སེར་བ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

སེར་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དག་ཡིག )

མཁའ་དབྱིབས་ཀྱི་སྤྲིན་ནང་གི་ཆུ་རྡུལ་ཕྲ་མོ་རྣམས་གྲང་བ་དང་འཕྲད་ནས་ཆབ་རོམ་རྡོག་པོར་གྱུར་ནས་མར་བབས་པ་ལ་སེར་བ་ཟེར།
1 ལོ་ཙཱ།

རྒྱ་ཡིག 雹,冰雹

དབྱིན་ཡིག hail

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  མཁའ་དབྱིབས་ཀྱི་སྤྲིན་ནང་གི་ཆུ་རྡུལ་ཕྲ་མོ་རྣམས་གྲང་བ་དང་འཕྲད་ནས་ཆབ་རོམ་རྡོག་པོར་གྱུར་ནས་མར་བབས་པ་ལ་སེར་བ་ཟེར། ཚིག་བསྡུས་ན་སེར་ཞེས་འབྲི་ཆོག་སྟེ། སད་སེར་ཐན་གསུམ་བཀག་ནས་ལོ་ལེགས་ལེན་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།  སེ་ར་སྟོན་ཐོག་དགྲ་རྡོ་ཆར།  雹子。

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  སྤྲིན་གྱི་རྡོའམ། སྐྱིན་ཐང༌། 名词。雹,冰雹:སེར་བ་འབབ་པ། 下雹。སེར་བ་སྲུང་ཐབས། 防雹法。ད་ལོ་སེར་བའི་གནོད་པ་ཕྲ་མོ་ཙམ་ཡང་མ་བྱུང༌། 今年毫无雹灾。ཕྱི་དགྲ་ལྕགས་ནག་གི་སེར་བ་འདྲ། ནང་དགྲ་ཁང་རྒན་གྱི་ཐིགས་ཆུ་འདྲ། 外敌如铁铸的冰雹,内敌如老屋的雨滴。མིང་གི་རྣམ་གྲངས་ལ་ཆུ་མཁྲེགས་དང༌། རྡོ་ཡི་ཆར། སྤྲིན་གྱི་ཀ་བ། སྤྲིན་གྱི་གོང་བུ། སྤྲིན་གྱི་རྡོ། སྤྲིན་གྱི་རུས་པ། ལོ་ཐོག་གཤེད་བཅས་སོ། །

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ནམ་མཁའ་ནས་ཆར་བ་འཁྱགས་པ་རུ་གྱུར་ནས་འབབ་པའི་འཁྱགས་རིལ།  དཔེར་ན། སེར་བ་བབས་ནས་ལོ་ཐོག་བཅོམ། དེ་རིང་སེར་བ་འབབ་ཀྱིན་འདུག་ལྟ་བུ། མིང་གི་རྣམ་གྲངས། ཀ་ར་ཀཱ། ཆུ་མཁྲེགས། རྡོ་ཆར། རྡོ་རྗེའི་ཆར་བ། རྡོ་རྗེའི་ཟེགས་མ། སྤྲིན་གྱི་ཀ་བ། སྤྲིན་གྱི་གོང་བུ། སྤྲིན་གྱི་རྡོ། སྤྲིན་གྱི་རུས་པ། སྟོན་ཐོག་དགྲ། ལོ་ཏོག་གཤེད། སྐྱིན་ཐང་།

རྒྱན་ཚིག སེར་པོ་ཡི་བསྡུར་རིམ་གཉིས་པ། ལྗང་གུ་དང་དམར་པོ་བསྲེས་པའི་ཁ་དོག་སྟེ། སྒོ་ངའི་དཀྱིལ་སྙིང་དང་གསེར་གྱི་མདོག་ལྟ་བུ། དཔེར་ན། ཁྱེད་ཀྱི་སྐྲ་ལས་ངའི་སྐྲ་སེར་བ། ངའི་མིག་ལས་ཁྱེད་ཀྱི་མིག་སེར་བ་ལྟ་བུ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-02-28

གསར་སྤེལ་མཁན། :ཆོས་དབྱིངས།འཕགས་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།