ཨར་མེ་ཉི་ཡ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨར་མེ་ཉི་ཡ།
ཨར་མེ་ཉི་ཡ་རྒྱལ་ཁབ་སྟེ། མངའ་ཁོངས་ལ་སྤྱི་ལེ་གྲུ་བཞི་མ་ཁྲི2.98ཡོད་པ་དང་མི་གྲངས་ཁྲི321.8མཆིས། རྒྱལ་ས་ནི་ཡེ་རེ་ཝན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
亚美尼亚共和国
ཕྱི་ཡིག་གི་མིང་།
The Republic of Armenia
རྒྱལ་ས།
ཡེ་རེ་ཝན།
མངའ་ཁོངས་རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི2.98
མི་གྲངས།
ཁྲི321.8
1 ས་བབ་གནས་ཚུལ།

རྒྱལ་ཁབ་དེ་ནི་ཀོ་ཅ་སོ་ཡི་ལྷོ་ཁུལ་དུ་ཡོད་པ་དང་། ལྷོ་ནི་ཏ་ཟིག་དང་འབྲེལ་ལ། ནུབ་ཕྱོགས་སུ་ཐུར་ཆི་དང་འདབས་འབྲེལ་ཞིང་བྱང་ཕྱོགས་སུ་འཇོར་ཇི་ཡ་དང་འབྲེལ། ཤར་ཕྱོགས་སུ་ཨ་ཟེར་བྷེ་ཇན་དང་འབྲེལ་ཡོད།

རི་བོ་མང་བའི་རྒྱལ་ཁབ་ཅིག་སྟེ། ཨན་ན་ཐོ་ཧྲན་རི་བོ་དང་ཏ་ཟིག་རི་བོ་གཉིས་ཀྱི་བར་དུ་གནས་པ་དང་། ས་བབ་ནི་ཨར་མེ་ཉི་ཡ་མཐོ་སྒང་ཡིན་ལ། ཀོ་ཅ་སོ་རི་བོ་ཆུང་བའི་རི་རྒྱུད་ཀྱིས་བསྐོར་ནས་ཡོད། མངའ་ཁོངས་ཡོངས་ཀྱི90%ཡན་གྱི་ས་ཁུལ་ནི་མཚོ་ངོས་ལས་མཐོ་ཚད་ལ་སྨི1000ཡན་མཐོ་བ་དང་། ཆ་སྙོམས་ཀྱི་མཐོ་ཚད་ལ་སྨི1800ཡིན། རི་བོ་མཐོན་པོ་ལ་ཨ་ལ་ཐི་རི་བོ་དང་ཡ་ལ་ལ་རི་བོ་གཉིས་ཡོད། ཆེས་མཐོ་བ་ནི་ཡ་ལ་ལ་རི་བོ་ཡིན་ཏེ། མཚོ་ངོས་ལས་སྨི5165ཡོད།

ནམ་ཟླ་ནི་ཡ་གླིང་གི་ཚ་ཁུལ་དུ་གཏོགས་པ་དང་། ས་གཤིས་དང་སྐྱེ་དངོས་ལ་མཐོ་སྒང་ས་ཁུལ་ཀྱི་ཁྱད་ཆོས་ལྡན། རི་བོའི་ཞོལ་དུ་ལོ་རེའི་ཆ་སྙོམས་ཀྱི་ཆ་འབབ་ཚད་ནི་ཧོ་སྨི200~400ཡིན་པ་དང་། རི་ཁུལ་དུ་ལོ་རེའི་ཆ་སྙོམས་ཀྱི་ཆར་འབབ་ཚད་ཧོ་སྨི800ལ་སླེབས། 

གཙང་བོ་རུ་གཙོ་བོ་ཨ་ལ་ཁི་སི་ཆུ་བོ་ཡོད་པ་དང་ཆེས་ཆེ་བའི་མཚེའུ་ནི་སེ་ཧྥན་མཚེའུ་ཡིན། ནགས་ཚལ་གྱི་ཁེབས་རྒྱ་ནི་རྒྱལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི10%བཟུང་ཡོད།

གཏེར་ཀའི་ཐོན་ཁུངས་གཙོ་བོ་ལ་མདོག་ལྡན་ལྕགས་རིགས་ཏེ། དཔེར་ན་ཟངས་དང་མོལ། ལྕགས་རིགས་སྣ་མང་གི་གཏེར་ཁ། རྡོ་ཕྲ་བཅས་ཡོད།

ཨར་མེ་ཉི་ཡ་ཞེས་པའི་མིང་ཐོགས་ཚུལ་ནི། མི་རིགས་ཀྱི་མིང་དེ་རྒྱལ་ཁབ་ཀྱི་མིང་དུ་ཐོགས་པ་དང་དེ་ནི་གནའ་བོའི་ཚོ་བ་ཞིག་གི་མིང་དུ་བཤད།

2 མི་གྲངས་དང་མི་རིགས།

གྲོང་ཁྱེར་གྱི་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི68%བཟུང་ཡོད་པ་དང་མི་གྲངས་ཧྲིལ་བོའི་ཁྲོད་ཀྱི་མི་གྲངས45%རྒྱལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི6.5%ཟིན་པའི་ཨ་ལ་ཐི་གཞོངས་ས་རུ་འདུས་སྡོད་བྱས་ཡོད།

མངའ་ཁོངས་ནང་གི་མི་གྲངས་ཆེས་མང་བའི་ཨར་མེ་ཉི་ཡའི་མི་ནི་འཛམ་གླིང་གི་ཆེས་གནའ་བོའི་མི་རིགས་ཤིག་ཡིན་པ་དང་སྤྱིའི་མི་གྲངས་ལས93%བཟུང་ལ། ཨ་ཡུས་མི་ཞེས་བརྗོད་པ་དང་དེ་ཐོག་མར་ཀོ་ཅ་སོ་ཡི་གཞིས་འཛིན་པ་ཡིན་ཞིང་། ཕྱིས་སུ་སྔ་རྗེས་སུ་ས་གནས་དེའི་ཅིན་མེ་ལིས་ཡའི་མི་དང་སི་ཅིས་ཐེའི་མི། ཨན་ཞིས་མི་དང་རིམ་བཞིན་འདྲེས་པར་གྱུར། སྤྱི་ལོ་སྔོན་གྱི་དུས་རབས4པ་རུ་ཕལ་ཆེར་ཨར་མེ་ཉི་ཡ་རིགས་ཆགས་པར་གྱུར། ཨ་ཟེར་བྷེ་ཇན་གྱི་མིས་སྤྱིའི་མི་གྲངས་ཀྱི3%ཟིན་པ་དང་ཁུའུ་ཨར་ཏི་རིགས་ཀྱིས་སྤྱིའི་མི་གྲངས་ཀྱི2%བཟུང་བ་དང་ཨུ་རུ་སུ་ཡི་མིས་སྤྱིའི་མི་གྲངས་ཀྱི2%བཟུང་ཡོད།

3 སྐད་ཆ་དང་ཆོས་ལུགས།

ཨར་མེ་ཉི་ཡའི་སྐད་ནི་རྒྱལ་ཁབ་ཀྱི་སྐད་དང་སྐད་ཁོངས་ནི་རྒྱ་གར་དང་ཡོ་རབ་གླིང་གི་སྐད་ཁོངས་སུ་གཏོགས། ཡི་གེ་ནི་སྒྲ་གདངས་སྟོན་པའི་ཡིག་རིགས་ཤིག་ཡིན། ཡི་གེའི་གསལ་བྱེད་ནི་སྤྱི་ལོ405ལོར་གྷི་རི་སིའི་ཡི་གེ་དང་བྱང་ཨ་སྨི་ཡི་གེར་རྨང་གཞི་བྱས་ནས་གསར་གཏོད་མཛད་པ་དང་གཡོན་ནས་གཡས་སུ་ཀློག་དགོས་ལ། འཛམ་གླིང་གི་ཆེས་གནའ་བོའི་ཡིག་རིགས་ཤིག་ཡིན།

ཨར་མེ་ཉི་ཡ་ཡི་མི་ཕལ་ཆེ་བས་ཡེ་ཤུའི་ཆོས་ལུགས་ལ་དད་མོས་བྱེད་དེ། སྤྱི་ལོ1301ལོར་ཨར་མེ་ཉི་ཡ་རྒྱལ་ཁབ་ཀྱིས་དངོས་སུ་ཡེ་ཤུའི་ཆོས་ལུགས་ནི་རྒྱལ་ཁབ་ཀྱི་ཆོས་ལུགས་སུ་བསྒྱུར་བར་གསལ་བསྒྲགས་བྱས་པས། འཛམ་གླིང་སྟེང་ཡེ་ཤུའི་ཆོས་ལུགས་རྒྱལ་ཆོས་སུ་བསྒྱུར་བའི་རྒྱལ་ཁབ་ཨང་དང་པོར་གྱུར་པ་དང་། ཡེ་ཤུའི་ཆོས་ལུགས་དེ་རོ་མ་བཙན་རྒྱལ་གྱི་མངའ་ཁོངས་སུ་ཁྲིམས་མཐུན་དུ་བསྒྱུར་བ་དང་བསྡུར་ན་ད་དུང་ལོ12ཀྱིས་སྔ་བ་ཡིན།

4 ཆབ་སྲིད་དང་དཔལ་འབྱོར།

ཙུང་ཐུང་། ཙུང་ཐུང་ནི་རྒྱལ་ཁབ་ཀྱི་གཙོ་འཛིན་དང་སྲིད་གཞུང་གི་མགོ་གཙོ་ཡིན། ཁོས་རྒྱལ་ཁབ་ཀྱི་ཆེས་མཐོའི་སྲིད་དབང་འཛིན་པ་དང་འབངས་ཡོངས་ཀྱིས་འདེམས་བསྐོ་བྱ་དགོས་པ་ཡིན།

གྲོས་ཚོགས། རྒྱལ་དམངས་གྲོས་ཚོགས་ཀྱང་ཟེར། ཆེས་མཐོ་བའི་དབང་འཛིན་ལས་ཁུངས་ཡིན་པ་དང་ཁྲིམས་ལུགས་གཏན་ཁེལ་དང་སྲིད་དོན་ལྟ་རྟོག་བྱ་དགོས་པ་ཡིན། འགན་ཡུན་ལོ4ཡིན།

སྲིད་གཞུང་། པུའུ་ཀྲང་གྲོས་ཚོགས་ཏེ་ནང་སྲིད་ལས་ཁུངས་ཡིན་པ་དང་། རྒྱལ་ཁབ་ཀྱི་ཆེས་མཐོ་བའི་སྲིད་འཛིན་ལས་ཁུངས་ཡིན་ལ། ཙུང་ཐུང་གི་ཐད་ཀར་མགོ་ཁྲིད་བྱས་ནས་ཙུང་ལི་དང་ཙུང་ལི་གཞོན་པ་བཅས་འགན་འཛིན་མི་སྣ་སྐོར་ཞིག་བསྐོས་ཡོད།

ཁྲིམས་འཛིན་སྡེ་ཁག་དེར་གཏུགས་བཤེར་ཁྲིམས་ཁང་དང་རྩ་ཁྲིམས་ཁང་། ཆེས་མཐོ་བའི་ཞིབ་བཤེར་ཁང་བཅས་བཙུགས་ཡོད།

སྒེར་བཙུགས་བྱས་རྗེས་དཔལ་འབྱོར་མར་ཆག་པར་གྱུར་པ་དང་། སྤྱི་ལོ2000ལོ་ནས་བཟུང་འཕེལ་རྒྱས་ཅུང་ཙམ་བཟང་བ་དང་། སྤྱི་ལོ2003ལོར་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་ཚད13.2%ལ་སླེབས།

ཞིང་ལས་འཕེལ་རྒྱས་མེད་པས་ཟ་འབྲུ་མི་འདང་བ་དང་། རྒུན་འབྲུམ་དང་སིལ་ཏོག་མང་དུ་འདེབས་འཛུགས་བྱེད། ཕྱུགས་ལས་ནི་གཙོ་བོ་ལུག་འཚོ་བ་ཡིན།

བཟོ་ལས་ནི་རྒྱལ་དམངས་དཔལ་འབྱོར་ཁྲོད་གོ་གནས་གཙོ་བོ་བཟུང་ཡོད་པ་དང་། ཐོན་རིན་གྱིས་རྒྱལ་ནང་གི་སྤྱིའི་ཐོན་རིན་གྱི25%ཟིན་ལ། གཙོ་བོ་འཕྲུལ་ཆས་ཀྱི་རིགས་བཟོ་སྐྲུན་བྱེད། བཟོ་ལས་ཀྱི་ཁེ་ལས་གཙོ་བོ་དག་ཡེ་རེ་ཝན་དུ་གཅིག་སྡུད་ངང་མཆིས། དངུལ་ལོ་ནི་ཏི་ལ་མུའུ་སྟེ་རོབ་ཅེས་པ་དེ་ཡིན།

5 སློབ་གསོ།

རྒྱལ་ཡོངས་སུ་སློབ་གྲྭ་ཆུང་འབྲིང་དུ་རིན་མེད་སློབ་གསོ་ལག་བསྟར་བྱས་ཡོད་པ་དང་། རྒྱལ་ཁབ་འཆར་འགོད་ནང་གི་སློབ་གྲྭ་ཆེན་མོ་པ་ལ་རིན་མེད་དུ་བཏང་ཡོད། སློབ་གྲྭ་ཆེན་མོ་པོའི་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི14%ཟིན་པ་དང་། འབྲིང་རིམ་སློབ་མའི་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི59%ཟིན། རྒྱལ་གཉེར་སློབ་ཆེན16ཡོད་པ་དང་ཁོངས་གཏོགས་སློབ་ཆེན7ཡོད།

6 གྲོང་ཁྱེར།

ཡེ་རེ་ཝན་གྲོང་ཁྱེར་ནི་རྒྱལ་ས་ཡིན་པ་དང་། རྒྱལ་ཡོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཀྱང་ཡིན། དེ་ཨ་ལ་ཐི་བདེ་ཐང་དང་ལ་ཙི་ཏན་གཙང་བོའི་ངོགས་སུ་ཆགས་པ་དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ90ཡོད་ཅིང་། མི་གྲངས་ཁྲི110.21མཆིས།

ཀུའུ་མུའུ་ལི་གྲོང་ཁྱེར་ནི་གྲོང་ཁྱེར་ཆེན་པོ་ཨང་གཉིས་པ་ཡིན་པ་དང་། ད་ལྟ་ཨར་མེ་ཉི་ཡའི་འཁེལ་འཐག་བཟོ་ལས་དང་འཕྲུལ་ཆས་བཟོ་ལས་ཀྱི་ལྟེ་གནས་སུ་གྱུར་ཡོད།


བརྡ་འགྲེལ་གདོང་འཛར།

རྒྱལ་ཁབ། མངའ་ཁོངས། ཆབ་སྲིད།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-04

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།