ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚན་རིག་ལག་རྩལ་པུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚན་རིག་ལག་རྩལ་པུའུ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚན་རིག་ལག་རྩལ་པུའུ་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》དང་། 《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་ཇུས་གཞི》རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཆོག་མཆན་སྤྲད་པའི《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞི》བཅས་ལ་གཞིགས་ནས་བཙུགས་པ་ཞིག་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国科学技术部
ཕྱི་ཡིག་གི་མིང་།
Ministry of Science and Technology of the People´s Republic of China
གཞུང་ཕྱོགས་དྲ་ཚུགས།
http://www.most.gov.cn/
པུའུ་ཀྲང་།
ཝང་ཀྲི་ཀང་།
1 ​ངོ་སྤྲོད། 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚན་རིག་ལག་རྩལ་པུའུ་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》དང་། 《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་ཇུས་གཞི》རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཆོག་མཆན་སྤྲད་པའི《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞི》བཅས་ལ་གཞིགས་ནས་བཙུགས་པ་ཞིག་རེད།

ཚན་རིག་ལག་རྩལ་པུའུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་དང་པུའུ་རིམ་པ་དང་། ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་ཅུས་ཀྱི་སྒོ་བྱང་ཉར་བ་ཡིན།

སྤྱི་ལོ2019ལོའི་ཟླ9ཚེས6ཉིན་གློག་འཕྲིན་འབྱོར་གསལ། ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་ནས། སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་བཞི་པའི་སྐོར་གཟིགས་ཚོགས་ཆུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་པུའུ་ལ་རྒྱུན་གཏན་གྱི་སྐོར་གཟིགས་བྱས་པ་རེད། 

2 ལོ་རྒྱུས་ཀྱི་འཕེལ་རིམ། 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་པུའུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་ལས་དོན་གཙོ་སྐྱོང་བྱེད་མཁན་སྡེ་ཁག་ཅིག་ཡིན།

སྤྱི་ལོ1956ལོའི་ཟླ5པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས28པའི་ཐོག་རྒྱལ་ཁབ་ལག་རྩལ་ཨུ་ཡོན་ལྷན་ཁང་གསར་འཛུགས་བྱ་རྒྱུའི་གྲོས་ཐག་བཅད་པ་རེད།

སྤྱི་ལོ1958ལོའི་ཟླ11པའི་ཚེས23ཉིན། སྐབས་དང་པོའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས102པའི་ཐོག་ཏུ་རྒྱལ་ཁབ་ལག་རྩལ་ཨུ་ཡོན་ལྷན་ཁང་མེད་པར་བཟོས་ནས་ཚན་རིག་ལག་རྩལ་ཨུ་ཡོན་ལྷན་ཁང་བཙུགས།

སྤྱི་ལོ1970ལོའི་ཟླ6པའི་ཚེས22ཉིན། ཀྲུང་དབྱང་གིས་ལས་ཁུངས་དེ་ཕྱིར་འཐེན་བྱ་རྒྱུའི་ཐག་བཅད།

སྤྱི་ལོ1978ལོར་རྒྱལ་ཁབ་ཚན་རིག་ལག་རྩལ་ཨུ་ཡོན་ལྷན་ཁང་དུ་བསྒྱུར།

སྤྱི་ལོ1998ལོའི་ཟླ3ཚེས10ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་བའི《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་སྐོར་གྱི་ཆོད་དོན》ལ་གཞིགས་ནས་རྒྱལ་ཁབ་ཚན་རིག་ལག་རྩལ་ཨུ་ཡོན་ལྷན་ཁང་གི་མིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་པུའུ་ཞེས་པར་བསྒྱུར།

སྤྱི་ལོ2018ལོའི་ཟླ3པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཆོག་མཆན་སྤྲད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞིར་གཞིགས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་པུའུ་བསྐྱར་འཛུགས་བྱ་རྒྱུའི་ཆོག་མཆན་སྤྲད་པ་རེད། ཚན་རིག་ལག་རྩལ་པུའུ་དང་རྒྱལ་ཁབ་ཀྱི་ཕྱི་རྒྱལ་ཆེད་ལས་མཁས་པའི་ཅུས་ཀྱི་འགན་འཁྲི་སྡེབ་སྒྲིག་བྱས་ནས་ཚན་རིག་ལག་རྩལ་པུའུ་བསྐྱར་འཛུགས་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ཏུ་བརྩི་བ་དང་། ཚན་རིག་ལག་རྩལ་པུའུ་ཡིས་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཁང་དོ་དམ་བྱས་ཏེ་ཕྱི་ཕྱོགས་སུ་རྒྱལ་ཁབ་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་ཅུས་ཀྱི་སྒོ་བྱང་སོར་འཇོག་བྱས་པ་རེད། 

3 འགན་འཁྲི་གཙོ་བོ།

ཚན་རྩལ་གསར་གཏོད་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་འགན་འཁྲི་སྒྲུབ་རིང་། ཏང་གིས་ཚན་རྩལ་གསར་གཏོད་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་དགོས་པ་གཤམ་གསལ་ལྟར་ཡིན།

གཅིག རྒྱལ་ཁབ་ཀྱི་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བྱེད་ཕྱོགས་དང་དེ་བཞིན་ཚན་རྩལ་གོང་དུ་སྤེལ་བ་དང་། ཕྱི་རྒྱལ་གྱི་རིག་སྟོབས་ནང་འདྲེན་བྱེད་པའི་འཆར་འགོད་དང་སྲིད་ཇུས་བཟོ་འགོད་བྱ་རྒྱུ་མ་ཟད་ལག་ལེན་བསྟར་རྒྱུའི་སྒྲིག་འཛུགས་ཀྱང་བྱ་དགོས་པ།

གཉིས། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཛུགས་སྐྲུན་དང་ཚན་རྩལ་སྒྲིག་སྲོལ་བསྒྱུར་བཅོས་བྱེད་པར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ལག་རྩལ་གསར་གཏོད་ཀྱི་བསྔགས་སྐུལ་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས་པ། ཚན་ཞིབ་མ་ལག་འཛུགས་སྐྱོང་ལེགས་སུ་གཏོང་བ་དང་། ཚན་ཞིབ་སྒྲིག་གཞི་སྒྱུར་བཅོས་དང་འཕེལ་རྒྱས་ལ་མཛུབ་ཁྲིད་བྱེད་པ། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཚན་རྩལ་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་ཚན་རྩལ་ཐབས་ཇུས་གལ་ཆེན་གྱི་བློ་འདྲིའི་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་ཡིན།

གསུམ། གཅིག་གྱུར་གྱི་རྒྱལ་ཁབ་ཚན་རྩལ་དོ་དམ་ལས་སྟེགས་དང་། མ་དངུལ་མཐུན་སྦྱོར་དང་། དཔྱད་དཔག ལྟ་སྐུལ་དོ་དམ་བཅས་བྱེད་པའི་ནང་རྐྱེན་འཛུགས་པའི་སྣེ་ཁྲིད་བྱ་དགོས་པ། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཚན་རྩལ་ཐོན་ཁུངས་བཀོད་སྒྲིག་ལེགས་འགྱུར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ཀྱི་གྲོས་འགོ་བཏོན་ནས་སྣ་མང་ཅན་གྱི་ཚན་རྩལ་དངུལ་འཇོག་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་ནོར་སྲིད་ཀྱི་ཚན་རྩལ་འཆར་གཞི(ཆེད་དམིགས་རྣམ་གྲངས་དང་ཐེབས་རྩ་སོགས)མཐུན་སྦྱོར་ངང་དོ་དམ་བྱེད་པ་དང་འབྲེལ་ལག་བསྟར་བྱེད་པར་ལྟ་སྐུལ་བྱ་དགོས་པ་བཅས་ཡིན།

བཞི། རྒྱལ་ཁབ་ཀྱི་རྨང་གཞིའི་ཞིབ་འཇུག་འཆར་འགོད་དང་། སྲིད་ཇུས། ཚད་གཞི་བཅས་བཟོ་འགོད་བྱ་རྒྱུ་མ་ཟད་ལག་བསྟར་སྒྲིག་འཛུགས་ཀྱང་དགོས་པ་དང་། རྒྱལ་ཁབ་ཀྱི་རྨང་གཞིའི་ཞིབ་འཇུག་གལ་ཆེན་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་པ། ཚན་རྩལ་གསར་གཏོད་རྟེན་གཞི་གལ་ཆེན་འཛུགས་སྐྲུན་འཆར་འགོད་བཟོ་བ་དང་འབྲེལ་ལག་བསྟར་བྱེད་པར་ལྟ་སྐུལ་བྱེད་པ་དང་། ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་འཆར་འགོད་དང་ལྟ་སྐུལ་ལག་བསྟར་བྱེད་པར་ཞུགས་པ། དེ་ལ་སྣེ་ཁྲིད་དེ་རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་འཛུགས་སྐྲུན་སྒྲིག་འཛུགས་བྱེད་པ། ཚན་རིག་ཞིབ་འཇུག་གི་ཆ་རྐྱེན་འགན་སྲུང་འཛུགས་སྐྲུན་དང་ཚན་རྩལ་ཐོན་ཁུངས་སྒོ་འབྱེད་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱ་དགོས་པ་ཡིན།

ལྔ། རྒྱལ་ཁབ་ཀྱི་ཚན་རྩལ་རྣམ་གྲངས་གལ་ཆེན་གྱི་འཆར་འགོད་བཟོ་བ་དང་འབྲེལ་ལྟ་སྐུལ་ལག་བསྟར་བྱེད་པ་དང་། འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་དང་། མདུན་གྲལ་གྱི་སྣེ་ཁྲིད་ལག་རྩལ། དེང་རབས་རང་བཞིན། རྩ་སློག་རང་བཞིན་བཅས་ཀྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་གསར་གཏོད་བྱེད་པར་གཅིག་གྱུར་འཆར་འགོད་དང་། ལག་རྩལ་གལ་ཆེན་འགག་སྒྲོལ་དང་གྲུབ་འབྲས་བེད་སྤྱོད་དཔེ་སྟོན་སྣེ་ཁྲིད་དང་སྒྲིག་འཛུགས་བྱ་དགོས་པ། རྒྱལ་སྤྱིའི་ཚན་རིག་གི་འཆར་གཞི་ཆེན་པོ་དང་ཚན་རིག་གི་ལས་གྲྭ་ཆེན་པོ་སྒྲིག་འཛུགས་དང་མཐུན་སྦྱོར་བྱས་དགོས་པ་བཅས་ཡིན།

དྲུག ལག་རྩལ་མཐོ་གསར་གོང་དུ་སྤེལ་བ་དང་དེ་བཞིན་ཐོན་ལས་ཅན་དུ་འགྱུར་བ་དང་། ཚན་རྩལ་ལ་བརྟེན་ནས་ཞིང་ལས་དང་གྲོང་གསེབ་དང་སྤྱི་ཚོགས་གོང་དུ་སྤེལ་བར་སྐུལ་འདེད་གཏོང་བའི་འཆར་འགོད་དང་། སྲིད་ཇུས། བྱེད་ཐབས་བཅས་བཟོ་འགོད་སྒྲིག་འཛུགས་བྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་ལག་རྩལ་འཕེལ་རྒྱས་ཀྱི་དགོས་མཁོར་དབྱེ་ཞིབ་བྱེད་པ་སྒྲིག་འཛུགས་བྱས་ནས་ལས་འགན་གལ་ཆེན་བཏོན་པ་མ་ཟད་ལག་བསྟར་བྱ་རྒྱུར་ལྟ་སྐུལ་ཡང་བྱ་དགོས་པ་ཡིན།

བདུན། རྒྱལ་ཁབ་ཀྱི་ལག་རྩལ་སྤོ་སྒྱུར་མ་ལག་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་དང་། ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་དང་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱེད་པར་སྐུལ་འདེད་གཏོང་བའི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་བཟོ་འགོད་བྱེད་པ་མ་ཟད་ལག་བསྟར་བྱེད་པར་ལྟ་སྐུལ་ཡང་བྱ་དགོས་པ། ཚན་རྩལ་ཞབས་ཞུའི་ལས་རིགས་དང་། ལག་རྩལ་ཚོང་ར། ཚན་རྩལ་མཚམས་སྦྱོར་རྩ་འཛུགས་བཅས་འཕེལ་རྒྱས་གཏོང་བར་མཛུབ་སྟོན་བྱ་དགོས།

བརྒྱད། ས་ཁོངས་ཀྱི་ཚན་རྩལ་གསར་གཏོད་མ་ལག་འཛུགས་སྐྱོང་གཅིག་གྱུར་གྱིས་འཆར་འགོད་དང་། ས་ཁོངས་ཀྱི་གསར་གཏོད་འཕེལ་རྒྱས་དང་། ཚན་རྩལ་ཐོན་ཁུངས་བཀོད་སྒྲིག་ལུགས་མཐུན། མཉམ་སྡེབ་ཀྱིས་གསར་གཏོད་བྱེད་ནུས་འཛུགས་སྤེལ་བཅས་ལ་ཁྲིད་སྟོན་བྱས་ཏེ་ཚན་རྩལ་གླིང་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

དགུ། ཚན་རྩལ་ལྟ་སྐུལ་གདེང་འཇོག་མ་ལག་འཛུགས་སྐྱོང་དང་འབྲེལ་ཡོད་ཚན་རྩལ་དཔྱད་དཔོག་དོ་དམ་བྱེད་པར་འགན་འཁུར་རྒྱུ་དང་། ཚན་རྩལ་གདེང་འཇོག་ལམ་སྲོལ་བསྒྱུར་བཅོས་བྱེད་པར་མཛུབ་སྟོན་བྱ་རྒྱུ། ཚན་ཞིབ་ཡིད་རྟོན་འཛུགས་སྐྱོང་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། རྒྱལ་ཁབ་ཀྱི་གསར་གཏོད་བརྟག་དཔྱད་དང་ཚན་རྩལ་སྙན་ཞུའི་ལམ་ལུགས་ལག་བསྟར་སྒྲིག་འཛུགས་བྱས་ནས་རྒྱལ་ཡོངས་ཀྱི་ཚན་རྩལ་གསང་སྲུང་ལས་ཀར་ཁྲིད་སྟོན་བྱ་དགོས་པ་ཡིན།

བཅུ། ཚན་རྩལ་ཐད་ཕྱི་ཕྱོགས་དང་འགྲོ་འོང་དང་གསར་གཏོད་བྱེད་ནུས་སྒོ་འབྱེད་མཉམ་ལས་བྱ་རྒྱུའི་འཆར་འགོད་དང་། སྲིད་ཇུས། བྱེད་ཐབས་བཅས་བཟོ་འགོད་བྱེད་པ་དང་། རྒྱལ་སྤྱིའི་ཐོག་ཚན་རྩལ་མཉམ་ལས་དང་ཚན་རྩལ་ཐད་ཀྱི་ཡོན་ཏན་ཅན་སྤེལ་རེས་བྱ་རྒྱུའི་སྒྲིག་འཛུགས་བྱེད་པ། འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱིས་ཕྱི་ཕྱོགས་དང་ཚན་རྩལ་མཉམ་ལས་དང་ཚན་རྩལ་ཤེས་ལྡན་མི་སྣ་སྤེལ་རེས་བྱེད་པའི་ལས་ཀར་མཛུབ་སྟོན་བྱ་དགོས་པ་བཅས་ཡིན།

བཅུ་གཅིག ཕྱི་རྒྱལ་གྱི་རིག་སྟོབས་ནང་འདྲེན་བྱེད་རྒྱུའི་ལས་ཀར་འགན་འཁུར་བྱེད་པ། རྒྱལ་ཁབ་ཀྱིས་ཕྱི་རྒྱལ་གྱི་རིགས་གཅིག་མཁས་པའི་སྤྱིའི་འཆར་འགོད་དང་འཆར་གཞི་གཙོ་གནད་དུ་ནང་འདྲེན་བྱེད་པ་མ་ཟད་སྒྲིག་འཛུགས་དང་ལག་བསྟར་ཡང་བྱེད་པ་དང་། ཕྱི་རྒྱལ་གྱི་ཚན་རིག་པ་རྩེ་གྲ་དང་ཚོགས་པ་རྩེ་གྲ་འགུགས་སྡུད་བྱེད་པའི་ནང་རྐྱེན་དང་ཕྱི་རྒྱལ་གྱི་རིགས་གཅིག་མཁས་པ་གཙོ་བོ་རྣམས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ནང་རྐྱེན་འཛུགས་དགོས་པ། ཕྱི་རྒྱལ(མཚམས)དུ་གསོ་སྦྱོང་བྱེད་པར་འགྲོ་བའི་སྤྱིའི་འཆར་འགོད་དང་། སྲིད་ཇུས། ལོ་འཁོར་འཆར་གཞི་བཅས་བཟོ་འགོད་བྱ་རྒྱུ་མ་ཟད་ལག་བསྟར་བྱེད་པར་ལྟ་སྐུལ་ཡང་བྱ་དགོས་པ་བཅས་ཡིན།

བཅུ་གཉིས། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཚན་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུའི་འཆར་གཞི་དང་སྲིད་ཇུས་བཟོ་འགོད་དང་། ཚན་རྩལ་ཤེས་ལྡན་མི་སྣའི་གདེང་འཇོག་དང་བསྔགས་སྐུལ་ནང་རྐྱེན་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཚན་རྩལ་ཤེས་ལྡན་མི་སྣའི་འཆར་གཞི་ལག་བསྟར་སྒྲིག་འཛུགས་བཅས་བྱས་ནས་ཚན་རྩལ་གསར་གཏོད་ཤེས་ལྡན་མི་སྣའི་དཔུང་ཁག་རྩེ་གྲ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཁྱབ་གདལ་གཏོང་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་དང་སྲིད་ཇུས་ཁྱབ་སྤེལ་གཏོང་བ་བཅས་ཡིན།

བཅུ་གསུམ། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་དང་། ཀྲུང་གོའི་སྲིད་གཞུང་གི་མཛའ་མཐུན་བྱ་དགའ་ལ་དཔྱད་ཞིབ་སྒྲིག་འཛུགས་བྱེད་པར་འགན་འཁུར་བ་བཅས་ཡིན།  

བཅུ་བཞི། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཁང(རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཁང)གི་དོ་དམ་བྱེད་པར་འགན་འཁུར་བ་དང་། ཁྲིམས་ལྟར་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་ལས་ཀར་སྤྱི་ཁོག་དོ་དམ་དང་། གཅིག་གྱུར་མཐུན་སྦྱོར། ལྟ་སྐུལ་དཔྱད་དཔོག་བཅས་བྱེད་པ། རང་བྱུང་ཚན་རིག་ཐེབས་རྩ་ཨུ་ལྷན་གྱིས་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩར་ཁྲིམས་ལྟར་དོ་དམ་བྱེད་པ་དང་། བལྟོས་བཅས་ཀྱིས་རང་ཚུགས་ངང་འཁོར་སྐྱོད་བྱེད་པ། རོགས་སྐྱོར་གྱི་འཆར་གཞི་དང་། རྣམ་གྲངས་བཀོད་སྒྲིག་དཔྱད་ཞིབ། རྣམ་གྲངས་འཛུགས་པ། ལྟ་སྐུལ་སོགས་རྩ་འཛུགས་ཀྱི་ལག་བསྟར་ལས་དོན་གྱི་འགན་འཁུར་བ་བཅས་ཡིན།

བཅོ་ལྔ། ཚན་རྩལ་ཉིན་རེའི་ཚགས་པར་ཚབ་གཉེར་བྱེད་དགོས།

བཅུ་དྲུག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངག་བཀོད་བྱས་པའི་ལས་འགན་གཞན་དག་ལེགས་འགྲུབ་བྱ་དགོས་པ་ཡིན།

བཅུ་བདུན། ཚན་རིག་སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་པར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་སྒྱུར་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་ལེན་མཐར་ཕྱིན་བསྟར་བར་དམིགས་ནས། སྲིད་གཞུང་གི་ཚན་རྩལ་དོ་དམ་དང་ཞབས་ཞུའི་འགན་ནུས་ལ་ཤུགས་སྣོན་དང་། ལེགས་སྒྱུར། སྤོ་སྒྱུར་བཅས་བྱེད་པ་དང་། ཚན་རྩལ་གསར་གཏོད་ལམ་ལུགས་དང་རྩ་འཛུགས་མ་ལག་འཐུས་ཚང་དུ་གཏོང་བ། སྤྱི་ཁོག་དོ་དམ་དང་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དོ་དམ་དང་ཞིབ་མཆན་འགོད་པའི་དོན་དག་ཞིབ་ཕྲ་ཉུང་དུ་གཏོང་བ། བྱ་བ་སྒྲུབ་རིང་དང་བསྒྲུབས་རྗེས་ལྟ་སྐུལ་དོ་དམ་དང་ཚན་ཞིབ་ཡིད་རྟོན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས་པ། ཞིབ་འཇུག་གསར་སྤེལ་དོ་དམ་ནས་གསར་གཏོད་ཞབས་ཞུའི་ཕྱོགས་སུ་བསྒྱུར་བ་དང་། ཚན་རྩལ་འཆར་གཞིའི་དོ་དམ་བསྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་བ། ཡོངས་བསྒྲགས་དང་གཅིག་གྱུར་གྱི་རྒྱལ་ཁབ་ཚན་རྩལ་དོ་དམ་ལས་སྟེགས་འཛུགས་པ། ཚན་རྩལ་འཆར་གཞིའི་རྣམ་གྲངས་བསྐྱར་ཟློས་དང་། ཁ་ཐོར། བཀག་སྡོམ། ཕན་འབྲས་ཆུང་བ། ཐོན་ཁུངས་བཀོད་སྒྲིག་བཅས“ཆག་ཧྲུལ་ཅན”གྱི་སྣང་ཚུལ་ཉུང་དུ་གཏོང་དགོས་པ། སྲིད་གཞུང་སྡེ་ཚན་གྱིས་ཞིབ་ཕྲའི་དོ་དམ་མི་བྱེད་པར་ཆེད་ལས་སྒྲིག་གཞིར་རྣམ་གྲངས་བདག་སྤྲོད་དང་། དཔྱད་ཞིབ། རྣམ་གྲངས་འཛུགས་པ། བརྒྱུད་རིམ་དོ་དམ། ཞིབ་བཤེར་རྩིས་ལེན་སོགས་ཞིབ་ཕྲའི་ལས་དོན་སྤེལ་རྒྱུའི་མངགས་བཅོལ་བྱེད་པ་ཡིན། སྤྱིར་བཏང་རང་བཞིན་གྱི་ཕྱི་རྒྱལ(མཚམས)དུ་འགྲོ་བའི་གསོ་སྦྱོང་རྣམ་གྲངས་དང་གསོ་སྦྱོང་རྣམ་གྲངས་གཞན་དག་ལ་ཞིབ་མཆན་ཞིབ་དཔྱད་མི་བྱེད་པར་སྡེ་ཚན་ཁག་གིས་རང་ངོས་ལས་རིགས་དང་ཁྱབ་ཁོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བཀོད་སྒྲིག་བྱེད་དགོས་པ། ཚན་ཞིབ་སྒྲིག་གཞི་འཛུགས་པ་དང་ལེགས་སྒྲིག་བྱེད་པའི་དོན་ཚན་ལ་ཞིབ་བཤེར་གཏན་འབེབས་མི་བྱེད་པར་འཆར་འགོད་ཀྱི་བཀོད་པ་དང་ཕན་འབྲས་ལ་གདེང་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ཡོད། ཚན་རྩལ་ཤེས་ལྡན་མི་སྣའི་གདེང་འཇོག་ནང་རྐྱེན་སྔར་ལས་ལེགས་སུ་གཏོང་བ་དང་། གསར་གཏོད་བྱེད་ནུས་དང་། སྤུས་ཚད། བྱས་རྗེས། བྱས་རྗེས་བཅས་ཁྲིད་སྟོན་དུ་བྱེད་པའི་ཚན་རྩལ་ཤེས་ལྡན་མི་སྣའི་གདེང་འཇོག་མ་ལག་དང་བསྔགས་སྐུལ་སྲིད་ཇུས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ནང་གི་ཚན་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་དང་ཕྱི་རྒྱལ་གྱི་རིག་སྟོབས་ནང་འདྲེན་ལས་ཀ་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས་པ་བཅས་ཡིན། 

4 ནང་ཁུལ་གྱི་སྒྲིག་གཞི། 

ཚན་རིག་ལག་རྩལ་པུའུ་ཡིས་གཤམ་གསལ་སྒྲིག་གཞི་འཛུགས་རྒྱུའི་ཁག་སྟེ།  

གཅིག གཞུང་ལས་ཐིང་། ཆ་འཕྲིན་དང་། བདེ་འཇགས། གསང་དོན། ཡིག་སྐུར་ངོ་གཏུག སྲིད་དོན་ཡོངས་བསྒྲགས། ཆ་འཕྲིན་ཅན། གསར་འགྱུར་དྲིལ་བསྒྲགས་སོགས་ཀྱི་ལས་འགན་འཁུར་དགོས་པ་ཡིན།

གཉིས། འཐབ་ཇུས་འཆར་འགོད་ལས་ཁུངས། ཚན་རྩལ་གསར་གཏོད་འཕེལ་རྒྱས་ཀྱི་འཐབ་ཇུས་དང་འཆར་འགོད་བཟོ་བ་དང་འབྲེལ་མཐུན་སྦྱོར་ངང་ལག་བསྟར་བྱེད་པ་དང་། ལག་རྩལ་སྔོན་དཔག་སྒྲིག་འཛུགས་བྱས་ནས་རྒྱལ་ཁབ་ཀྱི་ཚན་རྩལ་ཐབས་ཇུས་གལ་ཆེན་གྱི་བློ་འདྲིའི་ལམ་ལུགས་འཁོར་སྐྱོད་ཀྱི་འབྲེལ་ཡོད་ལས་ཀར་འགན་འཁུར་བྱེད་པ། རྒྱལ་ཁབ་ཀྱི་གསར་གཏོད་བརྟག་དཔྱད་ལམ་ལུགས་ལག་བསྟར་བྱས་ནས་ཚན་རྩལ་བསྡོམས་རྩིས་ཀྱི་འབྲེལ་ཡོད་ལས་དོན་ལ་འགན་འཁུར་བ་བཅས་ཡིན།  

གསུམ། ཅན་དང་གསར་གཏོད་མ་ལག་འཛུགས་སྐྲུན་ལས་ཁུངས། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཛུགས་སྐྲུན་དང་ཚན་རྩལ་སྒྲིག་སྲོལ་བསྒྱུར་བཅོས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གསར་གཏོད་ཀྱི་སྲིད་ཇུས་དང་བྱེད་ཐབས་བཟོ་བ། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འཆར་ཟིན་དང་སྒྲིག་སྲོལ་བཟོ་འགོད་བྱ་རྒྱུ་སྒྲིག་འཛུགས་བྱེད་པ་མ་ཟད་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་ཀྱང་བྱས་ཏེ་ཁེ་ལས་ཀྱི་ལག་རྩལ་གསར་གཏོད་ལ་སྐུལ་མ་གཏོང་བའི་སྲིད་ཇུས་དང་གྲོས་འགོ་འདོན་དགོས་པ།  ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱི་བསྒྱུར་བཅོས་གོང་སྤེལ་དང་ཁྱབ་ཚུལ་འཆར་འགོད་དང་སྲིད་ཇུས་བཟོ་འགོད་དང་འབྲེལ་ལག་བསྟར་བྱེད་པར་ལྟ་སྐུལ་ཡང་བྱ་དགོས་པ་དང་། ཚན་ཞིབ་ལས་ཁུངས་ཀྱི་གསར་གཏོད་བྱས་འབྲས་ལ་དོ་དམ་བྱ་རྒྱུ་སྒྲིག་འཛུགས་བྱ་དགོས་པ། ཚན་རྩལ་དམག་དམངས་མཉམ་འདྲེས་འཕེལ་རྒྱས་དང་། ཚན་རྩལ་བདེ་འཇགས། ཚན་རྩལ་གསང་སྲུང་བཅས་ཀྱི་འབྲེལ་ཡོད་ལས་ཀར་འགན་འཁུར་དགོས་པ་བཅས་ཡིན།  

བཞི། ཐོན་ཁུངས་བཀོད་སྒྲིག་དང་དོ་དམ་ལས་ཁུངས། རྒྱལ་ཁབ་ཀྱི་ཚན་རྩལ་དོ་དམ་ལས་སྟེགས་དང་མ་དངུལ་མཐུན་སྦྱོར་དང་། དཔྱད་དཔོག ལྟ་སྐུལ་དོ་དམ་བཅས་ཀྱི་ལམ་སྲོལ་འཛུགས་རྒྱུའི་འབྲེལ་ཡོད་ལས་ཀར་འགན་འཁུར་བ་དང་། ཚན་རྩལ་ཐོན་ཁུངས་ཀྱི་སྲིད་ཇུས་བྱེད་ཐབས་དང་གྲོས་འགོ་མཐུན་སྦྱོར་ངང་འདོན་དགོས། ཀྲུང་དབྱང་ནོར་སྲིད་ཀྱི་ཚན་རྩལ་འཆར་གཞི(ཆེད་དམིགས་རྣམ་གྲངས་དང་ཐེབས་རྩ་སོགས)མཐུན་སྦྱོར་དོ་དམ་གྱི་ལས་འགན་འཁུར་བ་དང་། རྒྱལ་ཁབ་ཀྱི་ཚན་རྩལ་དོ་དམ་ཆ་འཕྲིན་མ་ལག་འཛུགས་པ། ཆེད་ལས་སྒྲིག་གཞི་འཛུགས་སྐྱོང་ལ་མཛུབ་ཁྲིད་བྱེད་པ། རྒྱལ་ཁབ་ཀྱི་ཚན་རྩལ་སྙན་ཞུའི་ལམ་ལུགས་ལག་བསྟར་བཅས་བྱེད་དགོས། སྡེ་ཁག་དེ་གའི་སྔོན་རྩིས་ཀྱི་འབྲེལ་ཡོད་ལས་དོན་ལ་འགན་འཁུར་བ་བཅས་ཡིན།

ལྔ། ཚན་རྩལ་ལྟ་སྐུལ་དང་ཡིད་རྟོན་འཛུགས་སྐྲུན་ལས་ཁུངས། ཚན་རྩལ་ལྟ་སྐུལ་གདེང་འཇོག་མ་ལག་འཛུགས་སྐྲུན་དང་ཚན་རྩལ་དཔྱད་དཔོག་དོ་དམ་གྱི་འབྲེལ་ཡོད་ལས་ཀར་འགན་འཁུར་བ་དང་། ཚན་རྩལ་གདེང་འཇོག་ལམ་སྲོལ་བསྒྱུར་བཅོས་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ཀྱི་གྲོས་འགོ་འདོན་པ་དང་འབྲེལ་ལག་བསྟར་བྱེད་པར་ལྟ་སྐུལ་བྱས་ཏེ། ཚན་རྩལ་དཔྱད་དཔོག་གདེང་འཇོག་དང་ལྟ་སྐུལ་ཞིབ་བཤེར་ལས་ཀ་སྤེལ་དགོས་པ་དང་། ཚན་རིག་ཞིབ་འཇུག་གི་ཡིད་རྟོན་འཛུགས་སྐྱོང་ལས་ཀར་འགན་འཁུར་བ་བཅས་ཡིན།  

དྲུག གལ་ཆེའི་ཆེད་དོན་ལས་ཁུངས་བཅས་ཡིན། འབྲེལ་ཡོད་ཕྱོགས་དང་མཉམ་དུ་རྒྱལ་ཁབ་ཀྱི་ཚན་རྩལ་ཆེད་དམིགས་རྣམ་གྲངས་གལ་ཆེན་བཀོད་སྒྲིག་གི་འཆར་འགོད་གྲོས་འགོ་ཞིབ་འཇུག་བྱས་ནས་བཏོན་པ་དང་། ཚན་རྩལ་ཆེད་དམིགས་རྣམ་གྲངས་གལ་ཆེན་ལག་བསྟར་བྱེད་ཐབས་བཟོ་འགོད་དང་། ལག་བསྟར་འཆར་གཞིར་ཞིབ་བཤེར་གཏན་འབེབས། ཕྱོགས་བསྡུས་དོ་མཉམ་དང་། ཇུས་གཞི་ལེགས་སྒྲིག འབྲེལ་ཡོད་ཆ་འགྲིག་སྲིད་ཇུས་བཅས་ཀྱི་གྲོས་འགོ་འདོན་པ། གནད་དོན་གལ་ཆེན་མཐུན་སྦྱོར་ངང་ཐག་གཅོད། དཔྱད་དཔོག་དང་ཞིབ་བཤེར་རྩིས་ལེན་སྒྲིག་འཛུགས་བཅས་བྱས་ཡོད།

བདུན། རྒྱལ་ཁབ་ཀྱི་རྨང་གཞིའི་ཞིབ་འཇུག་འཆར་འགོད་དང་། སྲིད་ཇུས། ཚད་གཞི་བཅས་བཟོ་འགོད་བྱ་རྒྱུ་མ་ཟད། ལག་བསྟར་སྒྲིག་འཛུགས་ཀྱང་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་རྨང་གཞིའི་ཞིབ་འཇུག་གལ་ཆེན་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་མཐུན་སྦྱོར་བྱེད་པ། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་སོགས་ཚན་རྩལ་གསར་གཏོད་རྟེན་གཞི་གལ་ཆེན་དང་ཚན་རིག་ཞིབ་འཇུག་ཆ་རྐྱེན་འགན་སྲུང་འཆར་འགོད་ཀྱི་གྲོས་འགོ་བཏོན་པ་མ་ཟད་ལག་བསྟར་བྱེད་པར་ལྟ་སྐུལ་ཡང་བྱེད་དགོས་པ། ཚན་རྩལ་ཐོན་ཁུངས་དང་ཚན་རིག་གི་གཞི་གྲངས་སྒོ་འབྱེད་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས་པ་བཅས་ཡིན།

བརྒྱད། མཐོ་གསར་ལག་རྩལ་སི་ཞེས་པ་ནི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ལག་རྩལ་མཐོ་གསར་འཕེལ་རྒྱས་གཏོང་བའི་འཆར་འགོད་དང་སྲིད་ཇུས་གཏན་འབེབས་བྱེད་པ་དང་། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ལག་རྩལ་འཕེལ་རྒྱས་གཏོང་བའི་དགོས་མཁོར་དབྱེ་ཞིབ་བྱེད་པའི་སྒྲིག་འཛུགས་བྱེད་པ། ལས་འགན་གལ་ཆེན་འདོན་པ་མ་ཟད་ལག་བསྟར་བྱེད་པར་ལྟ་སྐུལ་བྱེད་པ་བཅས་བྱས་ཏེ། འགག་རྩའི་ལག་རྩལ་གལ་ཆེན་འགག་སྒྲོལ་བྱེད་པར་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ལས་སྟེགས་དང་རྟེན་གཞིའི་འཆར་འགོད་བཀོད་པ་བཏོན་པ་མ་ཟད་ལག་བསྟར་སྒྲིག་འཛུགས་ཀྱང་བྱས་ཡོད།

དགུ། གྲོང་གསེབ་ཀྱི་ཚན་རྩལ་སི་ནི་ཚན་རྩལ་གྱིས་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་འཆར་འགོད་དང་སྲིད་ཇུས་བཟོ་འགོད་དང་། ལས་འགན་གལ་ཆེན་འདོན་པ་མ་ཟད་ལག་བསྟར་བྱེད་པར་ལྟ་སྐུལ་ཡང་བྱས་ཏེ་གནད་འགག་ཆེ་བའི་ལག་རྩལ་གྱི་འགག་གནད་སྒྲོལ་བར་སྐུལ་འདེད་གཏོང་དགོས་པ་དང་། གྲོང་གསེབ་ཀྱི་ཚན་རྩལ་ཡར་ཐོན་དང་རྫོང་ཁོངས་ཀྱི་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་མཛུབ་ཁྲིད་བྱས་ཏེ་ཚན་རྩལ་དབུལ་སྐྱོར་ལས་དོན་དང་གྲོང་གསེབ་ཀྱི་ཚན་རྩལ་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ལས་སྟེགས་དང་རྟེན་གཞིའི་འཆར་འགོད་བཀོད་པ་བཏོན་པ་མ་ཟད་ལག་བསྟར་སྒྲིག་འཛུགས་ཀྱང་བྱ་དགོས་བ་བཅས་ཡིན།  

བཅུ། སྤྱི་ཚོགས་གོང་སྤེལ་ཚན་རྩལ་སི་ནི་སྤྱི་ཚོགས་འཕེལ་རྒྱས་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་འཆར་འགོད་དང་སྲིད་ཇུས་གཏན་འབེབས་བྱེད་པ་དང་། ལས་འགན་གལ་ཆེན་འདོན་པ་དང་འབྲེལ་ལག་བསྟར་བྱེད་པར་ལྟ་སྐུལ་བྱས་ཏེ། འགག་རྩའི་ལག་རྩལ་གལ་ཆེན་འགག་སྒྲོལ་བྱེད་པར་སྐུལ་འདེད་གཏོང་དགོས་པ། སྐྱེ་དངོས་ལག་རྩལ་འཕེལ་རྒྱས་དང་ཐོན་ལས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ལྗང་མདོག་ལག་རྩལ་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ། ཚན་རྩལ་གྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ལས་དོན་སྤེལ་དགོས་པ། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ལས་སྟེགས་དང་རྟེན་གཞིའི་འཆར་འགོད་བཀོད་པ་མ་ཟད་ལག་བསྟར་སྒྲིག་འཛུགས་ཀྱང་བྱ་དགོས་པ་ཡིན།

བཅུ་གཅིག གྲུབ་འབྲས་གཞན་སྒྱུར་དང་ས་ཁོངས་གསར་གཏོད་སི་ནི་རྒྱལ་ཁབ་ཀྱི་ལག་རྩལ་སྤོ་སྒྱུར་མ་ལག་ལས་དོན་གྱི་འགན་འཁུར་ནས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་དེ་བཞིན་ཐོན་ལས་ཅན་དུ་འགྱུར་བ་དང་། མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། ཚན་རྩལ་ཤེས་བྱའི་ཐོན་དབང་གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་གྲོས་འགོ་བཏོན་ཏེ་ཚན་རྩལ་ཞབས་ཞུའི་ལས་རིགས་དང་། ལག་རྩལ་ཁྲོམ་ར། ཚན་རྩལ་མཚམས་སྦྱོར་རྩ་འཛུགས་བཅས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ས་ཁོངས་ཀྱི་ཚན་རྩལ་གསར་གཏོད་མ་ལག་འཛུགས་སྐྲུན་བྱེད་འགན་འཁུར་བ་དང་། རྒྱལ་ཁབ་ཀྱི་རང་བདག་གསར་གཏོད་དཔེ་སྟོན་ཁུལ་དང་། རྒྱལ་ཁབ་ཀྱི་ལག་རྩལ་མཐོ་གསར་གྱི་ཐོན་ལས་གསར་སྤེལ་ཁུལ་སོགས་འཛུགས་སྐྲུན་བྱེད་པར་མཛུབ་སྟོན་བྱ་དགོས་པ་བཅས་ཡིན།  

བཅུ་གཉིས། ཕྱི་རྒྱལ་གྱི་རིགས་གཅིག་མཁས་པའི་ཞབས་ཞུ་ལས་ཁུངས་ནི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་པ་དོ་དམ་བྱེད་ཐབས་བཟོ་འགོད་དང་། ཕྱི་རྒྱལ་གྱི་ཚན་རིག་པ་རྩེ་གྲས་དང་། ཚོགས་པ་འགུག་ཐབས་འདུས་བྱེད་སྲོལ། ཕྱི་རྒྱལ་གྱི་རིགས་གཅིག་མཁས་པ་གཙོ་བོ་རྣམས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ནང་རྐྱེན་བཅས་འཛུགས་པར་སྐུལ་འདེད་གཏོང་བ་དང་། ཕྱི་རྒྱལ་གྱི་རིགས་གཅིག་མཁས་པ་གལ་ཆེན་རྣམས་ལ་ཞབས་འདེགས་ཞུ་བའི་ལས་ཀར་འགན་འཁུར་དགོས་པ་བཅས་ཡིན།  

བཅུ་གསུམ། ཕྱི་རྒྱལ་གྱི་རིག་སྟོབས་དོ་དམ་ལས་ཁུངས་ནང་འདྲེན་བྱེད་པ། ཕྱི་རྒྱལ་གྱི་རིག་སྟོབས་འཆར་འགོད་དང་སྲིད་ཇུས་ནང་འདྲེན་བྱེད་པ་དང་། ཕྱི་རྒྱལ(མཚམས)དུ་སྐྱོད་པའི་གསོ་སྐྱོང་སྦྱོང་བརྡར་བྱ་རྒྱུའི་སྤྱིའི་འཆར་གཞི་དང་། སྲིད་ཇུས། ལོ་འཁོར་འཆར་གཞི་བཅས་བཟོ་འགོད་བྱ་རྒྱུ་མ་ཟད་ལག་བསྟར་བྱེད་པར་ལྟ་སྐུལ་ཡང་བྱེད་པ་དང་། ཕྱི་རྒྱལ(མཚམས)དུ་གསོ་སྐྱོང་སྦྱོང་བརྡར་བྱ་རྒྱུའི་རྣམ་གྲངས་གཙོ་གནད་དག་ལག་བསྟར་བྱ་རྒྱུའི་སྒྲིག་འཛུགས་བྱ་དགོས་པ། ཚན་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་གི་འཆར་འགོད་དང་སྲིད་ཇུས་ཀྱི་གྲོས་འགོ་བཏོན་པ་དང་། འབྲེལ་ཡོད་ཚན་རྩལ་ཤེས་ལྡན་མི་སྣའི་འཆར་གཞི་ལག་བསྟར་ལས་ཀ་སྒྲུབ་འགན་ཁུར་ནས་ཚན་རྩལ་གསར་གཏོད་ཤེས་ལྡན་མི་སྣའི་དཔུང་ཁག་རྩེ་གྲས་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས་པ། རྒྱལ་ཡོངས་སུ་ཚན་རིག་ཁྱབ་གདལ་གཏོང་རྒྱུ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཁྱབ་སྤེལ་བྱ་རྒྱུའི་འཆར་འགོད་དང་སྲིད་ཇུས་བཟོ་བ་བཅས་ཡིན།

བཅུ་བཞི། རྒྱལ་སྤྱིའི་མཉམ་ལས་སི(ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་གཞུང་ལས་ཁང་། ) ནི་ཚན་རྩལ་ཕྱི་ཕྱོགས་དང་འགྲོ་འོང་དང་། ཚན་རྩལ་སྤེལ་རེས། གསར་གཏོད་བྱེད་ནུས་སྒོ་འབྱེད་མཉམ་ལས་བཅས་ཀྱི་འཆར་འགོད་དང་། སྲིད་ཇུས། བྱེད་ཐབས་བཅས་བཟོ་འགོད་དང་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག་”གི་ཚན་རྩལ་གསར་གཏོད་མཉམ་ལས་བྱ་སྤྱོད་འཆར་གཞི་ལག་བསྟར་བྱེད་པ། རྒྱལ་སྤྱིའི་ཚན་རིག་འཆར་གཞི་ཆེན་པོ་དང་ཚན་རིག་ལས་གྲྭ་ཆེན་པོ་མཐུན་སྦྱོར་ངང་སྐུལ་སྤེལ་གཏོང་བ་བཅས་བྱ་དགོས་པ་དང་འབྲེལ་ཡོད་ཕྱོགས་དང་མཉམ་དུ་ཕྱིར་སྡོད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་སྒོའི་ལས་ཀར་ཁྲིད་སྟོན་བྱ་དགོས་པ་དང་། ཞང་ཀང་། ཨའོ་མོན། ཐའེ་ཝན་བཅས་དང་འབྲེལ་བ་ཡོད་པའི་ཚན་རྩལ་མཉམ་ལས་དང་སྤེལ་རེས་ཀྱི་ལས་དོན་སྒྲུབ་འགན་འཁུར་བ་བཅས་ཡིན།

བཅོ་ལྔ། མི་དོན་ལས་ཁུངས་ནི་ལས་ཁུངས་དང་ཐད་གཏོགས་སྡེ་ཚན་གྱི་ལས་བྱེད་པའི་མི་དོན་དང་། སྒྲིག་ཁུངས་རྫུན་མ། ངལ་རྩོལ་གླ་ཕོགས། སློབ་གསོའི་ལས་ཀ་བཅས་སྒྲུབ་འགན་འཁུར་བ་དང་། ཕྱིར་སྡོད་རང་མི་འདེམས་གཏོང་དང་འབྲེལ་ཡོད་དོ་དམ་ལས་ཀ་སྒྲུབ་འགན་འཁུར་དགོས་བ་བཅས་ཡིན།

ལས་ཁུངས་ཏང་ཨུ་ནི་ལས་ཁུངས་དང་པེ་ཅིན་དུ་ཡོད་པའི་ཐད་གཏོགས་སྡེ་ཚན་གྱི་ཏང་དང་མང་ཚོགས་སྐོར་གྱི་ལས་ཀ་སྒྲུབ་འགན་འཁུར་བ་བཅས་ཡིན།  

ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་ཅུས་ཀྱིས་འགན་འཁུར་ལས་བྲལ་ལས་འཁྱུར་ལས་བྱེད་པ་བཅས་ཡིན། 

5 མི་སྣའི་སྒྲིག་ཁོངས། 

ཚན་རིག་ལག་རྩལ་པུའུ་ལས་ཁུངས་ཀྱི་སྲིད་འཛིན་སྒྲིག་ཁོངས364(དེའི་ནང་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མི་སྣའི་སྒྲིག་ཁོངས4དང་། རོགས་སྐྱོར་ཤོག་ཁག་གི་སྐབས་བསྟུན་སྒྲིག་ཁོངས4ལས་བྲལ་དང་ལས་འཁྱུར་ལས་བྱེད་མི་སྣའི་སྒྲིག་ཁོངས28བཅས་ཚུད་ཡོད) པུའུ་ཀྲང1དང་། པུའུ་ཀྲང་གཞོན་པ། སི་ཅུས་རིམ་པའི་འགོ་ཁྲིད་ཀྱི་འགན་གྲངས67(དེའི་ནང་དྲུང་ཆེ་དང་གཞོན་པ2ལས་ཁུངས་ཏང་ཨུད་ཀྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ1ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་ཅུས་ཀྱི་འགོ་ཁྲིད་ཀྱི་འགན་གྲངས་3བཅས་ཚུད་ཡོད།

ཚན་རིག་ལག་རྩལ་པུའུ་ཡི་ཁོངས་སུ་གཏོགས་པའི་བྱ་ལས་སྡེ་ཚན་གསར་འཛུགས་དང་། འགན་འཁྲི། སྒྲིག་ཁོངས་ཀྱི་དོན་དག་བཅས་ལོགས་སུ་གཏན་འབེབས་བྱེད་པ་བཅས་ཡིན།

6 མགོ་ཁྲིད།

པུའུ་ཀྲང་། ཝང་ཀྲི་ཀང་།

པུའུ་ཀྲང་གཞོན་པ། ཧོང་ཝེ། ཞུས་ནན་ཕིན། ལི་མེང་། ཝང་ཞི།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-04

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།