རིན་ཆེན་སྨྱག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རིན་ཆེན་སྨྱག
རིན་ཆེན་སྨྱག་ཅེས་པ་ཕོ་རིལ་རིགས་ཀྱི་འཁྲི་ཤིང་ཞིག་སྟེ་ལྕུག་མའི་རིང་ཐུང་ཕལ་ཆེར་སྨི6ཙམ་ཟིན་པ། ལོ་མ་འཇོང་ནར་སྙིང་དབྱིབས་ཅན་རེ་རེས་མོས་སུ་སྐྱེ་ཞིང་སྙེ་དབྱིབས་ཀྱི་ཆུན་པོར་མེ་ཏོག་དཀར་ཞིབ་འཆར་བ། འབྲས་བུ་རིལ་མོ་སྨིན་ནས་སྨུག་པོའམ་ཁམ་ནག་ཏུ་འགྱུར་བ་འདོགས་པ་སྟེ། སྐམ་པོ་མཚན་ཉིད་ཕལ་ཆེར་ཕོ་རིལ་དང་འདྲ་ལ། ནག་ལ་སྣུམ་པ་ནང་དུ་ཚི་གུ་ཁམ་སེར་བཙིར་ན་སྣུམ་འབྱུང་བ་གཡེར་དྲི་མནམ་ཞིང་། མྱངས་ན་ལྕེ་ཅུང་ཟད་སྦྲིད་ཉམས་ཚོར་བ་དེའོ༎ རིན་ཆེན་སྨྱག་འདིའི་ཕན་ཡོན་ནི༎ སྔོ་སྦྱོར་ཤ་སྦྱོར་རྩི་སྦྱོར་དང་༎ རིན་ཆེན་དབྱིགས་དུག་སྒོང་སྤུའི་དུག། རེག་པའི་དུག་སོགས་བསམ་འདས་ལ༎ འདི་ཡིས་མི་ཐུབ་ནད་རིགས་མེད༎ ཅེས་གསུངས་སོ༎
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
荜澄茄
རིགས་དབྱེ།
ཤིང་སྨན་གྱི་རིགས།
1 ​ངོ་སྤྲོད།

རིན་ཆེན་སྨྱག་ཅེས་པ་ཕོ་རིལ་རིགས་ཀྱི་འཁྲི་ཤིང་ཞིག་སྟེ་ལྕུག་མའི་རིང་ཐུང་ཕལ་ཆེར་སྨི6ཙམ་ཟིན་པ། ལོ་མ་འཇོང་ནར་སྙིང་དབྱིབས་ཅན་རེ་རེས་མོས་སུ་སྐྱེ་ཞིང་སྙེ་དབྱིབས་ཀྱི་ཆུན་པོར་མེ་ཏོག་དཀར་ཞིབ་འཆར་བ། འབྲས་བུ་རིལ་མོ་སྨིན་ནས་སྨུག་པོའམ་ཁམ་ནག་ཏུ་འགྱུར་བ་འདོགས་པ་སྟེ། སྐམ་པོ་མཚན་ཉིད་ཕལ་ཆེར་ཕོ་རིལ་དང་འདྲ་ལ། ནག་ལ་སྣུམ་པ་ནང་དུ་ཚི་གུ་ཁམ་སེར་བཙིར་ན་སྣུམ་འབྱུང་བ་གཡེར་དྲི་མནམ་ཞིང་། མྱངས་ན་ལྕེ་ཅུང་ཟད་སྦྲིད་ཉམས་ཚོར་བ་དེའོ༎ རིན་ཆེན་སྨྱག་འདིའི་ཕན་ཡོན་ནི༎ སྔོ་སྦྱོར་ཤ་སྦྱོར་རྩི་སྦྱོར་དང་༎ རིན་ཆེན་དབྱིགས་དུག་སྒོང་སྤུའི་དུག། རེག་པའི་དུག་སོགས་བསམ་འདས་ལ༎ འདི་ཡིས་མི་ཐུབ་ནད་རིགས་མེད༎ ཅེས་གསུངས་སོ༎ སྨན་དུ་སྦྱར་བྱ་ནི་འབྲས་བུ་སྟེ། ཟླ་བ8-9པར་བཏུས་ནས་སྐམ་གསེད་ལེགས་ཚགས་བྱ་བ་ཡིན། རོ་མངར་ཁ། ཞུ་རྗེས་དྲོད། ནུས་པས་དུག་འཇོམས། ཚད་པ་སེལ། ཁྱད་པར་རིན་ཆེན་སྨྱག་གིས་ཕོ་བའི་མེ་དྲོད་སྐྱེད་ཅིང་འཁྲུ་བ་གཅོད།

2 སྐྱེ་གནས།

མཚོ་ངོས་ལས་སྨི4700ཡན་གྱི་ཡུལ་གང་སར་ཁྱབ་ཡོད་ལ་མང་ཆེ་བ་རྫ་འཇམ་དང་བྱེ་ཤག་ས་ནག་སོགས་ལ་འཁྲུངས།

3 སྦྱར་བྱ།

སྨན་དུ་སྦྱར་བྱ་ནི་འབྲས་བུ་སྟེ། ཟླ་བ8-9པར་བཏུས་ནས་སྐམ་གསེད་ལེགས་ཚགས་བྱས་ནས་སྨན་དུ་སྦྱོར།

4 ངོ་བོ།

རོ་མངར་ཁ། ཞུ་རྗེས་དྲོད།

5 ཕན་ནུས།

རིན་ཆེན་སྨྱག་འདིའི་ཕན་ཡོན་ནི༎ སྔོ་སྦྱོར་ཤ་སྦྱོར་རྩི་སྦྱོར་དང་༎ རིན་ཆེན་དབྱིགས་དུག་སྒོང་སྤུའི་དུག། རེག་པའི་དུག་སོགས་བསམ་འདས་ལ༎ འདི་ཡིས་མི་ཐུབ་ནད་རིགས་མེད༎ ཅེས་གསུངས་སོ༎ 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-04

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།