ཡོལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དེ་ཡང་ཡོལ་ཞེས་པའི་ས་ཆ་འདི་ནི་བོད་བཙན་པོའི་སྐབས་སུ་མདོ་སྨད་ཀྱི་འདུན་མ་བསྡུ་ས་གལ་ཆེན་ཞིག་ཡིན་ཏེ། དེང་སང་གི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གི་ཡོ(瑶)ཞེས་པའི་ས་ཆ་འདི་ཡིན་པར་འདོད་དོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
ཕྱི་ཡིག་གི་མིང་།
yol
གནས་ཡུལ།
མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གི་ཡོ་ཞེས་པ།
ཡིག་ཚགས།
P.T.1288
རིགས།
ས་མིང་བརྡ་འགྲེལ།
1 རྒྱས་འགྲེལ། 

དེ་ཡང་ཡོལ་ཞེས་པའི་ས་ཆ་འདི་ནི་བོད་བཙན་པོའི་སྐབས་སུ་མདོ་སྨད་ཀྱི་འདུན་མ་བསྡུ་ས་གལ་ཆེན་ཞིག་ཡིན་ཏེ། ཏུན་ཧོང་ཡིག་ཚགསP.T.1288ལས། ཡོས་བུའི་ལོ་ལ(སྤྱི་ལོ703)། བཙན་པོ་དབྱརད་གླིང་གྀ་འོལ་བྱག་ན་བཞུགས་ཤིང་།.....མདོ་སྨད་གྱྀ་དགུན་འདུན་ཡོལ་གྱི་ཅི་འབོསུ་བསྡུས། ཞེས་དང་། རྟའི་ལོ་ལ་བབ་སྟེ(སྤྱི་ལོ706)། བཙན་པོ་དང་། ཕྱྀ་དབྱརད་དྲོན་ན་བཞུགས། ....མདོ་སྨད་གྱྀ་དགུན་འདུན། བློན་ཁྲི་གཟིགས་གྱྀས། ཡོལ་དུ་བསྡུས་པར་ལོ་ཆིག་ཅེས་དང་། སྤྲེའུ་ལོ་ལ་བབསྟེ(སྤྱི་ལོ756)། དབྱརད་བཙན་ཕོ་ཟུང་ཀར་ན་བཞུགས། ........མདོ་སྨད་ཀྱི་དགུན་འདུན་ཡོལ་དུ་བློན་ཁྲི་བཟང་གྱིས། བསྡུསྟེ། གསར་བུ་པལ་ཕོ་ཅེ་མཆྀས། དགུན་འདུན་ཡོལ་དུ་བློན་སྣང་བཞེར་གྱིས་བསྡུས་པར་ལོ་ཅྀག་ཅེས་པ་སོགས་མང་དུ་འབྱུང་ཡོད་པས། ཡོལ་ཞེས་པའི་ས་ཆ་འདི་ནི་དེང་སང་གི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གི་ཡོ(瑶)ཞེས་པའི་ས་ཆ་འདི་ཡིན་པར་འདོད་དོ། །



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-25

གསར་སྤེལ་མཁན། :ལ་ཁ་གནམ་ལྷ་ཚེ་རིང

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།