ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནོར་སྲིད་པུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནོར་སྲིད་པུའུ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནོར་སྲིད་པུའུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ཡིན། དེའི་སྔོན་མ་ནི་སྤྱི་ལོ1949ལོའི་ཟླ10བའི་ཚེས1ཉིན་བཙུགས་པའི་ཀྲུང་དབྱང་མི་དམངས་སྲིད་གཞུང་ནོར་སྲིད་པུའུ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国财政部
ཕྱི་ཡིག་གི་མིང་།
Ministry of Finance of the People's Republic of China
འགན་བཞེས་པུའུ་ཀྲང་།
ལིའུ་ཁུན།
གསར་འཛུགས་དུས་སྐབས།
སྤྱི་ལོ1978ལོ།
ལས་ཁུངས་ཀྱི་ངོ་བོ།
རྒྱལ་ཁབ་ལས་ཁུངས།
གཞུང་ཕྱོགས་དྲ་ཚུགས།
www.mof.gov.cn/index.htm
1 ངོ་སྤྲོད། 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནོར་སྲིད་པུའུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ཡིན། དེའི་སྔོན་མ་ནི་སྤྱི་ལོ1949ལོའི་ཟླ10བའི་ཚེས1ཉིན་བཙུགས་པའི་ཀྲུང་དབྱང་མི་དམངས་སྲིད་གཞུང་ནོར་སྲིད་པུའུ་ཡིན།

སྤྱི་ལོ2018ལོའི་ཟླ3པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཆོག་མཆན་སྤྲད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞིར་གཞིགས་ནས་ནོར་སྲིད་པུའི་འབྲེལ་ཡོད་ཞིང་ལས་མ་འཇོག་གི་འགན་འཁྲི་བསྡུ་སྒྲིལ་བྱས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་གྲོང་གསེབ་པུའུ་བཙུགས་པ་དང་། ནོར་སྲིད་པུའུ་ཡི་ཀྲུང་དབྱང་གི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་ནོར་སྲིད་ཀྱི་གཏོང་ཡོང་བྱས་ཚུལ་གཞན་དག་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་པའི་འགན་འཁྲི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་འཇུག་དགོས།

2 འགན་ནུས་གཙོ་བོ།

(གཅིག)ནོར་ཁྲལ་གོང་དུ་སྤེལ་བའི་འཐབ་ཇུས་དང་། འཆར་འགོད། སྲིད་ཇུས། བསྒྱུར་བཅོས་འཆར་གཞི་བཅས་བཟོ་འགོད་བྱ་རྒྱུ་མ་ཟད་ལག་ལེན་བསྟར་རྒྱུའི་སྒྲིག་འཛུགས་ཀྱང་བྱ་དགོས་ལ། སྤྱི་ཁོག་དཔལ་འབྱོར་གྱི་གནས་བབ་ལ་དབྱེ་ཞིབ་དང་སྔོན་དཔག་བྱས་པ་དང་། སྤྱི་ཁོག་དཔལ་འབྱོར་གྱི་སྲིད་ཇུས་གཏན་འབེབས་བྱེད་པར་ཞུགས་པ་དང་། ནོར་ཁྲལ་སྲིད་ཇུས་ལ་བརྟེན་ནས་སྤྱི་ཁོག་སྙོམས་སྒྲིག་དང་སྤྱི་ཚོགས་ཀྱི་ནོར་ཤུགས་ཕྱོགས་བསྡུས་ཀྱིས་དོ་མཉམ་ཡོང་བ་བྱ་རྒྱུའི་གྲོས་འགོ་བཏོན་ཏེ། ཀྲུང་དབྱང་དང་ས་གནས་བར་དང་། རྒྱལ་ཁབ་དང་ཁེ་ལས་བར་བགོ་བཤའི་སྲིད་ཇུས་བཟོ་འགོད་བྱས་ཏེ་སྤྱི་ཕན་བྱ་གཞག་གོང་དུ་སྤེལ་བར་བསྔགས་སྐུལ་བྱེད་པའི་ནོར་ཁྲལ་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས།

(གཉིས) ནོར་སྲིད་དང་། ནོར་དོན། རྩིས་གཉེར་བཅས་དོ་དམ་བྱེད་པའི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་མ་ཟིན་འཆར་ཟིན་འགོད་རྒྱུ་དང་། སྒྲིག་སྲོལ་བཟོ་འགོད་བྱ་རྒྱུ་མ་ཟད། ལག་བསྟར་བྱེད་པར་ལྟ་སྐུལ་ཡང་བྱ་རྒྱུ། ཕྱི་ཕྱོགས་དང་འབྲེལ་བའི་ནོར་སྲིད་དང་བུ་ལོན་སོགས་རྒྱལ་སྤྱིའི་ཐོག་གྲོས་མོལ་བྱ་རྒྱུ་སྒྲིག་འཛུགས་བྱེད་པ་དང་འབྲེལ་ཡོད་གྲོས་མཐུན་དང་ཆོད་ཡིག་ཐོག་མིང་རྟགས་ཀྱང་འགོད་དགོས།

(གསུམ)ཀྲུང་དབྱང་གི་ནོར་སྲིད་གཏོང་ཡོང་ཁག་དོ་དམ་བྱེད་པར་འགན་འཁུར་དགོས་ལ། ལོ་འཁོར་མོའི་ཀྲུང་དབྱང་གི་སྔོན་རྩིས་དང་ངེས་རྩིས་མ་ཟིན་བཟོ་འགོད་བྱ་རྒྱུ་མ་ཟད་ལག་བསྟར་བྱ་རྒྱུའི་སྒྲིག་འཛུགས་ཀྱང་བྱ་དགོས། འགྲོ་གྲོན་གཏོང་སྒོའི་ཚད་གཞི་དང་བཅད་གྲངས་བཟོ་རྒྱུ་སྒྲིག་འཛུགས་བྱས་ནས་མཆན་འགོད་བཀའ་ལན་སྡེ་ཚན་གྱི་ལོ་འཁོར་སྔོན་རྩིས་དང་ངེས་རྩིས་ལ་ཞིབ་བཤེར་གཏན་འབེབས་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་ལྟར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ནོར་སྲིད་སྔོན་རྩིས་དང་། ལག་བསྟར། ངེས་རྩིས་སོགས་ཀྱི་གནས་ཚུལ་སྙན་སེང་ཞུ་རྒྱུ་དང་། སྲིད་གཞུང་གི་མ་དངུལ་འཇོག་པའི་ཐེབས་རྩར་ཀྲུང་དབྱང་ནོར་སྲིད་ནས་མ་དངུལ་བཞག་པའི་རྒྱུ་ནོར་དོ་དམ་བྱེད་པར་འགན་འཁུར་ཞིང་། ཀྲུང་དབྱང་གི་སྔོན་རྩིས་དང་ངེས་རྩིས་ཡོངས་བསྒྲགས་བྱེད་པར་འགན་འཁུར་བ་བཅས་ཡིན། 

(བཞི) ཁྲལ་བསྡུའི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་འཆར་ཟིན་དང་ལག་བསྟར་ཞིབ་སྲོལ་དང་ལེགས་སྒྲིག་ཇུས་གཞི་བཟོ་འགོད་སྒྲིག་འཛུགས་བྱེད་འགན་འཁུར་རྒྱུ། ཕྱི་ཕྱོགས་དང་འབྲེལ་བའི་ཁྲལ་བསྡུའི་གྲོས་མོལ་ལ་ཞུགས་རྒྱུ་དང་། ཕྱི་ཕྱོགས་དང་འབྲེལ་བའི་ཁྲལ་བསྡུའི་གྲོས་མཐུན་དང་ཆོད་ཡིག་གི་མ་ཟིན་འཇོག་རྒྱུ། སྒོ་ཁྲལ་དང་ནང་འདྲེན་བྱས་ནས་དཔྱ་ཁྲལ་རྩ་ཆག་གཏོང་བའི་ལས་རིགས་ཀྱི་སྲིད་ཇུས་དང་འབྲེལ་ཡོད་དོ་དམ་ལམ་ལུགས་གཏན་འབེབས་བྱ་དགོས། སྒོ་ཁྲལ་སྐོར་གྱི་གྲོས་མོལ་འཆར་གཞི་བཟོས་ནས་འབྲེལ་ཡོད་སྒོ་ཁྲལ་གྲོས་མོལ་བྱེད་པར་ཞུགས་ཏེ་དམིགས་བསལ་གྱི་སྒོ་ཁྲལ་བསྡུ་རྒྱུའི་གྲོས་འགོ་འདོན་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒོ་ཁྲལ་ཁྲལ་སྡུད་ལམ་ལུགས་ཨུ་ཡོན་ལྷན་ཁང་གི་ཞིབ་ཕྲའི་ལས་དོན་སྒྲུབ་འགན་འཁུར་རྒྱུ།

(ལྔ) སྲིད་གཞུང་གི་ཁྲལ་མིན་ཡོང་སྒོ་ལྟར་དོ་དམ་བྱ་དགོས། སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་དོ་དམ་བྱེད་འགན་འཁུར་རྒྱུ་དང་། གཏན་འབེབས་ལྟར་སྲིད་འཛིན་བྱ་གཞག་རང་བཞིན་གྱི་རིན་དངུལ་བསྡུ་བར་དོ་དམ་བྱ་དགོས། ནོར་སྲིད་དངུལ་འཛིན་དོ་དམ། རྒྱན་ཤོག་དོ་དམ་སྲིད་ཇུས་དང་འབྲེལ་ཡོད་བྱ་ཐབས་བཟོས་ནས་རྒྱན་ཤོག་ཁྲོམ་རར་ལྟ་སྐུལ་དོ་དམ་དང་གཏན་འབེབས་གཞིར་བཟུང་རྒྱན་ཤོག་མ་དངུལ་དོ་དམ་བྱེད་དགོས།

(དྲུག)རྒྱལ་མཛོད་ཀྱི་དོ་དམ་ལམ་ལུགས་དང་རྒྱལ་མཛོད་ཀྱི་གཅིག་སྡུད་གཏོང་ལེན་ལམ་ལུགས་སྒྲིག་འཛུགས་བྱས་ནས་བཟོ་དགོས་པ་དང་། ཀྲུང་དབྱང་རྒྱལ་མཛོད་ཀྱི་ལས་སྒོར་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་དགོས་པ། རྒྱལ་མཛོད་ཀྱི་དོ་དམ་ལས་དོན་སྤེལ་དགོས། སྲིད་གཞུང་གི་ནོར་དོན་སྙན་ཞུ་བཟོ་འགོད་བྱེད་ཐབས་གཏན་འབེབས་བྱེད་པ་མ་ཟད་ལག་བསྟར་སྒྲིག་འཛུགས་ཀྱང་བྱ་དགོས། སྲིད་གཞུང་གི་ཉོ་སྒྲུབ་ལམ་ལུགས་གཏན་འབེབས་དང་ལྟ་སྐུལ་དོ་དམ་བྱེད་འགན་འཁུར། སྲིད་གཞུང་གི་ཉོ་སྒྲུབ་ཚོང་རའི་སྒོ་འབྱེད་གྲོས་མོལ་ལས་ཀ་སྒྲུབ་འགན་འཁུར།

(བདུན)སྲིད་གཞུང་གི་རྒྱལ་ནང་བུ་ལོན་དོ་དམ་ལམ་ལུགས་དང་སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱ་དགོས། ཀྲུང་དབྱང་དང་ས་གནས་སྲིད་གཞུང་གི་བུ་ལོན་དོ་དམ་ལམ་ལུགས་དང་བྱེད་ཐབས་ཁྲིམས་ལྟར་གཏན་འབེབས་བྱས། རྒྱལ་བུན་དང་ས་གནས་སྲིད་གཞུང་གི་བུ་ལོན་ལྷག་གྲངས་ཀྱི་བཅད་གྲངས་འཆར་གཞི་བཟོས། སྲིད་གཞུང་གི་ཕྱི་བུན་གཅིག་གྱུར་གྱིས་དོ་དམ་དང་གཞི་རྩའི་དོ་དམ་ལམ་ལུགས་གཏན་འབེབས་བྱ་དགོས།

(བརྒྱད)གཞུང་དབང་རྒྱུ་ནོར་དོ་དམ་བྱས་ཚུལ་གྱི་སྙན་ཞུ་བཟོ་འགོད་བྱེད་པར་སྣེ་ཁྲིད་བྱ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབང་བསྐུར་ལྟར། གཅིག་སྡུད་གཅིག་གྱུར་གྱིས་ཀྲུང་དབྱང་གི་རྒྱལ་དབང་དངུལ་རྩའི་མ་རྩ་མ་རྩ་གཏོང་མཁན་གྱི་འགན་འཁྲི་ལག་བསྟར་བྱེད་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་རྒྱལ་ཁབ་ལ་དབང་བའི་དངུལ་རྩའི་མ་རྩའི་དོ་དམ་སྒྲིག་སྲོལ་ལམ་ལུགས་གཏན་འབེབས་བྱས། སྲིད་འཛིན་བྱ་ལས་སྡེ་ཚན་གྱི་གཞུང་དབང་རྒྱུ་ནོར་དོ་དམ་བྱེད་པའི་སྒྲིག་སྲོལ་ལམ་ལུགས་བཟོ་འགོད་བྱ་རྒྱུ་མ་ཟད་ལག་བསྟར་སྒྲིག་འཛུགས་ཀྱང་བྱ་རྒྱུ་དང་། རྒྱལ་ཡོངས་ཀྱིས་གཅིག་གྱུར་ཐོག་གཏན་འབེབས་བྱ་དགོས་པའི་གཏོང་སྒོའི་ཚད་གཞི་དང་གཏོང་སྒོའི་སྲིད་ཇུས་གཏན་འབེབས་བྱ་དགོས།

(དགུ) རྒྱལ་ཡོངས་ཀྱི་གཞུང་དབང་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་དང་ངེས་རྩིས་མ་ཟིན་ལ་ཞིབ་བཤེར་གཏན་འབེབས་བྱེད་འགན་འཁུར་རྒྱུ་མ་ཟད་ཕྱོགས་བསྡུས་ཀྱིས་བཟོ་འགོད་ཀྱང་བྱ་རྒྱུ་དང་། གཞུང་དབང་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ལམ་ལུགས་དང་བྱེད་ཐབས་གཏན་འབེབས་བྱས་ནས་ཀྲུང་དབྱང་རང་རིམ་ཁེ་ལས་ཀྱི་གཞུང་དབང་མ་རྩའི་ཁེ་འབབ་བསྡུ་ལེན་བྱ་རྒྱུ། ཁེ་ལས་ཀྱི་ནོར་དོན་ལམ་ལུགས་གཏན་འབེབས་དང་ལག་བསྟར་བྱ་བ་སྒྲིག་འཛུགས་བྱེད་འགན་འཁུར། ནོར་སྲིད་སྔོན་རྩིས་ནང་གི་སྲིད་འཛིན་བྱ་གཞག་ཚན་པ་དང་སྤྱི་ཚོགས་ཚོགས་པའི་ཉོ་ཚོང་མིན་པའི་ཕྱི་དངུལ་དང་ནོར་སྲིད་སྔོན་རྩིས་ནང་གི་རྒྱལ་སྤྱིའི་གཏོང་ཡོང་དོ་དམ་བྱེད་འགན་འཁུར་རྒྱུ།

(བཅུ)རྒྱལ་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་དང་ངེས་རྩིས་མ་ཟིན་ཞིབ་བཤེར་གཏན་འབེབས་བྱེད་པར་འགན་འཁུར་རྒྱུ་མ་ཟད་ཕྱོགས་བསྡུས་ཀྱིས་བཟོ་འགོད་ཀྱང་བྱ་རྒྱུ་དང་། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་འབྲེལ་ཡོད་མ་དངུལ(ཐེབས་རྩ)ལམ་ལུགས་བཟོ་འགོད་བྱས་ཏེ། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ནོར་སྲིད་ལྟ་སྐུལ་དོ་དམ་ལས་ཀ་སྒྲུབ་འགན་འཁུར་བ་བཅས་ཡིན། 

(བཅུ་གཅིག)ཀྲུང་དབྱང་ནོར་སྲིད་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་གཏོང་སྒོ་དང་ཀྲུང་དབྱང་སྲིད་གཞུང་རང་བཞིན་གྱི་མ་འཇོག་རྣམ་གྲངས་ཀྱི་ནོར་སྲིད་གཏོང་དངུལ་སྒྲུབ་གཉེར་དང་ལྟ་སྐུལ་བྱེད་འགན་འཁུར་རྒྱུ་དང་། ཀྲུང་དབྱང་གི་གཞི་རྩའི་འཛུགས་སྐྲུན་གྱི་མ་དངུལ་འཇོག་པའི་འབྲེལ་ཡོད་སྲིད་ཇུས་བཟོ་འགོད་བྱེད་པར་ཞུགས་པ་བཅས་ཡིན།

(བཅུ་གཉིས)རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྒྲུབ་རྒྱུར་སྤྲད་པའི་འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་དང་ཕྱོགས་མང་དང་ཕྱོགས་གཉིས་ཀྱི་ནོར་སྲིད་དཔལ་འབྱོར་སྐོར་གྱི་གླེང་མོལ་བྱེད་པར་འགན་འཁུར་རྒྱུ་དང་། ནོར་སྲིད་དཔལ་འབྱོར་ཁྱབ་ཁོངས་སུ་ནོར་དཔལ་དང་མཉམ་ལས་བྱས་ཏེ། གཏན་འབེབས་ལྟར་ཕྱོགས་མང་གསར་སྤེལ་སྒྲིག་གཞི་དང་ཕྱི་རྒྱལ་སྲིད་གཞུང་གི་དངུལ་བུན(སྤྲོད་དངུལ)དོ་དམ་བྱ་དགོས། རང་རྒྱལ་སྲིད་གཞུང་གི་ཚབ་བྱས་ནས་འབྲེལ་ཡོད་རྒྱལ་སྤྱིའི་ནོར་སྲིད་དཔལ་འབྱོར་རྩ་འཛུགས་ལ་ཞུགས་པ་བཅས་ཡིན། 

(བཅུ་གསུམ)རྒྱལ་ཡོངས་ཀྱི་རྩིས་གཉེར་ལས་ཀར་དོ་དམ་བྱེད་འགན་འཁུར་རྒྱུ་དང་། རྩིས་གཉེར་གྱི་བྱ་སྤྱོད་ལ་ལྟ་སྐུལ་དང་ཚད་ལྡན་དུ་གཏོང་རྒྱུ། རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་རྩིས་གཉེར་བྱ་བ་གཏན་འབེབས་དང་ལག་བསྟར་སྒྲིག་འཛུགས་བྱ་རྒྱུ། ཐོ་བཀོད་རྩིས་པ་ཆེ་མོ་དང་རྩིས་པ་ཆེ་མོའི་ལས་གཉེར་ཁང་གི་ལས་སྒོར་ཁྲིད་སྟོན་དང་ལྟ་སྐུལ་བྱ་རྒྱུ། སྤྱི་ཚོགས་ཀྱི་རྩིས་བཤེར་ལ་སློབ་སྟོན་དང་དོ་དམ་བྱ་རྒྱུ་བཅས་ཡིན། རྒྱུ་ནོར་དཔྱད་དཔོག་གི་འབྲེལ་ཡོད་ལས་ཀར་ཁྲིམས་ལྟར་དོ་དམ་བྱ་དགོས།

(བཅུ་བཞི)རྒྱལ་ཡོངས་སྤྱི་ཚོགས་འགན་སྲུང་ཐེབས་རྩའི་ལས་འཛིན་ལྷན་ཚོགས་དོ་དམ་བྱ་དགོས། 

(བཅོ་ལྔ) ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངག་བཀོད་བྱས་པའི་ལས་འགན་གཞན་དག་ལེགས་འགྲུབ་བྱ་དགོས།

(བཅུ་དྲུག)འགན་ནུས་བསྒྱུར་བ།

(བཅུ་བདུན། འབྲེལ་ཡོད་འགན་འཁྲི་ལས་བགོས།

1སྤྱི་ཁོག་སྙོམས་སྒྲིག་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྙོམས་སྒྲིག་བྱེད་སྟངས་གསར་གཏོད་བྱེད་པ། འཕེལ་རྒྱས་ཀྱི་འཆར་འགོད་དང་། ནོར་སྲིད། དངུལ་རྩ་སོགས་སྲིད་ཇུས་མཐུན་སྦྱོར་དང་ལས་ཀའི་མཐུན་སྦྱོར་ལམ་སྲོལ་འཛུགས་པ། དཔལ་འབྱོར་ལྟ་ཞིབ་ཚད་ལེན་དང་སྔོན་དཔག་ཉེན་བརྡ་གཏོང་ནུས་ཆེ་རུ་གཏོང་བ། གནད་དོན་གལ་ཆེན་ཞིབ་འཇུག་དང་སྲིད་ཇུས་གསོག་འཇོག་གི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སྤྱི་ཁོག་སྙོམས་སྒྲིག་གི་རྒྱང་ལྟའི་རང་བཞིན་དང་། དམིགས་སའི་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་དགོས།

2 ནོར་ཁྲལ་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ། དེང་རབས་ཀྱི་ནོར་སྲིད་ལམ་ལུགས་འཛུགས་རྒྱུ་མགྱོགས་སུ་གཏོང་བ་དང་། ནོར་སྲིད་ཀྱི་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ཀྲུང་དབྱང་དང་ས་གནས་ཀྱི་ཡོང་འབབ་བགོ་སྟངས་མཐུན་སྦྱོར་ཡོང་བ་བཅས་བྱས་ཏེ་འགན་དབང་ཁ་གསལ་དང་། ནོར་ཤུགས་མཐུན་སྦྱོར། ས་ཁོངས་དོ་མཉམ་བཅས་ཀྱི་ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་འབྲེལ་བ་འཛུགས་དགོས། སྤོ་སྒྱུར་གཏོང་སྤྲོད་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྤོ་སྒྱུར་གཏོང་སྤྲོད་ཀྱི་རིགས་དབྱེ་ལེགས་སྒྱུར་བྱེད་པ། སྤོ་སྒྱུར་གཏོང་སྤྲོད་ཀྱི་རྣམ་གྲངས་ཚད་ལྡན་དུ་གཏོང་བ། ས་གནས་ཀྱི་གཅིག་གྱུར་འཆར་འགོད་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱ་དགོས། སྔོན་རྩིས་བགོ་བཤའ་རིམ་བཞིན་གཅིག་གྱུར་དང་། ཕན་འབྲས་དོ་དམ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཁྱོན་ཡོངས་དང་ཚད་ལྡན་གསལ་ཆ་ལྡན་པ་དང་། ཚད་གཞི་ཚན་རིག་དང་མཐུན་པ། ཚོད་འཛིན་ནུས་ལྡན་བཅས་ཀྱི་སྔོན་རྩིས་ལམ་ལུགས་འཛུགས་དགོས། སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་དང་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་བསྡུའི་ཞིབ་ཐོ་དོ་དམ་དང་། ཁྲལ་བསྡུའི་ལམ་ལུགས་བསྒྱུར་བཅོས་ཟབ་སྤེལ་དང་། ས་གནས་ཀྱི་དཔྱ་ཁྲལ་མ་ལག་འཐུས་ཚང་དུ་གཏོང་བ། ཐད་ཀའི་དཔྱ་ཁྲལ་གྱི་བསྡུར་ཚད་རིམ་བཞིན་མཐོ་རུ་གཏོང་བ་བཅས་བྱས་ཏེ། དཔྱ་ཁྲལ་བཅའ་ཁྲིམས་གཅིག་གྱུར་དང་། ཁྲལ་འཁྲི་དྲང་སྙོམས། སྙོམ་སྒྲིག་ཚད་ཡོད་པ་བཅས་ཀྱི་ཁྲལ་བསྡུའི་ལམ་ལུགས་མ་ལག་ཆགས་པར་བྱ་དགོས།

3 ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱ་དགོས། བུན་ལེན་དངུལ་བསྡུའི་ལམ་སྲོལ་ཚད་ལྡན་བཟོ་བ་དང་། “སྐོར་བཀག་”གི་དོ་དམ་མ་ལག་འཛུགས་པ། ཁྲིམས་བཀོད་བཅད་གྲངས་ནང་གི་བུ་ལོན་གྱི་ཉེན་ཁ་ཚོད་འཛིན་ནན་པོ་བྱེད་པ། མངོན་མེད་བུ་ལོན་གྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་ཤུགས་ཆེན་བྱེད་པ། རྒྱུད་རིམ་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་མཐའ་ཚད་བརྟན་པོ་བཟོ་བ་བཅས་བྱེད་དགོས།

1. ཁྲལ་སྲིད་དོ་དམ་འགན་འཁྲི་ལས་བགོས། (1)ནོར་སྲིད་པུའུ་ཡིས་ཁྲལ་བསྡུའི་སྐོར་གྱི་ཁྲིམས་འཛུགས་གྲོས་འགོ་འདོན་འགན་འཁུར་རྒྱུ་དང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་སོགས་སྡེ་ཚན་དང་མཉམ་དུ་ཁྲལ་རིགས་དང་དཔྱ་ཁྲལ་གྱི་རྣམ་གྲངས་ལེགས་སྒྲིག་དང་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་སོགས་ཀྱི་གྲོས་འགོ་འདོན་རྒྱུ། ནོར་སྲིད་པུས་ཁྲལ་བསྡུའི་བཅའ་ཁྲིམས་དང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཁྲལ་བསྡུའི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལག་བསྟར་བྱེད་རིང་གི་ཁྲལ་སྡུད་དང་སྤྱིར་བཏང་རང་བཞིན་གྱི་ཁྲལ་སྲིད་གནད་དོན་ལ་འགྲེལ་བཤད་བརྒྱབ་ནས་རྗེས་སུ་ནོར་སྲིད་པུའུ་ལ་ཐོ་འགོད་སྙན་སེང་ཞུ་དགོས། (2)ནོར་སྲིད་པུས་སྒོ་ཁྲལ་བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ་འཆར་ཟིན། ལག་བསྟར་ཞིབ་སྲོལ་བཅས་འཆར་ཟིན་འགོད་རྒྱུའི་སྒྲིག་འཛུགས་བྱེད་འགན་འཁུར་རྒྱུ་དང་། དེ་དག་སྡེ་ཚན་གྱིས་འཆར་ཟིན་འགོད་པའི་ནང་ཞུགས་རྒྱུ་དང་། ནོར་སྲིད་པུས་གྲོས་ཞིབ་བྱས་རྗེས་མཉམ་དུ་གོང་རིམ་ལ་སྙན་སེང་ཞུ་རྒྱུ། སྒོ་ཁྲལ་གྱི་རྣམ་གྲངས་དང་ཁྲལ་ཚད་ལེགས་སྒྲིག་བྱེད་འགན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒོ་ཁྲལ་ཞིབ་སྲོལ་ཨུ་ཡོན་ལྷན་ཁང་གིས་འཁུར་རྒྱུ། སྒོ་ཁྲལ་ལེགས་སྒྲིག་ཇུས་གཞི་དེ་ནོར་སྲིད་པུའུ་དང་མཉམ་དུ་ཡོད།

3 མི་སྣའི་སྒྲིག་ཁོངས།

ནོར་སྲིད་པུའི་ལས་ཁུངས་ཀྱི་སྲིད་འཛིན་སྒྲིག་ཁོངས698ཡོད་པ་རེད། པུའུ་ཀྲང1དང་། པུའུ་ཀྲང་གཞོན་པ་4སི་ཅུས་རིམ་པའི་འགོ་ཁྲིད་ཀྱི་འགན་གྲངས96(དེའི་ནང་པུའུ་ཀྲང་ལས་རོགས1དང་། ལས་ཁུངས་ཏང་ཨུད་ཀྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ1ལས་བྲལ་དང་ལས་འཁྱུར་ངལ་གསོ་ལས་བྱེད་ཅུས་ཀྱི་འགོ་ཁྲིད་ཀྱི་འགན་གྲངས3བཅས་ཚུད་ཡོད།

4 འགོ་ཁྲིད་གཙོ་བོ།
4_1 པུའུ་ཀྲང་རིམ་བྱོན། 

ལས་ཐོག་དང་པོ། པོ་དབྱི་པོ་ནི་སྤྱི་ལོ1949ལོའི་ཟླ10ཚེས19ཉིན་ནས་སྤྱི་ལོ1949ལོའི་ཟླ9ཚེས18ཉིན་བར་ཀྲུང་གུང་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ནོར་སྲིད་པུའུ་ཡི་པུའུ་ཀྲང་གཅིག་ལྕོགས་ཀྱི་འགན་བཞེས།

གཉིས་པ་ནི་ཏེང་ཞའོ་ཕིང་གིས་ལོའི་ཟླ9ཚེས18ཉིན་ནས་ལོའི་ཟླ6ཚེས19ཉིན་བར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་དང་ནོར་སྲིད་པུའི་པུའུ་ཀྲང་གཅིག་ལྕོགས་གནང་བ།

སྐབས་གསུམ་པའི་འགན་ནི་སྤྱི་ལོའིཟླ6པའི་ཚེས19ནས་སྤྱི་ལོ1975ལོའི་ཟླ1པའི་ཚེས17ཉིན་བར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ནོར་སྲིད་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

སྐབས་བཞི་པ། ཀྲང་ཅིན་ཧྥུ། སྤྱི་ལོ1975ལོའི་ཟླ1པའི་ཚེས17ཉིན་ནས་སྤྱི་ལོ1979ལོའི་ཟླ8པའི་ཚེས17ཉིན་བར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནོར་སྲིད་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

ཝུའུ་པོ་ནི་སྤྱི་ལོ1979ལོའི་ཟླ8པའི་ཚེས17ཉིན་ནས་སྤྱི་ལོ1980ལོའི་ཟླ8པའི་ཚེས6ཉིན་བར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནོར་སྲིད་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

ཐེངས་དྲུག་པ། ཝང་པིན་ཆན། སྤྱི་ལོ1980ལོའི་ཟླ8པའི་ཚེས6ཉིན་ནས་སྤྱི་ལོ1983ལོའི་ཟླ6པའི་ཚེས20ཉིན་བར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནོར་སྲིད་པུའུ་ཡི་པུའུ་ཀྲང་གི་འགན་བཞེས། སྤྱི་ལོ1983ལོའི་ཟླ6པའི་ཚེས20ཉིན་ནས་སྤྱི་ལོ1992ལོའི་ཟླ9བའི་ཚེས3ཉིན་བར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དོན་ཨུ་ཡོན་དང་ནོར་སྲིད་པུའུ་ཡི་པུའུ་ཀྲང་གཅིག་ལྕོགས་ཀྱི་འགན་བཞེས།

འགོ་འཛིན་བདུན་པ། ལིའུ་ཀྲུང་ལིས་སྤྱི་ལོ1992ལོའི་ཟླ9བའི་ཚེས3ཉིན་ནས་སྤྱི་ལོ1998ལོའི་ཟླ3པའི་ཚེས18ཉིན་བར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནོར་སྲིད་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

བརྒྱད་པ། ཞང་ཧོའེ་ཁྲེང་། འགན་འཁུར་ཡུན་ཚད་ནི་སྤྱི་ལོ1998ལོའི་ཟླ3པ་ནས་སྤྱི་ལོ2003ལོའི་ཟླ3པའི་བར།

དགུ་པ། ཅིན་རེན་ཆིང་། འགན་ཡུན་ནི་སྤྱི་ལོ2003ལོའི་ཟླ3པ་ནས་སྤྱི་ལོ2007ལོའི་ཟླ8པའི་བར།

ཁྲེན་རེན། ཞེ་ཞུས་རེན། འགན་ཡུན་ནི་སྤྱི་ལོ2007ལོའི་ཟླ8པ་ནས་སྤྱི་ལོ2013ལོའི་ཟླ3པའི་བར།

སྐབས་བཅུ་གཅིག་པ། ལོའུ་ཅི་ཝེ། འགན་ཡུན་ནི། སྤྱི་ལོ2013ལོའི་ཟླ3པའི་ཚེས16ཉིན་ནས་སྤྱི་ལོ2016ལོའི་ཟླ10པའི་བར།

སྐབས་བཅུ་གཉིས་པ། ཞའོ་ཅེ། འགན་ཡུན་ནི། སྤྱི་ལོ2016ལོའི་ཟླ10པ་ནས་སྤྱི་ལོ2018ལོའི་ཟླ3པའི་བར་ཡིན།

སྐབས་བཅུ་གསུམ་པ། ལིའུ་ཁུན་དང་འགན་འཛིན་ཡུན་ཚད། སྤྱི་ལོ2018ལོའི་ཟླ3པ་ནས་ད་ལྟའི་བར་ཡིན།

5 ད་ལྟའི་འགོ་ཁྲིད།

ནོར་སྲིད་པུའི་པུའུ་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅི། ལིའུ་ཁུན།

ནོར་སྲིད་པུའུ་རུ་བཅའ་སྡོད་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་ནོར་སྲིད་པུའི་ཏང་ཙུའུ་ཡི་ཁོངས་མི་ཀྲའོ་ཧུའེ་ལིང་གིས།

ནོར་སྲིད་པུའི་པུའུ་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་ནི་ཁྲེང་ལི་ཧྭ་དང་། ལིའུ་ཝེ། ཡུས་ཝུའེ་ཕིང་། ཙོའུ་ཅ་དབྱི། ལེའོ་ཧུང་།

ནོར་སྲིད་པུའི་ཏང་ཙུའི་ཁོངས་མི་རྒྱལ་ཡོངས་སྤྱི་ཚོགས་འགན་སྲུང་ཐེབས་རྩ་ལས་འཛིན་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཝང་ཨེར་ཁྲེང་གིས།

ནོར་སྲིད་པུའི་པུའུ་ཀྲང་ལས་རོགས་ཏང་ཙུའུ་ཡི་ཁོངས་མི། ཞུས་ཧུང་ཚའེ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-15

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།