ནེ་ཐུ•སུ་མེང་ཏུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནེ་ཐུ•སུ་མེང་ཏུ།
ནེ་ཐུ•སུ་མེང་ཏུ་ནི་སྤྱི་ལོ1941ལོའི་ཟླ7པའི་ཚེས25ཉིན་ཨ་རིའི་ཨུ་ཧའེ་ཨུ་མངའ་ཁུལ་གྱི་ཨ་ཁུ་ལུན་དུ་སྐྱེས། དེ་སྔོན་གྱི་ཨ་རིའི་ཆེད་ལས་གཟེབ་གྲུག་ལུས་རྩལ་པ་དང་གདོང་ལེན་སྔོན་མ་དང་གདོང་ལེན་བར་མ་ཡིན། མིང་གཞན་དུ་རྗེ་བོ་ནེ་ཐུ་རུ་འབོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
内特·瑟蒙德
ཕྱི་ཡིག་གི་མིང་།
Nathaniel Thurmond
མིང་གཞན།
རྗེ་བོ་ནེ་ཐུ།
རྒྱལ་ཁབ།
ཨ་རི།
ལུས་རྩལ་རྣམ་གྲངས།
གཟེབ་གྲུག
སྐྱེས་ལོ།
སྤྱི་ལོ1941ལོའི་ཟླ7པའི་ཚེས25ཉིན།
སྐྱེས་ཡུལ།
ཨ་རིའི་ཨུ་ཧའེ་ཨུ་མངའ་ཁུལ་གྱི་ཨ་ཁུ་ལུན།
ལུས་པོའི་རིང་ཚད།
སྨི2.11
ལུས་པོའི་ལྗིད་ཚད།
སྤྱི་རྒྱ107
མཐར་ཕྱིན་སློབ་ཆེན།
པའོ་ལིང་ཀུ་ལིན་སློབ་ཆེན།
ཨང་རྟགས།
42
ལས་འགན།
གདོང་ལེན་སྔོན་མ། གདོང་ལེན་བར་མ།
1 ​ངོ་སྤྲོད།   

ནེ་ཐུ•སུ་མེང་ཏུ་ནི་སྤྱི་ལོ1941ལོའི་ཟླ7པའི་ཚེས25ཉིན་ཨ་རིའི་ཨུ་ཧའེ་ཨུ་མངའ་ཁུལ་གྱི་ཨ་ཁུ་ལུན་དུ་སྐྱེས། དེ་སྔོན་གྱི་ཨ་རིའི་ཆེད་ལས་གཟེབ་གྲུག་ལུས་རྩལ་པ་དང་གདོང་ལེན་སྔོན་མ་དང་གདོང་ལེན་བར་མ་ཡིན། མིང་གཞན་དུ་རྗེ་བོ་ནེ་ཐུ་རུ་འབོད།

ནེ་ཐུ•སུ་མེང་ཏུ་ཆུང་དུས་སུ་ཨ་ཁུ་ལུན་གྱི་ཀྲུང་དབྱང་སློབ་འབྲིང་དུ་ཞུགས་པ་དང་སློབ་གྲྭ་དེའི་གཟེབ་གྲུག་ལུས་རྩལ་པར་གྱུར། དེའི་རྗེས་སུ་ཁོ་རང་ཁུན་ཐཱ་ཅིའི་མངའ་ཁུལ་གྱི་པའོ་ལིང་ཀུ་ལིན་སློབ་ཆེན་དུ་ཞུགས་ནས་གཟེབ་གྲུག་ཕྱོགས་ལ་སྦྱངས་བ་བྱས།

སྤྱི་ལོ1963ལོར་ཁོ་རངNBAཡི་གཟེབ་གྲུག་ལུས་རྩལ་པ་གསར་བ་འདེམས་པའི་ཚོགས་ཆེན་དུ་ཞུགས་པ་དང་རིམ་པ་ཐོག་མའི་ཨང་རིམ་གསུམ་པའི་ཐོབ་ཐང་གིས་ཅིའུ་ཅིན་ཧྲན་དཔའ་རྟུལ་རུ་ཁག་གིས་བདམས། རུ་ཁག་དེ་ནས་ལོ་མང་པོར་ནུས་ཤུགས་བཏོན། སྤྱི་ལོ1974ལོར་ནེ་ཐུ•སུ་མེང་ཏུ་ཀྲི་ཅཱ་ཀུ་གླང་རྒོད་རུ་ཁག་ཏུ་བརྗེ། སྤྱི་ལོ1975ལོར་ཁོ་རང་ཁུ་ལེ་ཧྥུའུ་ལན་སྐྱ་མི་རུ་ཁག་ཏུ་ཞུགས། དེ་ནས་ལོ་དུ་མར་ནུས་ཤུགས་བཏོན། སྤྱི་ལོ1977ལོའི་ཟླ4པའི་ནང་དུ་ནེ་ཐུ•སུ་མེང་ཏུ་དངོས་སུ་ལས་འཁྱུར་ངལ་གསོ་བྱས། 

2 གྲུབ་འབྲས།

སྤྱི་ལོ1964ལོའི་གཟེབ་གྲུག་ལུས་རྩལ་པ་གསར་བའི་རྩེ་ཕུད་དཔུང་ཤུགས་སུ་བདམས།

NBAཡི་གཟེབ་གྲུག་རྩེད་མཁན་གྲགས་ཅན་ཡོངས་ཀྱི་དཔུང་ཤུགས་སུ་ཐེངས་བདུན་ལ་བདམས།

NBAཡི་གཟེབ་གྲུག་ལུས་རྩལ་པའི་ཁྲོད་རྩེ་ཕུད་འགོག་སྲུང་དཔུང་ཤུགས་སུ་ཐེངས་གཉིས་ལ་བདམས།

NBAཡི་གཟེབ་གྲུག་ལུས་རྩལ་པའི་ཁྲོད་རྩེ་ཕུད་རིམ་པ་གཉིས་པའི་འགོག་སྲུང་དཔུང་ཤུགས་སུ་ཐེངས་གསུམ་ལ་བདམས།

སྤྱི་ལོ1985ལོར་ནའེ་ཧྲི་སྨི་སིའི་གཟེབ་གྲུག་མི་གྲགས་གླིང་དུ་བདམས་པ་ཡིན།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

NBA གཟེབ་གྲུག ལུས་རྩལ་པ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-04

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།