བྱར་པན་ཆུ་རྩི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བྱར་པན་ཆུ་རྩི།
​ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། མཚོ་ངོས་ལས་སྨི3500-4000བར་གྱི་རང་རྒྱལ་དང་རྒྱ་གར་སོགས་ཀྱི་ནགས་ཁུལ་གྱི་སྲིབ་དང་། བོད་ཀྱི་མེ་ཏོག མཚོ་སྣ། རྫ་ཡུལ། སྨན་གླིང་སོགས་སྲིབ་ཀྱི་གཡའ་ཤག་དང་ཤིང་གསེབ། སྤང་སོགས་གང་སར་སྐྱེ་བ། རྩ་བ་བྱི་བའི་མཇུག་མ་འདྲ་བ་ལ་ཁ་སྤུ་མང་པོས་ཁྱབ་པ། མཐོ་ཚད་སྨི0.3-1.2ཙམ་ཟིན་པའི་ངར་པ་ལྗང་དཀར་སྤུ་འཇམ་ཅན་མང་པོ་དྲང་པོར་སྐྱེ་བའི་ངོས་སུ་ལོ་མ་ལྗང་སྨུག་རྒྱབ་ལྗང་སེར་ཕྲ་ལ་རིང་བ། དབྱིབས་སྙ་ལོའི་ལོ་མ་འདྲ་བ་རེས་མོས་སུ་སྐྱེ་བ། སྟོད་ཆར་ལོ་མའི་མཆན་ཁུང་ནས་མེ་ཏོག་ཟིང་དམར་གོས་མེད་རྐང་སྦུབ་ཅན་འདབ་མ་བཞི་པ་གེ་སར་གསུམ་བཞི་ཙམ་མངོན་ནས་བཞད་པ་དེའོ༎
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
柳叶菜
རིགས་དབྱེ།
སྔོ་སྨན་གྱི་རིགས།
1 ངོ་སྤྲོད།

ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། མཚོ་ངོས་ལས་སྨི3500-4000བར་གྱི་རང་རྒྱལ་དང་རྒྱ་གར་སོགས་ཀྱི་ནགས་ཁུལ་གྱི་སྲིབ་དང་། བོད་ཀྱི་མེ་ཏོག མཚོ་སྣ། རྫ་ཡུལ། སྨན་གླིང་སོགས་སྲིབ་ཀྱི་གཡའ་ཤག་དང་ཤིང་གསེབ། སྤང་སོགས་གང་སར་སྐྱེ་བ། རྩ་བ་བྱི་བའི་མཇུག་མ་འདྲ་བ་ལ་ཁ་སྤུ་མང་པོས་ཁྱབ་པ། མཐོ་ཚད་སྨི0.3-1.2ཙམ་ཟིན་པའི་ངར་པ་ལྗང་དཀར་སྤུ་འཇམ་ཅན་མང་པོ་དྲང་པོར་སྐྱེ་བའི་ངོས་སུ་ལོ་མ་ལྗང་སྨུག་རྒྱབ་ལྗང་སེར་ཕྲ་ལ་རིང་བ། དབྱིབས་སྙ་ལོའི་ལོ་མ་འདྲ་བ་རེས་མོས་སུ་སྐྱེ་བ། སྟོད་ཆར་ལོ་མའི་མཆན་ཁུང་ནས་མེ་ཏོག་ཟིང་དམར་གོས་མེད་རྐང་སྦུབ་ཅན་འདབ་མ་བཞི་པ་གེ་སར་གསུམ་བཞི་ཙམ་མངོན་ནས་བཞད་པ། མེ་ཏོག་ཡལ་རྗེས་གང་བུ་དམར་སྨུག་གྲུ་བཞི་ཕྲ་ལ་རིང་བ། ཕལ་ཆེར་སྨི0.05ཡས་མས་ཟིན་པ་གྱེན་དུ་དྲང་པོར་སྐྱེ་བ་ཟངས་ཁབ་གཤིབ་པ་འདྲ་བའི་ནང་དུ་འབྲས་བུ་སེར་ཞིབ་སྤུ་དཀར་བྱ་བལ་ལྟ་བུས་བྱིབས་པ་མང་པོ་ཡོད་པ། ལུགས་ཤིག་གིས་བྱར་པཌྷྜྷཱ་ཆུ་རྩི་ཟེར་བ་འདིའང་སྨན་དུ་སྦྱར་བྱ་འབྲས་བུའི་སྡེ་ཚན་ཡིན་ཀྱང་ལོ་འབྲས་ཡོངས་རྫོགས་གནང་སྲོལ་ཡོད་པས་ཟླ་བ8-9པར་བཏུས་ནས་སྔོ་ཆོལ་དམའ་ཕབ་སྐམ་གསེད་ལེགས་ཚགས་བྱ། རོ་ཁ། ཞུ་རྗེས་བསིལ། ནུས་པས་མཁྲིས་ཚད་ནད་རིགས་སྤྱི་དང་ཁྱད་པར་སྣོད་མཁྲིས་ཀྱི་ཚད་པ་སེལ་ཞིང་།ཚད་འཁྲུ་གཅོད། རྒྱུ་མའི་སྲིན་འབུ་ལའང་ཕན་པར་བཤད།

2 སྐྱེ་གནས།

མཚོ་ངོས་ལས་སྨི3500-4000བར་གྱི་རང་རྒྱལ་དང་རྒྱ་གར་སོགས་ཀྱི་ནགས་ཁུལ་གྱི་སྲིབ་དང་། བོད་ཀྱི་མེ་ཏོག མཚོ་སྣ། རྫ་ཡུལ། སྨན་གླིང་སོགས་སྲིབ་ཀྱི་གཡའ་ཤག་དང་ཤིང་གསེབ། སྤང་སོགས་གང་སར་འཁྲུངས།

3 སྦྱར་བྱ།

འབྲས་བུ་བོད་ཟླ་བདུན་པ་ཙམ་ལ་བཏུས་ཏེ་གཙང་མ་བཟོས་རྗེས་བསྐམས་ནས་སྨན་དུ་སྤྱོད།  

4 ངོ་བོ།

རོ་ཁ་བ། ཞུ་རྗེས་ཁ་བ།  

5 ཕན་ནུས།

ནུས་པ་བསིལ་ལ་སྐམ་ཞིང་རྩུབ་པས་དུག་ནད་དང་། མཁྲིས་པར་ཚ་བ་རྒྱས་པ། ཚ་བས་འཁྲུ་བ་སོགས་ལ་ཕན་པ་ཞིག་གོ༎

བརྡ་འགྲེལ་གདོང་འཛར།

སྐྱེ་དངོས། སྔོ་སྨན། རྩ་བ། ལོ་མ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-10-24

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།