ཅཱ་ལི•ཕེ་ཏུན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅཱ་ལི•ཕེ་ཏུན།
ཅཱ་ལི•ཕེ་ཏུན་ནི་སྤྱི་ལོ1968ལོའི་ཟླ7པའི་ཚེས23ཉིན་ཨ་རིའི་ཅཱ་ལི་ཧྥུའུ་ཉི་ཡཱའི་ཨའོ་ཁུ་ལན་གྲོང་ཁྱེར་དུ་སྐྱེས། དེ་སྔོན་གྱི་ཨ་རིའི་ཆེད་ལས་གཟེབ་གྲུག་ལུས་རྩལ་པ་དང་རྒྱབ་སྲུང་བཀོད་འདོམས་པ་ཞིག་ཡིན། མིང་གཞན་ལ་ལག་འབོབ་ཏུ་འབོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
加里·德怀恩·佩顿
ཕྱི་ཡིག་གི་མིང་།
Gary Dwayne Payton
རྒྱལ་ཁབ།
ཨ་རི།
སྐྱེས་ལོ།
སྤྱི་ལོ1968ལོའི་ཟླ7པའི་ཚེས23ཉིན།
སྐྱེས་ཡུལ།
ཨ་རིའི་ཅཱ་ལི་ཧྥུའུ་ཉི་ཡཱའི་ཨའོ་ཁུ་ལན་གྲོང་ཁྱེར།
ལུས་རྩལ་རྣམ་གྲངས།
གཟེབ་གྲུག
ལུས་པོའི་རིང་ཚད།
སྨི1.93
ལུས་པོའི་ལྗིད་ཚད།
སྤྱི་རྒྱ82
མཐར་ཕྱིན་སློབ་ཆེན།
ཨུ་ལུ་ཀང་མངའ་ཁུལ་སློབ་ཆེན།
ཨང་རྟགས།
20
ལས་འགན།
རྒྱབ་སྲུང་བཀོད་འདོམས་པ།
1 ​ངོ་སྤྲོད། 

ཅཱ་ལི•ཕེ་ཏུན་ནི་སྤྱི་ལོ1968ལོའི་ཟླ7པའི་ཚེས23ཉིན་ཨ་རིའི་ཅཱ་ལི་ཧྥུའུ་ཉི་ཡཱའི་ཨའོ་ཁུ་ལན་གྲོང་ཁྱེར་དུ་སྐྱེས། དེ་སྔོན་གྱི་ཨ་རིའི་ཆེད་ལས་གཟེབ་གྲུག་ལུས་རྩལ་པ་དང་རྒྱབ་སྲུང་བཀོད་འདོམས་པ་ཞིག་ཡིན། མིང་གཞན་ལ་ལག་འབོབ་ཏུ་འབོད།

ཁོང་གི་ཡབ་ནི་མཐོ་འབྲིང་ཞིག་གི་གཟེབ་གྲུག་འཁྲིད་སྟོན་པ་ཞིག་ཡིན། ཡིན་ཡང་ཁོང་ལ་རེ་བ་ནན་མོ་བཏོན་པས་དབང་གིས་མཐོ་འབྲིང་མཐར་ཕྱིན་དུས་སུ་ཅཱ་ལི•ཕེ་ཏུན་ནི་ཕུལ་དུ་བྱུང་བའི་གཟེབ་གྲུག་ལུས་རྩལ་པ་ཞིག་ཏུ་གྱུར་ཡོད། དེའི་རྗེས་སུ་ཁོ་རང་ཨུ་ལུ་ཀང་མངའ་ཁུལ་སློབ་ཆེན་དུ་འགྲིམས་ནས་གྲུབ་འབྲས་མི་དམན་པ་བླངས། མཐར་ཕྱིན་སྐབས་སུ་ཨ་རིའི་ཆེས་ཕུལ་དུ་བྱུང་བའི་སློབ་ཆེན་གཟེབ་གྲུག་ལུས་རྩལ་པར་གྱུར། 

སྤྱི་ལོ1990ལོའིNBAཡི་གཟེབ་གྲུག་ལུས་རྩལ་མི་སྣ་འདེམས་པའི་ཚོགས་ཆེན་སྟེང་རིམ་པ་ཐོག་མའི་ཨང་རིམ་གཉིས་པའི་ཐོབ་ཐང་གིས་ཞི་ཡཱ་ཐུའུ་སྒྲ་ལས་མྱུར་རུ་ཁག་གིས་བདམས། དེ་ནས་བཟུང་རུ་ཁག་དེ་རུ་ནུས་ཤུགས་བཏོན་པ་དང་གྲུབ་འབྲས་ཆེན་པོ་བླངས། དེའི་རྗེས་སུ་ཤ་ཕོ་རུ་ཁག་དང་མཚོ་མི་རུ་ཁག ཁའེ་ཨེར་ཐུ་མི་རུ་ཁག་དང་མའེ་ཨ་སྨི་མེ་འབར་རུ་ཁག་སོགས་སུ་ཞུགས་མྱོང་ལ་སྤྱི་ལོ2007ལོ་ནས་སྤྱི་ལོ2008ལོའི་འགྲན་ཚིགས་མཇུག་རྫོགས་རྗེས་ལས་འཁྱུར་ངལ་གསོ་བྱས།

2 གྲུབ་འབྲས།

NBAརྟིང་རྩོད་འགྲན་སྡུར་གྱི་གསེར་གྱི་རྟགས་མ་ཐེངས་གཅིག་ལ་ཐོབ།

NBAཡི་གཟེབ་གྲུག་རྩེད་མཁན་གྲགས་ཅན་ཡོངས་ཀྱི་དཔུང་ཤུགས་སུ་ཐེངས་དགུ་ལ་བདམས།

NBAཡི་གཟེབ་གྲུག་ལུས་རྩལ་པའི་རྩེ་ཕུད་དཔུང་ཤུགས་སུ་ཐེངས་གཉིས་ལ་བདམས། 

NBAཡི་གཟེབ་གྲུག་ལུས་རྩལ་པའི་རྩེ་ཕུད་རིམ་པ་གཉིས་པའི་དཔུང་ཤུགས་སུ་ཐེངས་ལྔ་ལ་བདམས། 

NBAཡི་གཟེབ་གྲུག་ལུས་རྩལ་པའི་ཁྲོད་རྩེ་ཕུད་འགོག་སྲུང་དཔུང་ཤུགས་སུ་ཐེངས་དགུ་ལ་བདམས།

ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐེངས་གཉིས་ལ་ཐོབ།

སྤྱི་ལོ2013ལོར་ནའེ་ཧྲི་སྨི་སིའི་གཟེབ་གྲུག་མི་གྲགས་གླིང་དུ་བདམས་པ་ཡིན།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

NBA གཟེབ་གྲུག ལུས་རྩལ་པ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-02-25

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།