ལུ་པུའུ་ལང•ཀྲན་མུའུ་སི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུ་པུའུ་ལང•ཀྲན་མུའུ་སི།
ལུ་པུའུ་ལང•ཀྲན་མུའུ་སི་ནི་སྤྱི་ལོ1984ལོའི་ཟླ12པའི་ཚེས30ཉིན་ཨ་རིའི་ཨུ་ཧའེ་ཨུ་མངའ་ཁུལ་གྱི་ཨ་ཁུ་ལུན་དུ་སྐྱེས། ཨ་རིའི་ཆེད་ལས་གཟེབ་གྲུག་ལུས་རྩལ་པ་དང་གདོང་ལེན་གཞུག་མའི་འགན་བཞེས་ཡོད། ད་ལྟ་ལུའོ་ཧྲན་ཅི་མཚོ་མི་རུ་ཁག་ཏུ་ནུས་ཤུགས་འདོན་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
勒布朗·雷米恩·詹姆斯
ཕྱི་ཡིག་གི་མིང་།
LeBron Raymone James
མིང་གཞན།
རྗེ་བོ།
རྒྱལ་ཁབ།
ཨ་རི།
ལུས་རྩལ་རྣམ་གྲངས།
གཟེབ་གྲུག
སྐྱེས་ལོ།
སྤྱི་ལོ1984ལོའི་ཟླ12པའི་ཚེས30ཉིན།
སྐྱེས་ཡུལ།
ཨ་རིའི་ཨུ་ཧའེ་ཨུ་མངའ་ཁུལ་གྱི་ཨ་ཁུ་ལུན།
ལུས་པོའི་རིང་ཚད།
སྨི2.03
ལུས་པོའི་ལྗིད་ཚད།
སྤྱི་རྒྱ113.4
ཨང་རྟགས།
23/6
ལས་འགན།
གདོང་ལེན་གཞུག་མ། གདོང་ལེན་སྔོན་མ།
ཁོངས་གཏོགས་རུ་ཁག
ལུའོ་ཧྲན་ཅི་མཚོ་མི་རུ་ཁག
1 ངོ་སྤྲོད། 

ལུ་པུའུ་ལང•ཀྲན་མུའུ་སི་ནི་སྤྱི་ལོ1984ལོའི་ཟླ12པའི་ཚེས30ཉིན་ཨ་རིའི་ཨུ་ཧའེ་ཨུ་མངའ་ཁུལ་གྱི་ཨ་ཁུ་ལུན་དུ་སྐྱེས། ཨ་རིའི་ཆེད་ལས་གཟེབ་གྲུག་ལུས་རྩལ་པ་དང་གདོང་ལེན་གཞུག་མའི་འགན་བཞེས་ཡོད། ད་ལྟ་ལུའོ་ཧྲན་ཅི་མཚོ་མི་རུ་ཁག་ཏུ་ནུས་ཤུགས་འདོན་བཞིན་ཡོད།

ལུ་པུའུ་ལང•ཀྲན་མུའུ་སི་ནི་དབུལ་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་དང་ཨ་མ་གཅིག་པུར་བརྟེན་ནས་འཚོ་བ་བསྐྱལ་བས་དཀའ་སྡུག་མང་པོ་མྱངས། དེ་བས་ཆུང་དུས་ནས་གཟེབ་གྲུག་དང་སྐྱུ་རུ་སྤོ་ལོ་སོགས་ཀྱི་ཕྱོགས་ལ་ཤུགས་ཆེན་བརྒྱབ་པས་རྩལ་ནུས་རྫོགས་པར་གྱུར། ནར་སོན་རྗེས་ཁོ་རང་ཨ་ཁུ་ལུན་གྱི་ཧྲིན་བུན་སུན་ཐུ་ཧྲེང་མཱ་ལི་མཐོ་འབྲིང་དུ་ཞུགས་ནས་སློབ་གྲྭ་དེའི་གཟེབ་གྲུག་རུ་ཁག་ཏུ་ཞུགས། དེ་ནས་སློབ་ཆེན་དུ་མ་ཞུགས་པར་ཐད་ཀརNBAགར་སྟེགས་སུ་འགྲན་བཙུགས། སྤྱི་ལོ2003ལོའི་ཟླ6པའིNBAཡི་གཟེབ་གྲུག་ལུས་རྩལ་པ་གསར་བ་འདེམས་པའི་ཚོགས་ཆེན་སྟེང་ལུ་པུའུ་ལང•ཀྲན་མུའུ་སི་ནི་རིམ་པ་ཐོག་མའི་ཨང་རིམ་དང་པོའི་ཐོབ་ཐང་གིས་ཁུ་ལི་ཧྥུའུ་ལན་སྐྱ་མི་རུ་ཁག་གིས་བདམས་པ་དང་རིམ་བཞིནNBAམཐུན་ཚོགས་ཀྱི་ཆེས་སྟོབས་རྩལ་ཅན་གྱི་གཟེབ་གྲུག་ལུས་རྩལ་པར་གྱུར། ཡིན་ཡང་ཁོང་གི་རུ་ཁག་གི་སྤྱིའི་སྟོབས་ཤུགས་ཞན་པའི་འབྲས་བུ་ཆེར་མ་ལོན། དེ་བས་སྤྱི་ལོ2010ལོའི་ཟླ7པར་མའེ་ཨ་སྨི་མེ་འབར་རུ་ཁག་ཏུ་ཞུགས་ཤིང་ཁུ་ལི་སི•པོ་ཧྲི་དང་ཏུ་བེ་ཨུནབེ་ཏུ་གཉིས་དང་མཉམ་དུ་ཐེངས་དུ་མརNBAརྟིང་རྩོད་འགྲན་སྡུར་དུ་ཐེངས་དུ་མར་ཞུགས་པ་དང་གསེར་གྱི་རྟགས་མ་ཐེངས་གཉིས་ལ་བླངས། སྤྱི་ལོ2014ལོའི་ཟླ7པར་ཀྲན་མུའུ་སི་ཕྱིར་སྐྱ་མི་རུ་ཁག་ཏུ་ལོག་རྒྱུ་ཁྱབ་བསྒྲགས་བྱས། དེ་རུ་ཁའེ་ལི•ཨོའུ་ཝུན་དང་ཁའེ་བུན•ལུ་ཧྥུའུ་སོགས་དང་མཉམ་དུNBAརྟིང་རྩོད་འགྲན་སྡུར་དུ་ཞུགས་ཤིང་གསེར་གྱི་རྟགས་མ་ཐེངས་གཅིག་ལ་བླངས། སྤྱི་ལོ2018ལོའི་ཟླ7པའི་ཚེས10ཉིན་ལུ་པུའུ་ལང•ཀྲན་མུའུ་སི་ལུའོ་ཧྲན་ཅི་མཚོ་མི་རུ་ཁག་ཏུ་ཞུགས་པ་ཁྱབ་བསྒྲགས་བྱས། ད་ལྟ་རུ་ཁག་དེ་རུ་ནུས་ཤུགས་འདོན་བཞིན་ཡོད།

2 གྲུབ་འབྲས།

སྤྱི་ལོ2004ལོའི་གཟེབ་གྲུག་ལུས་རྩལ་པ་གསར་བའི་རྩེ་ཕུད་དཔུང་ཤུགས་སུ་བདམས།

སྤྱི་ལོ2004ལོའི་ཆེས་ཕུལ་དུ་བྱུང་བའི་གཟེབ་གྲུག་ལུས་རྩལ་པ་གསར་བའི་རྟགས་མ་ཐོབ།

NBAརྟིང་རྩོད་འགྲན་སྡུར་གྱི་གསེར་གྱི་རྟགས་མ་ཐེངས་གསུམ་ལ་ཐོབ།

NBAཡི་རྒྱུན་གཏན་འགྲན་ཚིགས་ཀྱི་ཆེས་རིན་ཐང་ལྡན་པའི་གཟེབ་གྲུག་ལུས་རྩལ་པའི་རྟགས་མ(MVP)ཐེངས་བཞི་ལ་ཐོབ།

NBAཡི་གཟེབ་གྲུག་རྩེད་མཁན་གྲགས་ཅན་ཡོངས་ཀྱི་དཔུང་ཤུགས་སུ་ཐེངས་བཅུ་བཞི་ལ་བདམས་ཤིང་འགྲན་སྡུར་དེ་ཡི་ཆེས་རིན་ཐང་ལྡན་པའི་སྤོ་ལོ་རྩེད་མཁན་གྱི་རྟགས་མ་ཐེངས་གསུམ་ལ་ཐོབ།

NBAརྟིང་རྩོད་འགྲན་སྡུར་གྱི་ཆེས་རིན་ཐང་ལྡན་པའི་སྤོ་ལོ་རྩེད་མཁན་གྱི་རྟགས་མ་ཐེངས་གསུམ་ལ་ཐོབ།

NBAཡི་གཟེབ་གྲུག་ལུས་རྩལ་པའི་རྩེ་ཕུད་དཔུང་ཤུགས་སུ་ཐེངས་བཅུ་གཉིས་ལ་བདམས།                                

NBAཡི་གཟེབ་གྲུག་ལུས་རྩལ་པའི་རྩེ་ཕུད་རིམ་པ་གཉིས་པའི་དཔུང་ཤུགས་སུ་ཐེངས་གཉིས་ལ་བདམས། 

NBAཡི་གཟེབ་གྲུག་ལུས་རྩལ་པའི་ཁྲོད་རྩེ་ཕུད་འགོག་སྲུང་དཔུང་ཤུགས་སུ་ཐེངས་ལྔ་ལ་བདམས།

ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐེངས་གཉིས་ལ་ཐོབ།

NBAཡི་སྐར་ལེན་མཁན་པོའི་རྟགས་མ་ཐེངས་གཅིག་ལ་བླངས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

NBA གཟེབ་གྲུག ལུས་རྩལ་པ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-02-25

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།