚད་ལ་སྟོང་སྨི135ལྷག་ཙམ་ཡོད་པ་དང་། ཟབ་ཚད་ལ་ཕལ་ཆེར་སྨི1600ལྷག་ཙམ་ཡོད་པ་རེད། འོད་ཆུའི་གཡས་གཡོན་གཉིས་སུ་གཏིང་ཟབ་ཚད་ཅུང་ཐུང་བས། ཧ་ལམ་སྨི1600ཡས་མས་སུ་ཡིན་པ་དེ་དག་ནི་ཆུ་ཡིས་ས་ཤུན་གཏིང་ཟབ་བྲུས་པའི་ཁོངས་སུ་གཏོགས། གྲོག་རོང་ཁོངས་ཀྱི་འབབ་ཆུའི་ཟབ་ཚད་ནི་སྨི400ཡིན་པར་བརྟེན། རྦ་རླབས་ལང་ལོང་དུ་འཕྱུར་ཞིང་ཤུགས་དྲག་ཆེ། ཆུའི་ཞེང་ཚད་ལ་སྨི80ནས་སྨི200བར་བཟུང་ཡོད། གྲོག་རོང་གི་གཡས་གཡོན་གཉིས་སུ་ས་གཤིས་རྩུབ་པས་རིའི་གཟར་ཚད་ལ30°ནས50°བར་ཡིན་པ་དང་། ཆུ་རྒྱུ་དེད་ནས་མར་ཕྱིན་ན་དེ་བས་གཟར་བས་རི་བོ་གྱེན་དུ་བསླངས་པ་ལྟ་བུ་ཡོད། འོན་ཀྱང་ཚ་བ་རོང་ཤང་གི་ཉེ་འཁོར་དུ་ལུང་གཞུང་ཅུང་རྒྱ་ཆེ་བ་ཞིག་ཡོད། གྲོག་རོང་དེ་བྱང་ཕྱོགས་ཆབ་མདོ་མཛོ་སྒང་གི་ཁོངས་སུ་བསྲིངས་ཡོད་ལ། ལྷོ་ངོས་སུ་འབར་མའི་རྒྱལ་ཁབ་ཀྱི་ས་ཁོངས་སུ་བརྐྱངས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-04

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།