ཀུའུ་སི•བེ་ལེན་མུའུ་སི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀུའུ་སི•བེ་ལེན་མུའུ་སི།
ཀུའུ་སི•བེ་ལེན་མུའུ་སི་ནི་སྤྱི་ལོ1953ལོའི་ཟླ10པའི་ཚེས10ཉིན་ཨ་རིའི་ཉིའུ་ཡོའུ་མང་ཐུ་ཧྥུའུ་ནུང་དུ་སྐྱེས། དེ་སྔོན་གྱི་ཨ་རིའི་ཆེད་ལས་གཟེབ་གྲུག་ལུས་རྩལ་པ་དང་རྒྱབ་སྲུང་བཀོད་འདོམས་པ་དང་མིང་གཞན་ལ་ལྷ་བ་རུ་འབོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
古斯·威廉姆斯
ཕྱི་ཡིག་གི་མིང་།
Gus Williams
མིང་གཞན།
ལྷ་བ།
རྒྱལ་ཁབ།
ཨ་རི།
སྐྱེས་ལོ།
སྤྱི་ལོ1953ལོའི་ཟླ10པའི་ཚེས10ཉིན།
སྐྱེས་ཡུལ།
ཨ་རིའི་ཉིའུ་ཡོའུ་མང་ཐུ་ཧྥུའུ་ནུང་།
ལུས་རྩལ་རྣམ་གྲངས།
གཟེབ་གྲུག
ལུས་པོའི་རིང་ཚད།
སྨི1.88
ལུས་པོའི་ལྗིད་ཚད།
སྤྱི་རྒྱ79
མཐར་ཕྱིན་སློབ་ཆེན།
ཅཱ་ལི་ཧྥུའུ་ཉི་ཡཱ་སློབ་ཆེན།
ལས་འགན།
རྒྱབ་སྲུང་བཀོད་འདོམས་པ།
ཨང་རྟགས།
1
1 ​ངོ་སྤྲོད།  

ཀུའུ་སི•བེ་ལེན་མུའུ་སི་ནི་སྤྱི་ལོ1953ལོའི་ཟླ10པའི་ཚེས10ཉིན་ཨ་རིའི་ཉིའུ་ཡོའུ་མང་ཐུ་ཧྥུའུ་ནུང་དུ་སྐྱེས། དེ་སྔོན་གྱི་ཨ་རིའི་ཆེད་ལས་གཟེབ་གྲུག་ལུས་རྩལ་པ་དང་རྒྱབ་སྲུང་བཀོད་འདོམས་པ་དང་མིང་གཞན་ལ་ལྷ་བ་རུ་འབོད།

ཁོ་རང་ཆུང་དུས་སུ་མང་ཐུ་ཧྥུའུ་ནུང་མཐོ་འབྲིང་དུ་ཞུགས་ནས་གཟེབ་གྲུག་རུ་ཁག་ཏུ་སྦྱངས་བ་བྱས། དེའི་རྗེས་ཁོ་རང་ཅཱ་ལི་ཧྥུའུ་ཉི་ཡཱ་སློབ་ཆེན་གྱི་དང་ལེན་བྱས་པས་དེ་རུ་གཟེབ་གྲུག་རུ་ཁག་ཏུ་ཞུགས། 

སྤྱི་ལོ1975ལོའིNBAགཟེབ་གྲུག་ལུས་རྩལ་པ་གསར་བ་འདེམས་པའི་ཚོགས་ཆེན་སྟེང་ཁོ་རང་རིམ་པ་གཉིས་པའི་ཨང་རིམ་ཉི་ཤུའི་ཐོབ་ཐང་གིས་ཅིན་ཀྲུའུ་དཔའ་རྟུལ་རུ་ཁག་གིས་བདམས་པ་དང་སྔ་ཕྱིར་ཅིན་ཀྲུའུ་དཔའ་རྟུལ་རུ་ཁག་དང་ཞི་ཡཱ་ཐུའུ་སྒྲ་ལས་མྱུར་རུ་ཁག ཧྭ་ཧྲིན་ཏུན་མདེའུ་རུ་ཁག་དང་ཡཱ་ཐུ་ལན་ཏཱ་གླག་རྒོད་རུ་ཁག་སོགས་སུ་ཞུགས་ནས་ནུས་ཤུགས་བཏོན། སྤྱི་ལོ1979ལོརNBAརྟིང་རྩོད་འགྲན་སྡུར་གྱི་གསེར་གྱི་རྟགས་མ་ཐོབ། སྤྱི་ལོ1987ལོའི་ཟླ3པར་ལོ་སོ་གསུམ་ལ་སོན་པའི་ཀུའུ་སི•བེ་ལེན་མུའུ་སི་གཟེབ་གྲུག་ལུས་རྩལ་པའི་སྡེ་ནས་ལས་འཁྱུར་ངལ་གསོ་བྱ་རྒྱུ་ཁྱབ་བསྒྲགས་བྱས། 

2 གྲུབ་འབྲས།

སྤྱི་ལོ1976ལོའི་གཟེབ་གྲུག་ལུས་རྩལ་པ་གསར་བའི་རྩེ་ཕུད་དཔུང་ཤུགས་སུ་བདམས།

NBAརྟིང་རྩོད་འགྲན་སྡུར་གྱི་གསེར་གྱི་རྟགས་མ་ཐེངས་གཅིག་ལ་ཐོབ།

NBAཡི་གཟེབ་གྲུག་རྩེད་མཁན་གྲགས་ཅན་ཡོངས་ཀྱི་དཔུང་ཤུགས་སུ་ཐེངས་གཉིས་ལ་བདམས།

NBAཡི་གཟེབ་གྲུག་ལུས་རྩལ་པའི་རྩེ་ཕུད་དཔུང་ཤུགས་སུ་ཐེངས་གཅིག་ལ་བདམས། 

NBAཡི་གཟེབ་གྲུག་ལུས་རྩལ་པའི་རྩེ་ཕུད་རིམ་པ་གཉིས་པའི་དཔུང་ཤུགས་སུ་ཐེངས་གཅིག་ལ་བདམས། 

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

NBA གཟེབ་གྲུག ལུས་རྩལ་པ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-04

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།