ཨན་ཏུ་ལུའུ•དབྱི་ཀུ་ཏཱ་ལཱ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨན་ཏུ་ལུའུ•དབྱི་ཀུ་ཏཱ་ལཱ།
ཨན་ཏུ་ལུའུ•དབྱི་ཀུ་ཏཱ་ལཱ་ནི་སྤྱི་ལོ1984ལོའི་ཟླ1པའི་ཚེས28ཉིན་ཨ་རིའི་དབྱི་ལི་ནུའོ་དབྱི་མངའ་ཁུལ་གྱི་སི་ཕུའུ་ཧྥེ་ཨེར་ཏུ་རུ་སྐྱེས། ཨ་རིའི་ཆེད་ལས་གཟེབ་གྲུག་ལུས་རྩལ་པ་ཞིག་ཡིན་པ་དང་སྐར་ལེན་རྒྱབ་སྲུང་བ་དང་གདོང་ལེན་གཞུག་མའི་འགན་ཁུར་ཡོད། ད་ལྟNBAཅིན་ཀྲུའུ་དཔའ་རྟུལ་རུ་ཁག་ཏུ་ནུས་ཤུགས་འདོན་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安德烈·伊戈达拉
ཕྱི་ཡིག་གི་མིང་།
Andre Iguodala
རྒྱལ་ཁབ།
ཨ་རི།
སྐྱེས་ལོ།
སྤྱི་ལོ1984ལོའི་ཟླ1པའི་ཚེས28ཉིན།
སྐྱེས་ཡུལ།
ཨ་རིའི་དབྱི་ལི་ནུའོ་དབྱི་མངའ་ཁུལ་གྱི་སི་ཕུའུ་ཧྥེ་ཨེར།
ལུས་རྩལ་རྣམ་གྲངས།
གཟེབ་གྲུག
གཟུགས་པོའི་རིང་ཚད།
སྨི1.98
ལུས་པོའི་ལྗིད་ཚད།
སྤྱི་རྒྱ94
མཐར་ཕྱིན་སློབ་ཆེན།
ཡཱ་ལི་སང་ནཱ་སློབ་ཆེན།
ཨང་རྟགས།
9
ལས་འགན།
སྐར་ལེན་རྒྱབ་སྲུང་བ་དང་གདོང་ལེན་གཞུག་མ།
ཁོངས་གཏོགས་རུ་ཁག
ཅིན་ཀྲུའུ་དཔའ་རྟུལ་རུ་ཁག
1 ངོ་སྤྲོད།

ཨན་ཏུ་ལུའུ•དབྱི་ཀུ་ཏཱ་ལཱ་ནི་སྤྱི་ལོ1984ལོའི་ཟླ1པའི་ཚེས28ཉིན་ཨ་རིའི་དབྱི་ལི་ནུའོ་དབྱི་མངའ་ཁུལ་གྱི་སི་ཕུའུ་ཧྥེ་ཨེར་ཏུ་རུ་སྐྱེས། ཨ་རིའི་ཆེད་ལས་གཟེབ་གྲུག་ལུས་རྩལ་པ་ཞིག་ཡིན་པ་དང་སྐར་ལེན་རྒྱབ་སྲུང་བ་དང་གདོང་ལེན་གཞུག་མའི་འགན་ཁུར་ཡོད། ད་ལྟNBAཅིན་ཀྲུའུ་དཔའ་རྟུལ་རུ་ཁག་ཏུ་ནུས་ཤུགས་འདོན་བཞིན་ཡོད། 

ཨན་ཏུ་ལུའུ•དབྱི་ཀུ་ཏཱ་ལཱ་ལོ་ན་ཆུང་དུས་སུ་ལན་ཧྥེ་ཨེར་མཐོ་འབྲིང་དུ་ཞུགས་པ་དང་སློབ་གྲྭ་དེའི་རུ་ཁག་གི་སྣེ་ཁྲིད་ནསAAརིགས་ཀྱི་མཐོ་འབྲིང་གཟེབ་གྲུག་མཐུན་ཚོགས་སུ་བྱ་དགའ་ཨང་གཉིས་པ་ཐོབ། སྤྱི་ལོ2002ལོར་ཨན་ཏུ་ལུའུ•དབྱི་ཀུ་ཏཱ་ལཱ་ཡཱ་ལི་སང་ནཱ་སློབ་ཆེན་དུ་ཞུགས་ནས་གྲུབ་འབྲས་ཆེན་པོ་བླངས།

སྤྱི་ལོ2004ལོའིNBAཡི་གཟེབ་གྲུག་ལུས་རྩལ་པ་གསར་བ་འདེམས་པའི་ཚོགས་ཆེན་སྟེང་ཨན་ཏུ་ལུའུ•དབྱི་ཀུ་ཏཱ་ལཱ་རིམ་པ་ཐོག་མས་ཨང་རིམ་དགུ་བའི་ཐོབ་ཐང་གིས་ཧྥེ་ཁྲེང་མི76ཚོགས་པས་བདམས། དེ་ནས་བཟུང་རུ་ཁག་དེའི་གཙོ་ཤུགས་མི་སྣ་རུ་གྱུར། སྤྱི་ལོ2012ལོའི་ཟླ8པར་ཏན་ཧྥུའུ་གསེར་སྦྲམ་རུ་ཁག་ཏུ་ཞུགས། སྤྱི་ལོ2013ལོའི་ཟླ7པའི་ནང་ཨན་ཏུ་ལུའུ•དབྱི་ཀུ་ཏཱ་ལཱ་ཅིན་ཀྲུའུ་དཔའ་རྟུལ་རུ་ཁག་ཏུ་ཞུགས་པ་དང་ད་ལྟའི་བར་རུ་ཁག་དེ་རུ་ནུས་ཤུགས་འདོན་བཞིན་ཡོད་པ་དང་རུ་ཁག་དེ་དང་མཉམ་དུNBAརྟིང་རྩོད་འགྲན་སྡུར་གྱི་གསེར་གྱི་རྟགས་མ་ཐེངས་གསུམ་ལ་ཐོབ། 

2 གྲུབ་འབྲས།

སྤྱི་ལོ2004ལོ་ནས་སྤྱི་ལོ2005ལོའི་གཟེབ་གྲུག་ལུས་རྩལ་པ་གསར་བའི་རྩེ་ཕུད་དཔུང་ཤུགས་སུ་བདམས།

NBAརྟིང་རྩོད་འགྲན་སྡུར་གྱི་གསེར་གྱི་རྟགས་མ་ཐེངས་གསུམ་ལ་ཐོབ།

NBAཡི་གཟེབ་གྲུག་རྩེད་མཁན་གྲགས་ཅན་ཡོངས་ཀྱི་དཔུང་ཤུགས་སུ་ཐེངས་གཅིག་བདམས།

NBAརྟིང་རྩོད་འགྲན་སྡུར་གྱི་ཆེས་རིན་ཐང་ལྡན་པའི་སྤོ་ལོ་རྩེད་མཁན་གྱི་རྟགས་མ་ཐེངས་གཅིག་ལ་ཐོབ།

སྤྱི་ལོ2012ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐེངས་གཅིག་ལ་ཐོབ།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

NBA གཟེབ་གྲུག ལུས་རྩལ་པ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-02-25

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།