རི་བོ་ཆེན་པོ་གསུམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རི་བོ་ཆེན་པོ་གསུམ།
རི་བོ་ཆེན་པོ་དེར་གཤམ་གསལ་གྱི་དུས་རིམ་གཉིས་སུ་ཕྱེ་ཆོག་པ་སྟེ། དུས་རིམ་དང་པོ་ནི་རང་རྒྱལ་གྱི་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་ཀྱི་དགྲ་བོ་ཆེན་པོ་གསུམ་སྟེ། བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་བཅས་ལ་ཟེར། དགྲ་བོ་ཆེན་པོ་གསུམ་ནི་རི་བོ་ཆེན་པོ་གསུམ་དང་འདྲ་བར་ཀྲུང་གོ་རྙིང་བའི་མི་དམངས་ཀྱི་མགོ་ཐོག་ཏུ་ལྗིད་པོར་བསྡད་མྱོང་། དུས་རིམ་གཉིས་པ་ནི་དེང་སྐབས་སྤྱི་ཚོགས་རིང་ལུགས་ལ་གནས་པའི་དཀའ་གནད་ཆེན་པོ་གསུམ་སྟེ། ནད་བཅོས་བྱེད་དཀའ་བ་དང་ཁང་བ་ཉོ་དཀའ་བ། སློབ་གྲྭར་འགྲིམ་དཀའ་བ་གསུམ་ཡིན་ལ། འདི་ལ་རི་བོ་ཆེན་པོ་གསར་བ་གསུམ་ཟེར་རོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
三座大山
རི་བོ་ཆེན་པོ་གསུམ།
བཙན་རྒྱལ་རིང་ལུགས། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས།
རི་བོ་ཆེན་པོ་གསར་བ་གསུམ།
ནད་བཅོས་བྱེད་དཀའ་བ། ཁང་བ་ཉོ་དཀའ་བ། སློབ་གྲྭར་འགྲིམ་དཀའ་བ།
1 འབྱུང་རྐྱེན།

མའོ་ཙེ་ཏུང་གིས་སྤྱི་ལོ1925ལོའི་ཟླ12པའི་ཚེས1ཉིན་བྲིས་པའི《ཀྲུང་གོའི་སྤྱི་ཚོགས་ཀྱི་གྲལ་རིམ་ཁག་ལ་དབྱེ་ཞིབ་བྱས་པ》ཞེས་པའི་ནང་དུ། “བཙན་རྒྱལ་རིང་ལུགས་དང་དམག་ཤེད་ཅན། དཔོན་ངན། ཕྱིར་རྟེན་ཚོང་བའི་གྲལ་རིམ། ཞིང་བདག་གྲལ་རིམ་ཆེན་པོ་སོགས་ལ་ངན་འབྲེལ་བྱེད་མཁན་ཐམས་ཅད་དང་དེ་བཞིན་ཁོ་ཚོའི་ཁོངས་གཏོགས་ཀྱི་ལོག་སྤྱོད་ཀྱི་ཤེས་ཡོན་ཅན་ཁག་ཅིག་ནི་ང་ཚོའི་དགྲ་བོ་ཡིན”ཞེས་གསུངས་ཡོད་ལ། ད་དུང་ཀྲུང་གོའི་གསར་བརྗེའི་ལས་འགན་ནི“བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་བཅས་རྩ་གཏོར་གཏོང་རྒྱུ་དེ་ཡིན”ཞེས་བཏོན་ཡོད་དོ། །

2 བཙན་རྒྱལ་རིང་ལུགས།

ཀྲུང་གོ་རྙིང་བའི་སྐབས་སུ་ཀྲུང་གོའི་མི་དམངས་ཀྱི་མགོ་ཐོག་ཏུ་མནན་པའི་རི་བོ་ཆེན་པོ་དང་པོ་ནི་བཙན་རྒྱལ་རིང་ལུགས་ཡིན་ལ། བཙན་རྒྱལ་རིང་ལུགས་ཀྱི་མི་རིགས་གཉའ་གནོན་ནི་ཆེས་ཆེ་བའི་གཉའ་གནོན་ཡིན། དེ་མིན་བཙན་རྒྱལ་རིང་ལུགས་ཀྱིས་གདུག་རྩུབ་ཆེ་བའི་འོག་བཙན་འཛུལ་དམག་འཁྲུག་བསླངས་ནས་ཀྲུང་གོར་བཙན་ཤེད་ཀྱིས་འདྲ་མཉམ་མིན་པའི་ཆིངས་ཡིག་འཇོག་ཏུ་བཅུག་ཅིང་། ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཕྱོགས་གང་ཅིའི་ཐད་ནས་ཀྲུང་གོར་ཚོད་འཛིན་དང་ཁ་ལོ་བསྒྱུར་ཏེ། མཐར་ཀྲུང་གོ་ནས་དཔལ་འབྱོར་གྱི་ཁེ་ཕན་ཆེན་པོ་ཐོབ་པ་རེད། དེ་བས་བཙན་རྒྱལ་རིང་ལུགས་ནི་ཀྲུང་གོའི་མི་དམངས་ཀྱི་དགྲ་བོ་ཨང་དང་པོ་དང་གདུག་རྩུབ་ཆེས་ཆེ་བ་ཡིན་ནོ། །

3 བཀས་བཀོད་རྒྱུད་འཛིན་རིང་ལུགས།

ཉེ་རབས་ཀྱི་ཀྲུང་གོའི་བཀས་བཀོད་རྒྱུད་འཛིན་རིང་ལུགས་ནི་ཀྲུང་གོའི་སྤྱི་ཚོགས་ཡར་ཐོན་ཡོང་བར་བཀག་འགོག་བྱེད་མཁན་ཆེས་ཀྱི་ལོག་སྤྱོད་སྟོབས་ཤུགས་ཀྱི་གྲས་ཤིག་ཡིན་ཞིང་། དེའི་རྒྱུ་མཚན་གཙོ་བོ་ནི། བཀས་བཀོད་རྒྱུད་འཛིན་གྱི་བཤུ་གཞོག་ལམ་ལུགས་ནི་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོར་དབང་སྒྱུར་བྱེད་པའི་ལམ་ལུགས་གཙོ་བོ་དང་ཀྲུང་གོས་འཛུགས་སྐྲུན་བྱས་པའི་དམག་ཤེད་ཅན་གྱིས་སྲིད་དབང་སྒེར་གཅོད་ཀྱི་དབང་སྒྱུར་བྱེད་པའི་སྤྱི་ཚོགས་ཀྱི་རྨང་གཞི་རེད། ཞིང་བདག་གྲལ་རིམ་གྱིས་ཀྲུང་གོའི་རྒྱ་ཆེའི་གཞི་རིམ་སྲིད་དབང་ཁ་ལོ་བསྒྱུར་ནས་སྲིད་གཞུང་རིམ་པ་ཁག་གི་དཔོན་རིགས་བྱེད་བཞིན་ཡོད་པ་དང་པེ་དབྱང་དམག་ཤེད་ཅན་དང་གོ་མིན་ཏང་གི་དམག་ཤེད་ཅན་གསར་བ་ཚང་མ་ཞིང་བདག་གྲལ་རིམ་ལ་བརྟེན་ནས་རྒྱལ་ཡོངས་ལ་དབང་སྒྱུར་བྱེད་བཞིན་ཡོད་ཅིང་། བཀས་བཀོད་རྒྱུད་འཛིན་རིང་ལུགས་ཀྱི་དབང་སྒྱུར་ཡང་དཔལ་འབྱོར་དེང་རབས་ཅན་དང་ཆབ་སྲིད་དམངས་གཙོ་ཅན་དུ་འགྱུར་བའི་འགལ་རྐྱེན་གཙོ་བོ་རེད། དེ་ནི་ཀྲུང་ཧྭ་མི་རིགས་ཡར་ཐོན་ཡོང་བའི་ལམ་འགོག་སྟག་ལྟ་བུ་ཞིག་ཡིན་པ་དང་། ཉེ་རབས་ཀྲུང་གོའི་སྤྱི་ཚོགས་ཀྱི་དཔལ་འབྱོར་འཚོ་བའི་ནང་བཀས་བཀོད་རྒྱུད་འཛིན་གྱིས་གནས་བབ་ཡག་པོ་བཟུང་ཡོད་པ་དང་། བཀས་བཀོད་རྒྱུད་འཛིན་གྱི་བཤུ་གཞོག་ལམ་ལུགས་ནི་ཞིང་བདག་གིས་ས་ཞིང་བཟུང་བ་དང་། ཞིང་པར་བཤུ་གཞོག་བྱེད་པའི་ངལ་རྩོལ་དེ་སྔོན་འགྲོའི་ཆ་རྐྱེན་དུ་འཛིན་པ་ཞིག་ཡིན་པར་མ་ཟད། ཚོང་པ་དང་སྐྱེད་ཆེའི་བུ་ལོན་ལ་ཡང་ཟུང་འབྲེལ་བྱས་པ་ཞིག་ཡིན་ནོ། །

4 དཔོན་ངན་མ་རྩ་རིང་ལུགས།

“དཔོན་ངན་མ་རྩ”ཞེས་པའི་བཤད་ཚུལ་དེ་དུས་རབས20པའི་ལོ་རབས20པར་བྱུང་བ་རེད། སྤྱི་ལོ1923ལོར། ཆུས་ཆིའུ་པའེ་ཡིས《གདོང་ལེན་པ》ཞེས་པའི་དུས་དེབ་ཐོག《ཀྲུང་གོའི་འབྱོར་ལྡན་གྲལ་རིམ་གྱི་འཕེལ་རྒྱས་སྐོར་གླེང་བ》ཞེས་པའི་རྩོམ་ཡིག་སྤེལ་ནས། ཐོག་མར“དཔོན་ངན་མ་རྩ”ཞེས་པའི་ཚིག་དེ་སྤྱད་པ་རེད།  ཁོས་ཕྱི་ལུགས་གཉེར་བའི་ཕྱོགས་ཁག་གིས་གཉེར་བའི་གཞུང་གཉེར་ཁེ་ལས་ལ“དཔོན་ངན་མ་རྩའི་རིགས་ཨང་དང་པོ”ཞེས་ཟེར་བ་དང་། གཞུང་གཉེར་དང་ཚོང་པ་མཉམ་འབྲེལ་གྱིས་གཉེར་བའི་ཁེ་ལས་ལ“དཔོན་ངན་མ་རྩའི་རིགས་གཉིས་པ”ཟེར། སྤྱི་ལོ1929ལོར་ལི་ཏ་ཡིས《ཀྲུང་གོའི་ཐོན་ལས་གསར་བརྗེའི་གནས་ཚུལ་མདོར་བསྡུས》ཞེས་པའི་རྩོམ་ཡིག་ནང་ཆིང་རྒྱལ་རབས་ཀྱི་དཔོན་ངན་གྱིས་ཕྱི་བུན་གཡར་བ་ཐེར་འདོན་བྱས་སྐབས“སྐབས་བསྟུན་ཁེ་ཕན་དང་། རང་དོན་རང་གསོག་བྱས་ཏེ་དཔོན་ངན་གྱི་མ་རྩ་ཆགས་པ་རེད།”ཟེར། སྤྱི་ལོ1936ལོར་ལུའི་ཀྲེན་ཡུས་ཀྱིས《ཀྲུང་གོའི་ཆབ་སྲིད་བསམ་བློའི་ལོ་རྒྱུས》ཞེས་པའི་དེབ་ནང་། ཆིང་སྲིད་གཞུང་གིས་བཙུགས་པའི“རྒྱལ་གཉེར་ལས་དོན་གྱི་མྱུ་གུ”ལ་དཔོན་ངན་མ་རྩ་ཅན་ཞེས་འབོད་དོ། །

5 རི་བོ་ཆེན་པོ་གསར་བ་གསུམ།

“རི་བོ་ཆེན་པོ་གསུམ”གྱི་མིང་ཚིག་དེ“རི་བོ་ཆེན་པོ་གསུམ”གྱི་ཐ་སྙད་འདྲ་བཤུས་བྱས་ནས་དངོས་ཡོད་སྤྱི་ཚོགས་ཁྲོད་རྟག་ཏུ་གཡར་སྤྱོད་བྱེད་ཀྱི་ཡོད་དེ། “ནངས་ཚོགས་འཚོགས་སྔ་བ་དང་། སློབ་ཕྱིའི་ལས་བྱ་མང་བ། གཟའ་མཇུག་ལ་གསབ་སྦྱོང་བྱེད་པ”སོགས་ནི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི“རི་བོ་ཆེན་པོ་གསུམ”ཟེར།  ཡང་ལ་ལས“ལྟོ་ཕོར་དང་། ཡོན་ཚད། ལས་ཐོབ”སོགས་ལ་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་“རི་བོ་ཆེན་པོ་གསུམ”ཞེས་འབོད། དེ་མིན“གཞུང་དངུལ་སྤྱད་དེ་རྒྱས་ཟ་རྒྱས་འཐུང་དང་། གཞུང་གི་རླངས་འཁོར་འཛད་སྤྱོད་བྱེད་པ། གཞུང་དངུལ་སྤྱད་དེ་རྟོག་ཞིབ་བྱེད་པ”བཅས་ལ་རུལ་རྒོལ་གཙང་སྤེལ་བྱེད་དགོས་པའི“རི་བོ་ཆེན་པོ་གསུམ”ཟེར། གཞན་ད་དུང“ས་ཞིང་དང་། ནད་ཡམས། རྒན་གསོ”བཅས་ཀྱི་གནད་དོན་ལ་ཞིང་པའི་མགོ་ཡི“རི་བོ་ཆེན་པོ་གསུམ”ཟེར། འོན་ཀྱང་མང་ཤས་ཀྱིས“ནད་བཅོས་བྱེད་དཀའ་བ་དང་ཁང་བ་ཉོ་དཀའ་བ། སློབ་གྲྭར་འགྲིམ་དཀའ་བ”སོགས་ལ་རི་བོ་ཆེན་པོ་གསར་བ་གསུམ་ཟེར་རོ། །

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-10-31

གསར་སྤེལ་མཁན། :ལ་ཁ་གནམ་ལྷ་ཚེ་རིང

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།