ཨན་ཏུ་ལུའུ•བེ་ཅིན་སི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨན་ཏུ་ལུའུ•བེ་ཅིན་སི།
ཨན་ཏུ་ལུའུ•བེ་ཅིན་སི་ནི་སྤྱི་ལོ1995ལོའི་ཟླ2པའི་ཚེས23ཉིན་ཁ་ན་ཏའི་ཏུའོ་ལུན་ཏུའོ་གྲོང་ཁྱེར་དུ་སྐྱེས། ཁ་ན་ཏའི་ཆེད་ལས་གཟེབ་གྲུག་མི་སྣ་ཞིག་ཡིན་ཞིང་། སྐར་ལེན་རྒྱབ་སྲུང་བ་དང་གདོང་ལེན་གཞུག་མའི་འགན་ཁུར་ཡོད། ད་ལྟNBAནགས་གསེབ་སྤྱང་ཀི་རུ་ཁག་ཏུ་ནུས་ཤུགས་འདོན་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安德鲁·威金斯
ཕྱི་ཡིག་གི་མིང་།
Andrew Wiggins
རྒྱལ་ཁབ།
ཁ་ན་ཏ།
སྐྱེས་ལོ།
སྤྱི་ལོ1995ལོའི་ཟླ2པའི་ཚེས23ཉིན།
སྐྱེས་ཡུལ།
ཁ་ན་ཏའི་ཏུའོ་ལུན་ཏུའོ་གྲོང་ཁྱེར།
ལུས་རྩལ་རྣམ་གྲངས།
གཟེབ་གྲུག
གཟུགས་པོའི་རིང་ཚད།
སྨི2.03
ལུས་པོའི་ལྗིད་ཚད།
སྤྱི་རྒྱ91
མཐར་ཕྱིན་སློབ་ཆེན།
ཁན་སཱ་སི་སློབ་ཆེན།
ཨང་རྟགས།
22
ལས་འགན།
སྐར་ལེན་རྒྱབ་སྲུང་བ། གདོང་ལེན་གཞུག་མ།
ཁོངས་གཏོགས་རུ་ཁག
ནགས་གསེབ་སྤྱང་ཀི་རུ་ཁག
1 ངོ་སྤྲོད།

ཨན་ཏུ་ལུའུ•བེ་ཅིན་སི་ནི་སྤྱི་ལོ1995ལོའི་ཟླ2པའི་ཚེས23ཉིན་ཁ་ན་ཏའི་ཏུའོ་ལུན་ཏུའོ་གྲོང་ཁྱེར་དུ་སྐྱེས།  ཁ་ན་ཏའི་ཆེད་ལས་གཟེབ་གྲུག་མི་སྣ་ཞིག་ཡིན་ཞིང་། སྐར་ལེན་རྒྱབ་སྲུང་བ་དང་གདོང་ལེན་གཞུག་མའི་འགན་ཁུར་ཡོད། ད་ལྟNBAནགས་གསེབ་སྤྱང་ཀི་རུ་ཁག་ཏུ་ནུས་ཤུགས་འདོན་བཞིན་ཡོད།

ཨན་ཏུ་ལུའུ•བེ་ཅིན་སི་སྤྱི་ལོ2011ལོར་ཨན་ཏཱ་ལུའེ་ཝོ་ཨུན་སློབ་འབྲིང་དུ་ཞུགས་ཤིང་ལོ་གཉིས་ཀྱི་རྗེས་སུ་ཨ་རིའི་ཧྥུའུ་ཅི་ཉི་ཡ་ནུབ་མའི་ཧེང་ཐིང་ཏུན་མཐོ་འབྲིང་དུ་ཞུགས། སྤྱི་ལོ2013ལོའི་ཟླ6པའི་ཚེས19ཉིན་ཁན་ས་སིའི་སློབ་ཆེན་དུ་ཞུགས།

སྤྱི་ལོ2014ལོའི་ཟླ6པའི་ཚེས27ཉིནNBAགཟེབ་གྲུག་ལུས་རྩལ་པ་གསར་བ་འདེམས་པའི་ཚོགས་ཆེན་སྟེང་ཨན་ཏུ་ལུའུ•བེ་ཅིན་སི་རིམ་པ་ཐོག་མའི་ཨང་རིམ་དང་པོའི་ཐོབ་ཐང་གིས་ཁུ་ལི་ཧྥུའུ་ལན་སྐྱ་དམག་རུ་ཁག་གིས་བདམས། ཡིན་ཡང་སྤྱི་ལོ2014ལོའི་ཟླ8པའི་ཚེས7ཉིན་ནགས་གསེབ་སྤྱང་ཀི་རུ་ཁག་ཏུ་ཕྱིར་བཙོངས། ད་ལྟ་ནགས་གསེབ་སྤྱང་ཀི་རུ་ཁག་ཏུ་ནུས་ཤུགས་འདོན་བཞིན་ཡོད།

2 གྲུབ་འབྲས།

སྤྱི་ལོ2012ལོའི་ཟླ7པར་ཧཱ་ཧྲིན་ཏུན་ཀུ་ལུན་པི་ཡཱ་ཁུལ་དུNikeའཛམ་གླིང་འགྲན་སྡུར་ཁྲོད་རྒྱལ་སྤྱིའི་ཆེས་ཕུལ་དུ་བྱུང་བའི་དཔུང་ཤུགས་སུ་བདམས།

སྤྱི་ལོ2013ལོའི་ཟླ2པའི་ཚེས25ཉིན་ཨན་ཏུ་ལུའུ•བེ་ཅིན་སི་ལ་ནའེ་ཧྲི་སྨི་སི་ལོ་དེའི་མཐོ་འབྲིང་གཟེབ་གྲུག་ལུས་རྩལ་པར་བདམས། 

སྤྱི་ལོ2013ལོར་ཅཱ་ཏུ་ལུ་ཨ་རིའི་ཆེས་ཕུལ་དུ་བྱུང་བའི་མཐོ་འབྲིང་གཟེབ་གྲུག་པར་བདམས། 

སྤྱི་ལོ2013ལོའི་ཟླ5པར་ཨ་རིའི་གཟེབ་གྲུག་སྐུ་ཞབས་སུ་བདམས། 

སྤྱི་ལོ2018ལོའི་གཟེབ་གྲུག་ལུས་རྩལ་པ་གསར་བའི་རྩེ་ཕུད་དཔུང་ཤུགས་ཀྱི་འགྲན་སྡུར་ཁྲོད་ཆེས་རིན་ཐང་ཅན་གྱི་གཟེབ་གྲུག་པ(MVP)རུ་བདམས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

NBA གཟེབ་གྲུག ལུས་རྩལ་པ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-02-25

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།