བཟོ་ཞིང་མནའ་འབྲེལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བཟོ་ཞིང་མནའ་འབྲེལ།
བཟོ་ཞིང་མནའ་འབྲེལ་ནི་བཟོ་བའི་གྲལ་རིམ་དེ་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་ཁྲོད་ཞུགས་ཏེ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཁྲོད་ཞིང་བ་ངལ་རྩོལ་པ་དང་ཆབས་ཅིག་ཏུ་ཀྲུང་གོ་གུང་ཁྲན་ཏང་གི་མཛུབ་ཁྲིད་འོག་གསར་བརྗེ་ཡི་མནའ་འབྲེལ་ཆགས་པ་ཞིག་ཡིན་ནོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
工农联盟
ཕྱི་ཡིག་གི་མིང་།
Alliance of workers and peasants
ཚབ་མཚོན་མི་སྣ།
མར་ཁེ་སི།
དགོངས་དོན།
འཐབ་ཕྱོགས་གཅིག་གྱུར།
ལྟ་བ་བཏོན་པའི་ལོ།
སྤྱི་ལོ1848
1 ​བཟོ་ཞིང་མནའ་འབྲེལ།

གསར་བརྗེ་ཡི་ཁྲོད་དུ་བཟོ་བ་གྲལ་རིམ་ནི་ཞིང་བའི་རྒྱབ་སྐྱོར་ཁོ་ནར་བསྟེན་ཏེ་ད་གཟོད་རྒྱལ་ཁ་བླངས་པ་ཡིན་ལ། ཞིང་བ་ཡང་བཟོ་བ་གྲལ་རིམ་གྱི་འགོ་ཁྲིད་འོག་ད་གཟོད་བཅིངས་འགྲོལ་བྱས་པ་ཡིན།  ལེ་ཉིན་གྱིས་ཨུ་རུ་སུ་ཡི་གསར་བརྗེ་ལ་སྣེ་ཁྲིད་བྱེད་དུས་བཟོ་ཞིང་མནའ་འབྲེལ་གྱི་དགོངས་དོན་ལག་བསྟར་བྱས་པ་ཡིན། མའོ་ཙེ་ཏུང་གིས་ཀྲུང་གོའི་གསར་བརྗེ་མཛུབ་སྟོན་བྱེད་དུས་གོམ་གང་མདུན་སྤོས་ཀྱིས་བཟོ་ཞིང་མནའ་འབྲེལ་གྱི་དགོངས་དོན་ལ་གསལ་ཁ་བཀྲམ་ཞིང་།  འཐབ་ཕྱོགས་གཅིག་གྱུར་གྱི་གཞུང་ལུགས་བཏོན་ནོ། །

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ནང་དུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་བཟོ་བའི་གྲལ་རིམ་གྱི་འགོ་ཁྲིད་འོག་བཟོ་ཞིང་མནའ་འབྲེལ་གྱི་རྨང་གཞིའི་སྟེང་བཙུགས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་གཏན་འཁེལ་བྱས་ཡོད་དོ། །

2 མཚན་ཉིད།

བཟོ་ཞིང་མནའ་འབྲེལ་ནི་ཆབ་སྲིད་ཀྱི་མིང་ཚིག་ཅིག་ཡིན་ཏེ། བཟོ་བ་གྲལ་རིམ་དང་ཞིང་བ་གྲལ་རིམ་ལ་བཤུ་གཞོག་གྲལ་རིམ་གྱི་གཉའ་གནོན་དང་བཙན་ཤུགས་ཕོག་པས། ཐུན་མོང་གི་གསར་བརྗེའི་བླང་བྱ་དང་གཞི་རྩའི་ཁེ་ཕན་ཡོད་པ་ཞིག་ལ་ཟེར་བ་དང་།  མདོར་ན་བཟོ་ཞིང་མནའ་འབྲེལ་ནི་འཐབ་ཕྱོགས་གཅིག་གྱུར་གྱི་རྨང་གཞི་ཡིན་ལ། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྨང་གཞི་ཡིན་ནོ། །

3 ལག་བསྟར་གྱི་རྨང་གཞི།

གཅིག  ཀྲུང་གོའི་གསར་བརྗེ་དུས་སྐབས་ཀྱི་བཟོ་ཞིང་མནའ་འབྲེལ་གྱི་ལག་བསྟར་རྨང་གཞི།

གཉིས། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དུས་སྐབས་ཀྱི་བཟོ་ཞིང་མནའ་འབྲེལ་གྱི་རྨང་གཞི།

4 གལ་ཆེའི་དགོངས་དོན།

མའོ་ཙེ་ཏུང་གི་བཟོ་ཞིང་མནའ་འབྲེལ་གྱི་དགོངས་དོན་ནི་རིག་གཞུང་མ་ལག་ཆ་ཚང་བ་ཞིག་ཡིན་ཏེ། དེའི་ནང་དུ་བཟོ་ཞིང་བཟོ་ཞིང་མནའ་འབྲེལ་ནི་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་གྱི་གཞི་རྩའི་སྟོབས་ཤུགས་ཡིན་པ། བཟོ་ཞིང་མནའ་འབྲེལ་ཁྲོད་ཀྱི་བཟོ་བའི་གྲལ་རིམ་དང་དེའི་སྲིད་ཏང་གི་འགོ་ཁྲིད་ཀྱི་གོ་གནས་མཐའ་འཁྱོངས་བྱ་རྒྱུ། བཟོ་ཞིང་མནའ་འབྲེལ་ནི་འཐབ་ཕྱོགས་གཅིག་གྱུར་གྱི་རྨང་གཞི་གལ་ཆེན་ཡིན་པ་དང་། བཟོ་ཞིང་མནའ་འབྲེལ་ནི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་ཆབ་སྲིད་ཀྱི་རྨང་གཞི་ཡིན་པ། བཟོ་ཞིང་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་པར་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཁྱད་པར་རིམ་བཞིན་ཆུང་དུ་གཏོང་དགོས་སོ། །


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-10-30

གསར་སྤེལ་མཁན། :ལ་ཁ་གནམ་ལྷ་ཚེ་རིང

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།