ཁའེ་བུན•ཏུའུ་ལན་ཐུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁའེ་བུན•ཏུའུ་ལན་ཐུ།
ཁའེ་བུན•ཏུའུ་ལན་ཐུ་ལགས་ནི་སྤྱི་ལོ1988ལོའི་ཟླ9པའི་ཚེས29ཉིན་ཨ་རིའི་ཧྭ་ཧྲིན་ཏུན་ཀུ་ལུན་པི་ཡཱ་ཁྱད་པར་ཁུལ་དུ་སྐྱེས། ཨ་རིའི་ཆེད་ལས་གཟེབ་གྲུག་ལུས་རྩལ་པ་ཞིག་ཡིན་པ་དང་གདོང་ལེན་གཞུག་མའི་འགན་བཞེས་ཡོད། ད་ལྟNBAཅིན་ཀྲུའུ་དཔའ་རྟུལ་རུ་ཁག་ཏུ་ནུས་ཤུགས་འདོན་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
凯文·韦恩·杜兰特
ཕྱི་ཡིག་གི་མིང་།
Kevin Wayne Durant
རྒྱལ་ཁབ།
ཨ་རི།
སྐྱེས་ལོ།
སྤྱི་ལོ1988ལོའི་ཟླ9པའི་ཚེས29ཉིན།
སྐྱེས་ཡུལ།
ཨ་རིའི་ཧྭ་ཧྲིན་ཏུན་ཀུ་ལུན་པི་ཡཱ་ཁྱད་པར་ཁུལ།
ལུས་རྩལ་རྣམ་གྲངས།
གཟེབ་གྲུག
གཟུགས་པོའི་རིང་ཚད།
སྨི2.11
ལུས་པོའི་ལྗིད་ཚད།
སྤྱི་རྒྱ106.6
མཐར་ཕྱིན་སློབ་ཆེན།
ཏུ་ཁུ་སཱ་སི་སློབ་ཆེན།
ཨང་རྟགས།
35
ལས་འགན།
གདོང་ལེན་སྔོན་མ།/ གདོང་ལེན་གཞུག་མ།
ཁོངས་གཏོགས་རུ་ཁག
ཅིན་ཀྲུའུ་དཔའ་རྟུལ་རུ་ཁག
1 ངོ་སྤྲོད།

ཁའེ་བུན•ཏུའུ་ལན་ཐུ་ལགས་ནི་སྤྱི་ལོ1988ལོའི་ཟླ9པའི་ཚེས29ཉིན་ཨ་རིའི་ཧྭ་ཧྲིན་ཏུན་ཀུ་ལུན་པི་ཡཱ་ཁྱད་པར་ཁུལ་དུ་སྐྱེས། ཨ་རིའི་ཆེད་ལས་གཟེབ་གྲུག་ལུས་རྩལ་པ་ཞིག་ཡིན་པ་དང་གདོང་ལེན་གཞུག་མའི་འགན་བཞེས་ཡོད། ད་ལྟNBAཅིན་ཀྲུའུ་དཔའ་རྟུལ་རུ་ཁག་ཏུ་ནུས་ཤུགས་འདོན་བཞིན་ཡོད། 

ཁོ་རང་དབུལ་ཕོངས་ཀྱི་མི་ནག་གི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་དང་ཆུང་དུས་སུ་ཕུ་བོ་ཚོ་དང་མཉམ་དུ་གཟེབ་གྲུག་ཕྱོགས་ལ་སྦྱངས་བ་བྱས། ཁོང་གི་གྲོགས་པོ་མའེ་ཁུ་ཨེར•པི་སི་ལི་དང་མཉམ་དུ་སྦྱངས་བ་ཡག་པོ་བྱས་པས་འཕེལ་རྒྱས་ཆེན་པོ་ཕྱིན། མཐོ་འབྲིང་སྐབས་སུ་ཁོ་རང་སྙན་གྲགས་ཅན་གྱི་མོན་ཆ་ར་རི་བོའི་མཐོ་འབྲིང་དུ་ཞུགས་རྗེས་སྙན་གྲགས་ཤིན་ཏུ་རྒྱས། སློབ་འབྲིང་མཐར་ཕྱིན་རྗེས་ཁོ་རང་ཏུ་ཀྲུའུ་སློབ་ཆེན་དུ་ཞུགས། 

སྤྱི་ལོ2007ལོའི་ཟླ6པའི་ཚེས28ཉིན་ཁའེ་བུན•ཏུའུ་ལན་ཐུ་དངོས་སུNBAཡི་གཟེབ་གྲུག་ལུས་རྩལ་པ་གསར་བ་འདེམས་པའི་ཚོགས་ཆེན་དུ་ཞུགས་པ་དང་རིམ་པ་ཐོག་མའི་ཨང་རིམ་གཉིས་པའི་ཐོབ་ཐང་གིས་ཞི་ཡཱ་ཐུའུ་སྒྲ་ལས་མྱུར་རུ་ཁག་གིས་བདམས། དེའི་རྗེས་སུ་རུ་ཁག་དེ་ཉིད་ཨུ་ཁུ་ལཱ་ཧུ་མཱ་ཐོག་རྒོད་རུ་ཁག་ཏུ་བསྒྱུར་བ་དང་ཁོང་དང་བེ་སི་པུའུ་ལུའུ་ཁུ་དང་ཧ་ཏེང་གཉིས་དང་མཉམ་དུ་ནུས་ཤུགས་ཡོད་དགུ་བཏོན་ནསNBAརྟིང་རྩོད་འགྲན་སྡུར་དུ་ཞུགས་པ་དང་ཡིན་ཡང་ཕམ་ཁ་ཉོས། དེ་ནས་རིམ་བཞིན་སྒེར་གྱི་གྲུབ་འབྲས་བླ་ན་མེད་པ་བླངས། ཡིན་ཡང་རུ་ཁག་གིས་ཐོལ་བརྒལ་རང་བཞིན་གྱི་གྲུབ་འབྲས་ཆེར་མ་ལོན་པས་སྤྱི་ལོ2016ལོའི་ཟླ7པའི་ནང་མི་ཁ་གང་མང་བརྒྱུད་མཐར་ཅིན་ཀྲུའུ་དཔའ་རྟུལ་རུ་ཁག་ཏུ་ཞུགས། རུ་ཁག་དེ་དང་མཉམ་དུ་བསྟུད་མར་ལོ་གཉིས་ལNBAཡི་རྟིང་རྩོད་འགྲན་སྡུར་གྱི་གསེར་གྱི་རྟགས་མ་བླངས། ད་ལྟ་རུ་ཁག་དེའི་གཙོ་ཤུགས་མི་སྣ་རུ་གྱུར་ཡོད། ཨ་རིའི་སྐྱེས་པའི་གཟེབ་གྲུག་རུ་ཁག་གི་ཚབ་བྱས་ནས་རྒྱལ་སྤྱིའི་འགྲན་སྡུར་དུ་མར་ཞུགས་ནས་གསེར་གྱི་རྟགས་མ་ཐོབ།

2 གྲུབ་འབྲས།

སྤྱི་ལོ2007ལོ་ནས་སྤྱི་ལོ2008ལོའི་གཟེབ་གྲུག་ལུས་རྩལ་པ་གསར་བའི་རྩེ་ཕུད་དཔུང་ཤུགས་སུ་བདམས།

སྤྱི་ལོ2007ལོ་ནས་སྤྱི་ལོ2008ལོའི་ཆེས་ཕུལ་དུ་བྱུང་བའི་གཟེབ་གྲུག་ལུས་རྩལ་པ་གསར་བའི་རྟགས་མ་ཐོབ།

NBAརྟིང་རྩོད་འགྲན་སྡུར་གྱི་གསེར་གྱི་རྟགས་མ་ཐེངས་གཉིས་ལ་ཐོབ།

NBAཡི་རྒྱུན་གཏན་འགྲན་ཚིགས་ཀྱི་ཆེས་རིན་ཐང་ལྡན་པའི་གཟེབ་གྲུག་ལུས་རྩལ་པའི་རྟགས་མ(MVP)ཐེངས་གཅིག་ལ་ཐོབ།

NBAཡི་གཟེབ་གྲུག་རྩེད་མཁན་གྲགས་ཅན་ཡོངས་ཀྱི་དཔུང་ཤུགས་སུ་ཐེངས་བཅུ་ལ་བདམས་ཤིང་འགྲན་སྡུར་དེ་ཡི་ཆེས་རིན་ཐང་ལྡན་པའི་སྤོ་ལོ་རྩེད་མཁན་གྱི་རྟགས་མ་ཐེངས་གཅིག་ལ་ཐོབ།

NBAརྟིང་རྩོད་འགྲན་སྡུར་གྱི་ཆེས་རིན་ཐང་ལྡན་པའི་སྤོ་ལོ་རྩེད་མཁན་གྱི་རྟགས་མ་ཐེངས་གཉིས་ལ་ཐོབ།

NBAཡི་གཟེབ་གྲུག་ལུས་རྩལ་པའི་རྩེ་ཕུད་དཔུང་ཤུགས་སུ་ཐེངས་དྲུག་ལ་བདམས།                                

NBAཡི་གཟེབ་གྲུག་ལུས་རྩལ་པའི་རྩེ་ཕུད་རིམ་པ་གཉིས་པའི་དཔུང་ཤུགས་སུ་ཐེངས་གཉིས་བདམས། 

ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐེངས་གཉིས་ལ་ཐོབ།

NBAཡི་སྐར་ལེན་མཁན་པོའི་རྟགས་མ་ཐེངས་བཞི་ལ་བླངས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

NBA གཟེབ་གྲུག ལུས་རྩལ་པ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-04

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།