བཀས་བཀོད་རྒྱུད་འཛིན་རིང་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བཀས་བཀོད་རྒྱུད་འཛིན་རིང་ལུགས།
བཀས་བཀོད་རྒྱུད་འཛིན་རིང་ལུགས་ལ་མཚན་ཉིད་སྣ་ཚོགས་ཡོད་དེ། 《པུའུ་ལེ་ཏེན་གྱི་ཤེས་བྱ་ཀུན་བཏུས》ནང “feudalism”ནི་ས་ཞིང་དབང་བའི་དབང་ཆ་དང་མི་ལུས་གཞན་རྟེན་གྱི་འབྲེལ་བ་རྨང་གཞིར་བྱས་པའི་ཁེ་དབང་དང་འོས་འགན་སྐོར་གྱི་སྤྱི་ཚོགས་ལམ་ལུགས་ཤིག་ཡིན་ཞེས་པ་དང་། མ་ཁོ་·པུའུ་ལོ་ཧོ་ཡིས་བརྩམས་པའི《བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས》ཞེས་པའི་དེབ་ལས། བཀས་བཀོད་རྒྱུད་འཛིན་རིང་ལུགས་ཞེས་པ་ནི་གཙོ་བོ་དུས་རབས་བར་མའི་ཡོ་རོབ་གླིང་ནུབ་མའི་ཆབ་སྲིད་ལམ་ལུགས་དང་བཅའ་ཁྲིམས་ལམ་ལུགས་ལ་ཟེར་ཏེ། ཞིབ་ཕྲའི་ཐོག་ནས་བཤད་ན་དཔོན་བློན་གྱི་འབྲེལ་བ་ལ་ཟེར་བ་ཡིན་ཞེས་པའོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
封建主义
ཕྱི་ཡིག་གི་མིང་།
feudalism
རིགས།
སྤྱི་ཚོགས་ཀྱི་ལམ་ལུགས་ཤིག་ཡིན།
1 བཀས་བཀོད་རྒྱུད་འཛིན་རིང་ལུགས།

བཀས་བཀོད་རྒྱུད་འཛིན་རིང་ལུགས་ལ་མཚན་ཉིད་སྣ་ཚོགས་ཡོད་དེ། 《པུའུ་ལེ་ཏེན་གྱི་ཤེས་བྱ་ཀུན་བཏུས》ནང“feudalism”ནི་ས་ཞིང་དབང་བའི་དབང་ཆ་དང་མི་ལུས་གཞན་རྟེན་གྱི་འབྲེལ་བ་རྨང་གཞིར་བྱས་པའི་ཁེ་དབང་དང་འོས་འགན་སྐོར་གྱི་སྤྱི་ཚོགས་ལམ་ལུགས་ཤིག་ཡིན་ཞེས་པ་དང་། མ་ཁོ.པུའུ་ལོ་ཧོ་ཡིས་བརྩམས་པའི《བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས》ཞེས་པའི་དེབ་ལས། བཀས་བཀོད་རྒྱུད་འཛིན་རིང་ལུགས་ཞེས་པ་ནི་གཙོ་བོ་དུས་རབས་བར་མའི་ཡོ་རོབ་གླིང་ནུབ་མའི་ཆབ་སྲིད་ལམ་ལུགས་དང་བཅའ་ཁྲིམས་ལམ་ལུགས་ལ་ཟེར་ཏེ། ཞིབ་ཕྲའི་ཐོག་ནས་བཤད་ན་དཔོན་བློན་གྱི་འབྲེལ་བ་ལ་ཟེར་ཞེས་པའོ། 

2 དཔལ་འབྱོར་མ་ལག

བཀས་བཀོད་རྒྱུད་འཛིན་རིང་ལུགས་ནི་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་ཡིན་པ་དང་མིའི་འདུ་ཤེས་ཀྱིས་སྤྱི་ཚོགས་ཐག་གཅོད་བཞིན་ཡོད། འདུ་ཤེས་འཛིན་སྟངས་དེ་རིགས་གནས་ཐུབ་པའི་སྤྱི་ཚོགས་ཀྱི་རྣམ་པ་ནི་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཡིན། “བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས”ཞེས་པའི་མཚན་ཉིད་ལ་འགྲེལ་བཤད་རྒྱག་སྟངས་ཐད་མར་ཁེ་སིའི་རིང་ལུགས་ཀྱི་སྤྱི་ཚོགས་རྣམ་པའི་གཞུང་ལུགས་ཀྱི་གོ་བ་ལེན་སྟངས་མི་འདྲ་སྟེ། རིག་གཞུང་ལས་ཀྲུང་གོའི་བཀས་བཀོད་རྒྱུད་འཛིན་རིང་ལུགས་ཀྱི་སྤྱི་ཚོགས་ཡོད་མེད་ཐད། ཀྲུང་གོ་ནམ་ཞིག་ལ་བཀས་བཀོད་རྒྱུད་འཛིན་རིང་ལུགས་ཀྱི་སྤྱི་ཚོགས་སུ་ཞུགས་པ་དང་། ཀྲུང་གོའི་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་དང་ཡོ་རོབ་གླིང་ནུབ་མའི་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་བར་གྱི་ཁྱད་པར་ལ་ལྟ་སྟངས་ཇི་ལྟར་ངོས་འཛིན་རྒྱུ་སོགས་ཀྱི་གནད་དོན་ལ་ཐོག་མཐའ་བར་གསུམ་དུ་ལྟ་ཚུལ་མི་མཐུན་པ་ཡོད་པ་དང་། “ཀྲུའུ་ནུབ་མའི་བཀས་བཀོད་རྒྱུད་འཛིན་སྨྲ་བ”དང“ཀྲན་གོའི་བཀས་བཀོད་རྒྱུད་འཛིན་སྨྲ་བ།” “ཆིན་དང་ཧན་རྒྱལ་རབས་སོ་སོའི་བཀས་བཀོད་རྒྱུད་འཛིན་སྨྲ་བ”སོགས་ཀྱི་བཤད་ཚུལ་རྣམས་རིག་གཞུང་ཁྱབ་ཁོངས་སུ་རྩོད་གླེང་བྱུང་ནས་ད་ལྟའི་བར་མཚམས་ཆད་མྱོང་མེད་དོ། །

3 ཀྲུའུ་ནུབ་མའི་དུས་རབས།

བཀས་བཀོད་རྒྱུད་འཛིན་གྱི་ཐ་སྙད་ཀྱི་འབྱུང་ཁུངས་ནི《ཧྲང་ཧྲུའུ》དང《ཙུའོ་ཀྲུན》ཞེས་པ་གཉིས་ཡིན་ཞིང་། “封”ཞེས་པ་ནི་ལོགས་སུ་ཕྱེ་བ་ལ་ཟེར། “建”ཞེས་པ་ནི་རྒྱལ་ཕྲན་འཛུགས་པ་ལ་ཟེར། རྒྱལ་ཁབ་ཀྱི་མངའ་ཁོངས་ཁ་བྲལ་དུ་བཏང་ནས་བཀས་བཀོད་རྒྱུད་འཛིན་མཁན་གྱིས་རྒྱལ་ཕྲན་འཛུགས་རྒྱུ་དེ་ནི་ཐ་སྙད་ཀྱི་མ་གཞིའི་ཚིག་དོན་ཡིན། དེའི་འབྱུང་ཁུངས་ནི་ཀྲུའུ་ནུབ་མའི་དུས་ཀྱི་ཁག་བགོས་ལམ་ལུགས་དང་ཁྱིམ་རྒྱུད་ལམ་ལུགས་གཅིག་བསྡུས་བྱས་པ་ཡིན་ཏེ། བཀས་བཀོད་རྒྱུད་འཛིན་ནི་མི་སྒེར་ལ་དབང་བའི་རྒྱུ་ནོར་ཡིན་པ་དང་། རྒྱུ་ནོར་ནི་རིམ་པ་མཐོ་ཤོས་ནས་འོག་རིམ་དུ་ཁག་བགོས་ཀྱིས་བཀག་སྡོམ་བྱེད་པ་ཞིག་ཡིན།

4 ཆབ་སྲིད་ལམ་ལུགས།

སྐུ་ཞབས་མུའུ་ལགས་ཀྱིས《རྒྱལ་ཁབ་ཀྱི་ལོ་རྒྱུས་གསར་པའི་རྣམ་བཤད》ཅེས་པའི་ཀྲུང་གོའི་སྤྱི་ཚོགས་རིམ་འགྱུར་ཁྲོད་དུ་བསྟན་དོན“ཀྲུང་གོའི་ལོ་རྒྱུས་ཐོག་ཆིན་གོང་མའི་བཀས་བཀོད་རྒྱུད་འཛིན་ཞེས་པ་ནི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་ཡིན་ལ། ཆིན་རྗེས་ཀྱི་ཅུན་རྫོང་ལམ་ལུགས་ལ་དམིགས་པ་ཞིག་ཡིན་ཞེས་པར་སྐད། 

ནུབ་གླིང་གི་ལོ་རྒྱུས་ཁྲོད་དུ་གནའ་བོའི་དུས་སུFeudalismཟེར་བའི་དུས་སྐབས་ཤིག་ཡོད་ཅིང་། Feudalismནི་ལམ་ལུགས་ཤིག་མིན་པར་ཁོ་ཚོའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་ཡིན་པས། ད་ལྟ་ཀྲུང་གོའི་ལོ་རྒྱུས་ཐོག་གི“བཀས་བཀོད་རྒྱུད་འཛིན”ཞེས་པའི་ཡིག་འབྲུ་དེ་གཉིས་ཀྱིས་ནུབ་གླིང་ལོ་རྒྱུས་ཐོག་གིFeudalismཞེས་པར་བསྒྱུར་བཞིན་ཡོད་པ་ནི་ནོར་འཁྲུལ་ཡིན་ནོ། །

5 སྤྱི་ཚོགས་ཀྱི་རྣམ་པ།

འཛམ་གླིང་གི་སྣེ་གཉིས་ཀྱི་གཞུང་ལུགས་ལྟར་ན། ཀྲན་གོའི་དུས་སྐབས་དང་ཆིན་ཧན་རྒྱལ་རབས་ཀྱི་དུས་སུ། ཀོན་ཀྲུང་ནི་མི་རྒྱུད་ཀྱི་ཆབ་སྲིད་རྣམ་པ་དང་ཞིང་བྲན་ལམ་ལུགས་ཀྱི་དཔལ་འབྱོར་རྣམ་པ་ཞིག་ཡིན་ལ། ཀྲུང་ཡོན་ནི་ཆིང་རྒྱལ་རབས་སྐབས་ཀྱི་དཔོན་རིགས་ཆབ་སྲིད་ཀྱི་རྣམ་པ་དང་ཞིང་ལས་ལམ་ལུགས་ཀྱི་དཔལ་འབྱོར་གྱི་རྣམ་པ་ཞིག་རེད། ལྷོ་ཕྱོགས་ནི་གདོད་མའི་ཚོ་བའི་ཆབ་སྲིད་དང་དཔལ་འབྱོར་གྱི་རྣམ་པ་ཞིག་ཡིན། ཀྲུང་གོའི་སྤྱིའི་སྤྱི་ཚོགས་ཀྱི་རྣམ་པ་ནི་ཆིང་སྲིད་གཞུང་གི་ཆབ་སྲིད་རྣམ་པ་དང་ཞིང་ལས་ལམ་ལུགས་ཀྱི་དཔལ་འབྱོར་རྣམ་པ་ཞིག་ཡིན།

ཝེ་ཅིན་ལྷོ་བྱང་རྒྱལ་རབས་དང་སུའེ་ཐང་གི་དུས་སྐབས་སུ། ཀོན་ཀྲུང་ནི་མི་སེར་ཞིང་བདག་གི་ཆབ་སྲིད་རྣམ་པ་དང་ཞིང་བ་ཞོར་ལས་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྣམ་པ་ཞིག་ཡིན། ཀྲུང་ཡོན་ནི་ས་བདག་རིགས་ཀྱི་ཆབ་སྲིད་རྣམ་པ་དང་ཞིང་བྲན་ལམ་ལུགས་ཀྱི་དཔལ་འབྱོར་རྣམ་པ་ཞིག་ཡིན། ལྷོ་ཕྱོགས་ནི་བློན་ཆེན་གྱི་ཆབ་སྲིད་རྣམ་པ་དང་བྲན་གཡོག་ལམ་ལུགས་ཀྱི་དཔལ་འབྱོར་རྣམ་པ་ཞིག་ཡིན། ཀྲུང་གོའི་སྤྱིའི་སྤྱི་ཚོགས་ཀྱི་རྣམ་པ་ནི་ས་བདག་གི་ཆབ་སྲིད་རྣམ་པ་དང་ཞིང་བྲན་ལམ་ལུགས་ཀྱི་དཔལ་འབྱོར་རྣམ་པ་ཞིག་ཡིན།

5_1 མིང་རྒྱལ་རབས་དང་ཆིང་རྒྱལ་རབས་ཀྱི་དུས་སྐབས།

རྒྱལ་རབས་ལྔ་དང་རྒྱལ་ཁབ་བཅུ། སུང་ཡོན་མིང་ཆིང་སོགས་ཀྱི་དུས་སྐབས་སུ། ཀོན་ཀྲུང་ནི་རང་རྨོའི་ཞིང་པའི་ཆབ་སྲིད་དང་དཔལ་འབྱོར་གྱི་རྣམ་པ་ཞིག་ཡིན་ལ། ཀྲུང་ཡོན་ནི་མི་སེར་ཞིང་བདག་གི་ཆབ་སྲིད་རྣམ་པ་དང་ཞིང་བ་བོགས་ལེན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྣམ་པ་ཞིག་ཡིན། ལྷོ་ཕྱོགས་ནི་ཞིང་བདག་གི་ཆབ་སྲིད་རྣམ་པ་དང་ཞིང་བྲན་ལམ་ལུགས་ཀྱི་དཔལ་འབྱོར་རྣམ་པ་ཞིག་ཡིན། ཀྲུང་གོའི་སྤྱི་ཡོངས་ཀྱི་སྤྱི་ཚོགས་རྣམ་པ་ནི་མི་སེར་ཞིང་བདག་གི་ཆབ་སྲིད་རྣམ་པ་དང་ཞིང་བ་བོགས་ལེན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྣམ་པ་ཞིག་ཡིན།

སྤྱི་ལོའི་སྔོན་གྱི་སྤྱི་ལོ300ལོ་ཞུང་ནུའུ་བཙན་རྒྱལ་བྱུང་བ་ནས་སྤྱི་ལོ745ལོར་དྲུ་གུ་རྩ་མེད་དུ་སོང་བའི་དུས་རིམ་འདིར། ཨེ་ཤ་ཡ་དབུས་མའི་སྤྱི་ཚོགས་ཀྱི་རྣམ་པ་དེ་ཚོ་བའི་ལམ་ལུགས་ནས་ཚོ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་ཞིང་བྲན་ལམ་ལུགས་སུ་འཕོ་འགྱུར་བྱུང་བ་དང་། སྤྱི་ལོ745ལོར་དྲུ་གུ་རྩ་མེད་དུ་སོང་བ་ནས་ཉེ་རབས་བར་ཨེ་ཤེ་ཡ་དབུས་མའི་སྤྱི་ཚོགས་ཀྱི་རྣམ་པ་དེ་ཚོ་ཕྱེད་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སུ་འཕོ་འགྱུར་བྱུང་ཡོད། 
        ཨ་རབ་བཙན་རྒྱལ་དུས་སྐབས་དང་དེའི་རྗེས་ཀྱི་རྒྱལ་རབས་ཀྱི་ཆབ་སྲིད་རྣམ་པ་ནི་ལྟོས་བཅས་ཀྱིས་གཅིག་གྱུར་ཡིན་པའི་བཀས་བཀོད་རྒྱུད་འཛིན་གྱི་ཆབ་སྲིད་རྣམ་པ་ཡིན་པ་དང་། དཔལ་འབྱོར་གྱི་རྣམ་པ་ནི་ཞིང་བྲན་ལམ་ལུགས་ཡིན། 
       དུས་རབས་བར་མའི་ཡོ་རོབ་གླིང་གི་ཆབ་སྲིད་རྣམ་པ་ནི་ཁ་ཐོར་གྱི་མི་རྒྱུད་ལམ་ལུགས་ཡིན་པ་དང་། དཔལ་འབྱོར་གྱི་རྣམ་པ་ནི་ཞིང་བྲན་ལམ་ལུགས་ཡིན། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-10-30

གསར་སྤེལ་མཁན། :ལ་ཁ་གནམ་ལྷ་ཚེ་རིང

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།