ཤར་ཐི་མོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཤར་ཐི་མོར།
ཤར་ཐི་མོར་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1.4874ཡོད་པ་དང་། མི་གྲངས་ཕལ་ཆེར་ཁྲི78ཡོད། རྒྱལ་ས་ནི་དྷི་ལི་ཡིན། སྲིད་འཛིན་ས་ཁུལ་ལ་ཆུས13ཡོད་པ་དང་། དྷི་ལི་ནི་ཆེས་ཆེ་བའི་ཆུས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
东帝汶民主共和国
ཕྱི་ཡིག་གི་མིང་།
Democratic Republic of Timor-Leste
རྒྱལ་ས།
དྷི་ལི།
མངའ་ཁོངས་རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི1.4874
མི་གྲངས།
ཁྲི78
དངུལ་ལོ།
ཨ་རིའི་དངུལ་སྒོར།
1 ​ས་བབ་གནས་ཚུལ།

དེ་ཞི་བདེ་རྒྱ་མཚོའི་དབུས་ཁུལ་དུ་ཡོད་པ་དང་། ཡ་གླིང་ཤར་ལྷོའི་ནོའུ་ཧྲ་ཏིན་ཅ་གླིང་ཚོམ་གྱི་ཤར་ལྷོ་རུ་མཆིས། ས་ཁོངས་ལ་ཤར་ཐི་མོར་གླིང་ཕྲན་གྱི་ཤར་ཁུལ་དང་། ནུབ་ཁུལ་གྱི་མཚོ་ངོགས་བྱང་རྒྱུད་ཀྱི་ཨོ་ཁུའུ་ཞི་ས་ཁུལ་བཅས་དང་།  དེའི་ཉེ་འཁོར་གྱི་ཨ་ཐོ་ལོ་གླིང་ཕྲན་སོགས་ཡོད། ཐི་མོར་ནི་ཧིན་ཉིའི་ཤར་ཕྱོགས་ཀྱི་སྤྱི་ལེ2090མཚམས་སུ་ཡོད་པ་དང་ཧིན་ཉིའི་ནུབ་ཐི་མོར་དང་འབྲེལ་ནས་ཡོད།

ནམ་ཟླ་ནི་ཚ་ཁུལ་གྱི་ཆར་ཆུ་མོད་པའི་གནམ་གཤིས་སུ་གཏོགས་མོད། བདེ་ཐང་དང་གཞོངས་ས་ནི་ཚ་ཁུལ་རྩྭ་ཐང་གི་ནམ་ཟླ་ཡིན། ལོ་རེར་ཆ་སྙོམས་ཀྱི་དྲོད་ཚད25℃~26℃ཡིན་པ་དང་། ལོ་རེའི་ཆར་ཆུ་འབབ་ཚད་ཆ་སྙོམས་ཀྱི་ཧོ་སྨི2000ལྷག་ཡིན།

ཤར་ཐི་མོར་ཞེས་པའི་མིང་ཐོགས་ཚུལ་ནི་ནོའུ་ཧྲ་ཏིན་ཅ་ལ་གླིང་ཚོམ་གྱི་ཤར་ཕྱོགས་སུ་མཆིས་པས་མིང་ཡང་ས་བབ་དང་བསྟུན་ནས་ཐོགས་པར་བཤད།

2 མི་གྲངས་དང་མི་རིགས།

མི་རིགས10ལྷག་ཡོད་པ་དང་། མི་གྲངས78%ནི་ཤར་ཐི་མོར་གྱི་གཞིས་སྡོད་མི་ཡིན། མང་ཆེ་བ་ནི་པ་པུའུ་ཡའི་མི་དང་། པོ་ལིས་ཉི་ཞི་ཡ་ཡི་མི། མ་ལེའི་མི་བཅས་འདྲེས་པའི་མི་རྒྱུད་ཡིན། མི20%ནི་མེ་ལ་ཉི་ཞི་ཡའི་མི་ཡིན། ཀྲུང་གོའི་མིས་སྤྱིའི་མི་གྲངས་ཀྱི2%ཟིན།

3 སྐད་ཆ་དང་ཆོས་ལུགས།

ཏི་ཏུང་སྐད་དང་ཕོར་ཐུ་གལ་གྱི་སྐད་ནི་སྲིད་གཞུང་གིས་སྤྱོད་པའི་སྐད་ཆ་ཡིན་པ་དང་། སྡོད་དམངས60%ཡིས་ཏི་ཏུང་སྐད་སྤྱོད་པ་ཡིན། དེའི་ནང་སྡོད་དམངས10%ཡིས་ཕོར་ཐུ་གལ་གྱི་སྐད་བེད་སྤྱོད་བྱེད། སྡོད་དམངས91.4ཡིས་རོ་མའི་གནམ་བདག་ཆོས་ལུགས་ལ་དད་པ་བྱེད་པ་དང་། ཁ་ཤས་ཀྱིས་ཡེ་ཤུའི་ཆོས་ལུགས་དང་ཨི་སི་ལམ་ཆོས་ལུགས། སངས་རྒྱས་ཆོས་ལུགས་བཅས་ལ་དད་པ་བྱེད།

4 ཆབ་སྲིད་དང་དཔལ་འབྱོར།

རྩ་ཁྲིམས། སྤྱི་ལོ2002ལོའི་ཟླ3པའི་ཚེས22ཉིན། 《ཤར་ཐི་མོར་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》གཏན་འབེབས་ཀྱིས་ཁྱབ་བསྒྲགས་བྱས་པ་དང་། རྩ་ཁྲིམས་སུ་ཙུང་ཐུང་དང་གྲོས་ཚོགས། སྲིད་གཞུང་། ཁྲིམས་ཁང་བཅས་ཀྱིས་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་གྲུབ་པར་གཏན་ཁེལ་བྱས།

ཙུང་ཐུང་། རྒྱལ་ཁབ་ཀྱི་གཙོ་འཛིན་དང་དྲག་ཆས་དམག་དཔུང་གི་ཆེས་མཐོའི་མགོ་ཁྲིད་ཡིན་པ་དང་། དེ་དམངས་གཙོ་ཡོངས་ཀྱིས་འདེམ་བསྐོ་བྱ་དགོས་ལ། འགན་ཡུན་ལོ5ཡིན།

གྲོས་ཚོགས། དེར་རྒྱལ་དམངས་གྲོས་ཚོགས་ཀྱང་ཟེར། ཁྲིམས་སྲོལ་གཏན་འབེབས་དང་ལྟ་རྟོག་ཆབ་སྲིད་ཀྱི་སྲིད་ཇུས་གཏན་འབེབས་སོགས་ཀྱི་དབང་ཆ་ལྡན་ཞིང་། གྲོས་མི་འདེམ་དགོས་པ་དང་འགན་ཡུན་ནི་ལོ5ཡིན།

སྲིད་གཞུང་། ཙུང་ལི་ནི་སྲིད་གཞུང་གི་གཙོ་འཛིན་ཡིན་ཞིང་། གྲོས་ཚོགས་ཁྲོད་ཀྱི་མི་སྣ་མང་བའི་ཏང་ཁག་དང་ཏང་ཁག་མང་བོ་མཉམ་འབྲེལ་གྱིས་གཏན་ཁེལ་བྱ་དགོས་པ་ཡིན། དེ་ཙུང་ཐུང་གིས་བསྐོ་དགོས་སོ།།

དཔལ་འབྱོར་ནི་རྗེས་ལུས་ཡིན་པ་དང་ཁོ་ཧྥེ་དང་མ་རྨོས་ལོ་ཏོག་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡོང་ཁུངས་ཡིན། རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས་པ་མངའ་བས། ལོ་རེར་རྒྱལ་ཁབ་ལ་དཔལ་འབྱོར་གྱི་ཡོང་སྒོ་ཨ་རིའི་དངུལ་སྒོར་ཁྲི5000ལྷག་གི་ཡོང་སྒོ་བསྐྲུན། དངུལ་ལོ་ནི་ཨ་རིའི་དངུལ་སྒོར་ཡིན།


བརྡ་འགྲེལ་གདོང་འཛར།

རྒྱལ་ཁབ། མི་རིགས། ཆབ་སྲིད།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-04

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།