ཀྲང་ལན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲང་ལན།
ཀྲང་ལན། (1872.04.02-1955.02.9) སི་ཁྲོན་ནན་ཁྲུང་གི་མི་ཡིན་ལ། ཆིན་ཕྱི་མའི་དུས་མཇུག་གི་ཕུལ་བྱུང་མི་སྣ་དང་། ཀྲུང་གོའི་རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ་དང་མིང་དུ་གྲགས་པའི་གསར་བརྗེ་བ། སློབ་གསོ་བ་སོགས་ཡིན་པར་མ་ཟད། རྒྱལ་ཁབ་ཀྱི་མཚན་སྙན་བཟང་ཞིང་གཟིགས་སྐྱོང་ཆེ་བའི་འགོ་ཁྲིད་ཀྱི་གྲས་ཡིན། ཀྲུང་གོའི་དམངས་གཙོའི་མནའ་འབྲེལ་འཛུགས་མཁན་དང་དེའི་འགོ་ཁྲིད་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གི་མཛའ་བརྩེ་ཟབ་པའི་གྲོགས་པོ་བཟང་པོ་ཡིན། ཀྲང་ལན་གྱི་མི་ཚེ་ནི་ཀྲུང་གོའི་ཉེ་རབས་དང་དེང་རབས་ལོ་རྒྱུས་ཀྱི་འབྲེལ་གནད་གལ་ཆེན་ཞིག་ཡིན་ཏེ། སྤྱི་ལོ1941ལོར་ཀྲུང་གོའི་དམངས་གཙོ་སྲིད་ཚོགས་མནའ་མཐུན་འཛུགས་རྒྱུའི་གྲོས་འདོན་པར་ཞུགས་པ་དང་། རྗེས་ནས་ཀྲུང་གོའི་དམངས་གཙོའི་མནའ་མཐུན་གྱི་ཀྲུའུ་ཞིའི་འགན་བཞེས། ལོ་དེའི་ཟླ10པར་ཀྲུང་གོའི་དམངས་གཙོའི་སྲིད་ཚོགས་མནའ་འབྲེལ་ཁྲོད་ཀྱི་ཀྲུང་དབྱང་ལག་བསྟར་ཨུ་ཡོན་ཚོགས་པའི་ཀྲུའུ་ཞི་དང་དམངས་གཙོའི་མནའ་འབྲེལ་སྐབས་དང་པོའི་ཀྲུང་དབྱང་ཨུ་ཡོན་གྱི་ཀྲུའུ་ཞིའི་འགན་བཞེས། སྤྱི་ལོ1949ལོའི་ཟླ9པར་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོལ་མོལ་ཚོགས་འདུའི་སྟེང་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བདམས། སྤྱི་ལོ1954ལོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་གཞོན་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་བདམས། སྤྱི་ལོ1955ལོའི་ཟླ2པའི་ཚེས9ཉིན་པེ་ཅིང་དུ་གཤེགས་སོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
张澜
མིང་གཞན་ལ།
ཟི་ཁྲོན་བྱང་ཕྱོགས་ཀྱི་འཕགས་པ།
རྒྱལ་ཁབ།
ཀྲུང་གོ
དད་མོས།
མི་སེར་དོན་གསུམ་རིང་ལུགས།
མ་ཡུམ་སློབ་གྲྭ
ཟི་ཁྲོན་གཙུག་ལག་སློབ་གླིང་།
མི་རིགས།
རྒྱ་རིགས།
ལས་རིགས།
དམངས་གཙོའི་གསར་བརྗེ་བ། སློབ་གསོ་བ།
སྐྱེས་ལོ།
སྤྱི་ལོ1872ལོའི་ཟླ4པའི་ཚེས2ཉིན།
འདས་ལོ།
སྤྱི་ལོ1955ལོའི་ཟླ2པའི་ཚེས9ཉིན།
1 མི་ཚེའི་དོན་ཆེན་གནད་བསྡུས། 
1_1 སློབ་སྦྱོང་དང་སློབ་ཁྲིད་ཀྱི་ལས་དོན།

སྤྱི་ལོ1872ལོའི་ཟླ4པའི་ཚེས2ཉིན། ཟི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ཀྲུང་ཧི་ཞང་དུ་སྐྱེས་ཤིང་། ཁོའི་ཕ་རྒན་ཀྲང་བུན་ཀྲོའོ་ཡིས་ཞིང་སྡེའི་དགེ་རྒན་གྱི་འགན་འཁུར་ཡོད་པས། ཀྲང་ལན་གྱིས་ཆུང་དུས་ནས་བཟུང་ཕ་རྒན་དང་མཉམ་དུ་སློབ་སྦྱོང་བྱེད་པའི་སྐལ་བ་ལྡན།

སྤྱི་ལོ1902ལོར་ཟི་ཁྲོན་གཙུག་ལག་སློབ་གླིང་དུ་ཟབ་སྦྱོང་ལ་ཞུགས།

སྤྱི་ལོ1903ལོར། འཇར་པན་དུ་སློབ་སྦྱོང་བྱེད་པར་མངགས་སྟེ། ཏུང་ཅིན་གཙུག་ལག་སློབ་གླིང་དགེ་འོས་ཚན་ཁག་ཏུ་ཞུགས།

སྤྱི་ལོ1904ལོར། ཆིང་སྲིད་གཞུང་གི་འཇར་པན་གཞུང་ཚབ་ཁང་གིས་ཁྲིད་དེ་རྒྱལ་ནང་དུ་ལོག་ནས། ཟི་ཁྲོན་བདེ་ཆེན་སྲིད་གཞུང་གི་གཞུང་བཙུགས་སློབ་འབྲིང་དུ་དགེ་རྒན་གྱི་ཕྱག་ལས་གནང་།

སྤྱི་ལོ1906ལོར། ཁྲིན་ཏུའུ་རུ་ཕེབས་ནས་ཟི་ཁྲོན་ཞིང་ཆེན་སྐོར་སྐྱོད་གྲ་སྒྲིག་སློབ་གྲྭར་སློབ་གཉེར་བྱས།

1_2 འགོ་ཁྲིད་ཀྱི་ལམ་སྲུང་བ།

སྤྱི་ལོ1911ལོར། ཁྲོན་ཏན་ལྕགས་ལམ་གྱི་མ་རྐང་འཇོག་མཁན་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་འགན་ཁུར་གནང་བ་དང་ཟི་ཁྲོན་གྱི་ལམ་སྲུང་བློ་མཐུན་གྲོས་ཚོགས་སྒྲིག་འཛུགས་བྱ་རྒྱུའི་གྲོས་འགོ་བཏོན་ནས་ཟི་ཁྲོན་མི་དམངས་ཀྱི་འགོ་ཁྲིད་དེ་ལམ་སྐྱོབ་ལས་འགུལ་སྤེལ། ཆིང་སྲིད་གཞུང་གི་རྒྱལ་འཚོང་ལ་ངོ་རྒོལ་བྱས་པ་དང་ཟི་ཁྲོན་ཡོངས་ཀྱི་མི་དམངས་ཀྱི་འོས་ལངས་ཆེན་པོར་སྐུལ་འདེད་བྱས་པས། ལྕགས་ཕག་ལོའི་གསར་བརྗེ་ཡི་མེ་ལྟ་ཐོག་མར་སྦར་མཁན་དུ་གྱུར་ཏེ་སུན་ཀྲུང་ཧྲན་གྱི་བསྟོད་བསྔགས་ཐོབ།

1_3 ལྡོག་པའི་ལམ་དུ་ཞུགས།

སྤྱི་ལོ1912ལོར། ཟི་ཁྲོན་དམག་དོན་སྲིད་གཞུང་གི་ཟི་ཁྲོན་བྱང་རྒྱུད་ཀྱི་ཁྱབ་བསྒྲགས་ཕོ་ཉའི་འགན་འཁུར།

སྤྱི་ལོ1913ལོར། ཀྲུང་ཧྭ་རྒྱལ་དམངས་རྒྱལ་ཚོགས་ཀྱི་གྲོས་ཚོགས་འོག་མའི་ཚོགས་མིར་བདམས།

སྤྱི་ལོ1917ལོར། གོ་གནས་འཕར་ཏེ་ཟི་ཁྲོན་ཞིང་ཆེན་གྱི་ཞིང་ཆེན་འགོ་གཙོའི་འགན་བཞེས།

1_4 རིག་གཞུང་གསར་བ་བཙུགས་པ།

སྤྱི་ལོ1920ལོར། ཁོང་གིས་པེ་ཅིང་དུ་ཟི་ཁྲོན་ཞིང་ཆེན་གྱི་འགོ་གཙོའི་མིང་ཐོག་ནས་པེ་དབྱང་སྲིད་གཞུང་གི་འགྲིམ་འགྲུལ་པུའུ་དང་གྲོས་མོལ་བྱས་ཏེ། ཁྲོན་ཧན་ལྕགས་ལམ་གྱི་མ་རྐང་སྐྱེད་ཀ་ཕྱིར་གཏོང་བྱས་ནས་པེ་ཅིང་དང་ཐེན་ཅིན་སོགས་ན་ཡོད་པའི་དཀའ་ཁག་ཆེ་བའི་ཟི་ཁྲོན་གྱི་སློབ་མར་རྒུད་སྐྱོབ་བྱས་པར་མ་ཟད། སྐྱེད་ཀ་ཁག་ཅིག་གིས་ཀྲུང་གོའི་ཁྲིམས་ལུགས་སློབ་གསོའི་ཚོགས་པའི་ཐེབས་རྩ་བྱས། དེ་མིན་ད་དུང་ཧྥ་རན་སི་སོགས་ན་སློབ་གཉེར་བྱེད་བཞིན་པའི་ཟི་ཁྲོན་གྱི་སློབ་མར་རོགས་སྐྱོར་བྱས་པ་དང་དེའི་ཁྲོད་ཀྱི་མི་འགའ་ཤས་རྗེས་སུ་ཀྲུང་གོ་གུང་ཁྲན་ཏང་གི་ཁོངས་མི་གལ་ཆེན་དུ་གྱུར་ཡོད། ལོ་དེར་ཁོང་ཉིད་ཟི་ཁྲོན་དུ་ལོག་ནས《དམངས་ཀྱིས་སྐྱོང་བའི་ཉིན་རེའི་ཚགས་པར》བཙུགས་པ་དང་། ཟླ་བརྒྱད་པར་ཁོང་གི་ཨ་མ་ནན་ཁྲུང་དུ་ཚེ་ལས་འདས་པས་ཁོང་གིས《ཞོགས་པའི་ཚགས་པར》སྟེང་དུ《མྱ་ངན་ཞུ་ཚིག་དཀྲོལ》ཞེས་པ་སྤེལ་བས། ལོ་དེའི་ཟླ12ཉིན་པེ་ཅིང་སྲིད་གཞུང་གིས་ཁོང་གི་ཞིང་ཆེན་འགོ་དཔོན་གྱི་གོ་གནས་མེད་པར་བཟོས། 

སྤྱི་ལོ1925ལོར། ཁོང་གིས་རྒྱལ་བཙུགས་ཁྲིན་ཏུའུ་སློབ་ཆེན་གྱི་སློབ་གཙོའི་འགན་ཁུར་སྟེ། སློབ་རའི་ནང་དུ་ཤེས་ཡོན་ཁོ་ན་སྤྱོད་རྒྱུ་རྒྱུན་འཁྱོངས་དང་རང་དབང་གི་བསམ་བློའི་རིག་གཞུང་དར་སྤེལ་བྱས་ཏེ། སློབ་གྲྭའི་ནང་དུ་ཕྱོགས་ཁག་གསུམ་བཙུགས་ནས། རང་མོས་ཀྱིས་འགྲན་རྩོད་བྱེད་དུ་བཅུག དེ་མིན་ད་དུང《ཚན་རིག་གི་བསམ་བློ》ཞེས་པའི་སློབ་རྭའི་དུས་དེབ་བཏོན་ཞིང་སྔོན་ཐོན་མི་སྣ་གདན་འདྲེན་ཞུས་ནས་རྩོམ་ཡིག་བྲིས་ཏེ་ཚན་རིག་དང་དམངས་གཙོ་དར་སྤེལ་བཏང་བས། སྐབས་ཤིག་ལ་ལྷོ་ནུབ་རྒྱུད་ཀྱི་གསར་བརྗེའི་ས་བོན་ཁྱབ་སྤེལ་གྱི་ལྡུམ་རྭ་གལ་ཆེན་ཞིག་ཏུ་གྱུར་རོ། །

སྤྱི་ལོ1930ལོར། རྒྱལ་དམངས་ཏང་གི་བསམ་བློ་འགོག་གནོན་དང་རིག་གཞུང་ཞིབ་འཇུག་གི་དབང་ལ་རྒོལ་གཏམ་གཏོང་ཆེད་ཆབ་སྲིད་ལས་གནས་ལས་ཕྱིར་འབུད་བྱས་ཏེ། ནན་ཁྲུང་དུ་སོང་ནས་མུ་མཐུད་དུ་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་བྱས།

1_5 དམངས་གཙོའི་མནའ་མཐུན་བཙུགས་པ།

སྤྱི་ལོ1934ལོར།  ཟི་ཁྲོན་ཞིང་ཆེན་སྲིད་གཞུང་ཀྲུའུ་ཞི་ལུའུ་ཞང་ལགས་ཀྱིས་ཡང་བསྐྱར་ཟི་ཁྲོན་སེམས་གསོ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་གདན་འདྲེན་ཞུས།

སྤྱི་ལོ1937ལོར་འཇར་འགོག་དམག་འཁྲུག་ལངས་པས། ཀྲང་ལན་ལགས་རྒྱལ་དམངས་སྲིད་ཞུགས་ལྷན་ཚོགས་ཀྱི་སྲིད་ཞུགས་པ་བྱས་ནས་འཇར་འགོག་དམངས་གཙོའི་ལས་འགུལ་ནང་ཐེངས་མང་ཞུགས།

སྤྱི་ལོ1941ལོར། ཀྲུང་གོའི་དམངས་གཙོ་སྲིད་ཚོགས་ཀྱི་མནའ་མཐུན་རྩ་འཛུགས་བྱེད་པའི་ནང་ཞུགས་ཏེ། ཀྲུང་དབྱང་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་བདམས། དེ་ནས་མུ་མཐུད་དུ་མི་དམངས་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞིར་བདམས།

སྤྱི་ལོ1944ལོར། ཀྲུང་གོའི་དམངས་གཙོའི་སྲིད་ཚོགས་མནའ་མཐུན་དེ་ཀྲུང་གོའི་དམངས་གཙོའི་མནའ་མཐུན་དུ་བསྒྱུར་ནས་མུ་མཐུད་དུ་ཀྲུའུ་ཞིའི་འགན་བཞེས་པ་དང་། ཁོང་གིས་སྣེ་ཁྲིད་བྱས་པའི་དམངས་གཙོའི་མནའ་མཐུན་དེ་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་ལ་རྒྱབ་སྐྱོར་དང་འཇར་འགོག་རྒྱུན་འཁྱོངས། འགོ་འདོགས་པར་ངོ་རྒོལ། མཐུན་སྒྲིལ་རྒྱུན་འཁྱོངས། ཁ་བྲལ་ལ་ངོ་རྒོལ། མདུན་སྐྱོད་པར་རྒྱུན་འཁྱོངས། ཕྱི་ནུར་བྱེད་པར་ངོ་རྒོལ་བཅས་ཡིན།

1_6 དམངས་གཙོར་ནུས་ཤུགས་བཏོན་པ།

སྤྱི་ལོ1946ལོའི་ཟླ1པོར་ཀྲུང་གོའི་དམངས་གཙོའི་མནའ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་ཁྲུང་ཆིང་ནས་འཚོགས་པའི་ཆབ་སྲིད་གྲོལ་མོལ་ཚོགས་འདུ་ལ་ཞུགས་པ་དང་། ལོ་དེའི་ཟླ11པར་དམངས་གཙོའི་མནའ་མཐུན་སྤྱི་ཁྱབ་པུའུ་འགོ་ཁྲིད་ཀྱིས་གསལ་བསྒྲགས་སྤེལ་ཏེ། རྒྱལ་དམངས་ཏང་གིས་སྐོང་འཚོགས་བྱས་པའི“རྒྱལ་དམངས་ཚོགས་ཆེན”ལ་ཞུགས་རྒྱུ་ཁས་མ་བླངས་པས། དེ་རྗེས་རྒྱལ་དམངས་ཏང་གིས་དམངས་གཙོའི་མནའ་མཐུན་ཚོགས་པར“ཁྲིམས་འགལ་གྱི་ཚོགས་པ”ཞེས་བསྒྲགས་སོ། །

སྤྱི་ལོ1948ལོའི་ལོ་སྟོད་དུ་ཀྲང་ཅིན་རའོ་སོགས་ཀྱིས་ཧོང་ཀོང་ནས་ཀྲུང་ཁྲན་ཏང་ལ་མཉམ་འབྲེལ་བྱེད་སའི་སྤྱི་ཁྱབ་པུའུ་གསར་དུ་བཙུགས་ནས་ཆབ་སྲིད་ཀྱི་བགྲོད་ལམ་གསར་ཞིག་ལག་བསྟར་བྱས་པས། ཁོང་གིས་ཆབ་སྲིད་སྟེང་ནས་རྒྱབ་སྐྱོར་བྱས་ཡོད་པར་མ་ཟད། དཔལ་འབྱོར་སྟེང་ནས་ཀྱང་མཐུན་རྐྱེན་གང་ལེགས་གནང་ཡོད་དོ། །

1_7 སྲིད་ཞུགས་གྲོས་མོལ།

སྤྱི་ལོ1949ལོའི་ཟླ6པར་ཁོང་ཉིད་ཧྲང་ཧེ་ནས་པེ་ཅིང་དུ་འབྱོར་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཛུགས་པའི་གྲ་སྒྲིག་བྱ་བའི་ཁྲོད་ཞུགས་པ་དང་། ལོ་དེའི་ཟླ9པར་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོལ་མོལ་ཚོགས་འདུ་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་སུ་ཞུགས་ཤིང་། ཁོང་ཉིད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་དང་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོལ་མོལ་ཨུ་ཡོན་ལྷན་ཚོགས་ཀྱི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དུ་བདམས།  ལོ་དེའི་ཟླ12པའི་ཚེས27ཉིན་དམངས་གཙོའི་མནའ་མཐུན་ཚོགས་པའི་སྐབས་དང་པོའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་མུ་མཐུད་དུ་ཀྲུའུ་ཞིར་བདམས་སོ། །

སྤྱི་ལོ1954ལོའི9པར་ཁོང་གིས《རང་རྒྱལ་གྱི་མི་དམངས་རྩ་ཁྲིམས་ཐོག་མ་གཏན་འབེབས་བྱ་ཆེད་འབད་པ་བྱ་དགོས》ཞེས་པའི་རྩོམ་ཡིག་སྤེལ་ཞིང་། དེ་ནི་ཀྲུང་གོ་གསར་བ་བཙུགས་རྗེས་ཀྱི་རྩ་ཁྲིམས་ཀྱི་ཐོག་མའི་རྨང་གཞི་ཡིན་ལ། ལོ་དེའི་ཟླ9པའི་ཚེས15ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོ་འཚོགས་པ་དང་ཁོང་ཉིད་ཀྲུའུ་ཞི་ཚོགས་པའི་ཚོགས་མི་དང་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་རུ་བདམས། ལོ་མཇུག་ལ་ཁོང་ཉིད་རྒྱལ་ཡོངས་དམངས་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པར་བདམས་སོ། །

སྤྱི་ལོ1955ལོར། ནད་ཀྱིས་དབང་གིས་པེ་ཅིང་དུ་སྐུ་གཤེགས་པ་དང་སྐབས་དེར་དགུང་ལོ83ཡིན་ནོ། །


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-10-29

གསར་སྤེལ་མཁན། :ལ་ཁ་གནམ་ལྷ་ཚེ་རིང

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།