ལཱ་ཐུ་ལི་ཨེར•སི་ཕུའུ་ལེ་བེ་ཨེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལཱ་ཐུ་ལི་ཨེར•སི་ཕུའུ་ལེ་བེ་ཨེར།
ལཱ་ཐུ་ལི་ཨེར•སི་ཕུའུ་ལེ་བེ་ཨེར་ནི་སྤྱི་ལོ1970ལོའི་ཟླ9པའི་ཚེས8ཉིན་ཨ་རིའི་བེ་སི་ཁང་ཞིང་མངའ་ཁུལ་གྱི་སྨི་ཨེར་ཝོ་ཅི་རུ་སྐྱེས། དེ་སྔོན་གྱི་ཨ་རིའི་ཆེད་ལས་གཟེབ་གྲུག་ལུས་རྩལ་པ་ཞིག་དང་སྐར་ལེན་རྒྱབ་སྲུང་བ་དང་གདོང་ལེན་གཞུག་མའི་འགན་ཁུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
拉特里尔·斯普雷维尔
ཕྱི་ཡིག་གི་མིང་།
Latrell Sprewell
རྒྱལ་ཁབ།
ཨ་རི།
སྐྱེས་ལོ།
སྤྱི་ལོ1970ལོའི་ཟླ9པའི་ཚེས8ཉིན།
སྐྱེས་ཡུལ།
ཨ་རིའི་བེ་སི་ཁང་ཞིང་མངའ་ཁུལ་གྱི་སྨི་ཨེར་ཝོ་ཅི།
ལུས་རྩལ་རྣམ་གྲངས།
གཟེབ་གྲུག་ལུས་རྩལ་པ།
གཟུགས་པོའི་རིང་ཚད།
སྨི1.96
གཟུགས་པོའི་ལྗིད་ཚད།
སྤྱི་རྒྱ89
མཐར་ཕྱིན་སློབ་ཆེན།
ཨཱ་ལཱ་པཱ་མཱ་སློབ་ཆེན།
ཨང་རྟགས།
8
ལས་འགན།
སྐར་ལེན་རྒྱབ་སྲུང་བ། གདོང་ལེན་གཞུག་མ།
1 ངོ་སྤྲོད།

ལཱ་ཐུ་ལི་ཨེར•སི་ཕུའུ་ལེ་བེ་ཨེར་ནི་སྤྱི་ལོ1970ལོའི་ཟླ9པའི་ཚེས8ཉིན་ཨ་རིའི་བེ་སི་ཁང་ཞིང་མངའ་ཁུལ་གྱི་སྨི་ཨེར་ཝོ་ཅི་རུ་སྐྱེས། དེ་སྔོན་གྱི་ཨ་རིའི་ཆེད་ལས་གཟེབ་གྲུག་ལུས་རྩལ་པ་ཞིག་དང་སྐར་ལེན་རྒྱབ་སྲུང་བ་དང་གདོང་ལེན་གཞུག་མའི་འགན་ཁུར་ཡོད། 

ཁོ་རང་ཆུང་དུས་སུ་ཨ་རིའི་བེ་སི་ཁང་ཞིང་མངའ་ཁུལ་གྱི་སྨི་ཨེར་ཝོ་ཅིའི་ཧཱ་ཧྲིན་ཏུན་མཐོ་འབྲིང་དུ་ཞུགས་པ་དང་དེའི་རྗེས་ཀྱི་སྤྱི་ལོ1990ལོ་ནས་སྤྱི་ལོ1992ལོའི་བར་དུ་ཁོ་རང་ཨཱ་ལཱ་པཱ་མཱ་སློབ་ཆེན་དུ་ཞུགས་ནས་གཟེབ་གྲུག་ཕྱོགས་ལ་སྦྱངས་བ་ཆེན་པོ་བྱས།

སྤྱི་ལོ1992ལོར་ལཱ་ཐུ་ལི་ཨེར•སི་ཕུའུ་ལེ་བེ་ཨེར་ནིNBAགཟེབ་གྲུག་ལུས་རྩལ་པ་གསར་བ་འདེམས་པའི་ཚོགས་ཆེན་སྟེང་ཞུགས་ནས་རིམ་པ་ཐོག་མའི་ཨང་རིམ་ཉེར་བཞིའི་ཐོབ་ཐང་གིས་ཅིན་ཀྲུའུ་དཔའ་རྟུལ་རུ་ཁག་གིས་བདམས། སྤྱི་ལོ1997ལོ་ནས་སྤྱི་ལོ1998ལོའི་འགྲན་ཚིགས་སུ་སྐེ་བགག་པའི་དོན་རྐྱེན་བྱུང་བས་འགྲན་སྡུར་རེ་གཉིས་ལ་ཞུགས་མི་ཆོག་པའི་ཆད་པ་བཅད། དེའི་རྗེས་སུ་ཉི་ཁུ་སི་རུ་བཙོངས་པ་དང་སྤྱི་ལོ2003ལོར་ཁོ་རང་ནགས་གསེབ་སྤྱང་ཀི་རུ་ཁག་ཏུ་ཞུགས་ཤིང་ཁའེ་བུན•ཅཱ་ནེ་ཐུ་དང་སཱ་མུའུ•ཁཱ་སའེ་ཨེར་གཉིས་མཉམ་དུ་སྐད་གྲགས་ཅན་གྱི་མི་གསུམ་ཚོགས་པ་གྲུབ། སྤྱི་ལོ2004ལོ་ནས་སྤྱི་ལོ2005ལོའི་བར་གྱི་འགྲན་ཚིགས་མཇུག་རྫོགས་རྗེས་ནགས་གསེབ་སྤྱང་ཀི་རུ་ཁག་གིས་ལོ་གསུམ་ཅན་གྱི་གན་རྒྱ་བྱིན་ཡང་ཁོས་དེ་དང་ལེན་མ་བྱས་པར་ལས་འཁྱུར་ངལ་གསོ་བྱས།

2 གྲུབ་འབྲས།

སྤྱི་ལོ1993ལོའི་གཟེབ་གྲུག་ལུས་རྩལ་པ་གསར་བའི་རྩེ་ཕུད་རིམ་པ་གཉིས་པའི་དཔུང་ཤུགས་བདམས།

NBAཡི་གཟེབ་གྲུག་རྩེད་མཁན་གྲགས་ཅན་ཡོངས་ཀྱི་དཔུང་ཤུགས་སུ་ཐེངས་བཞི་ལ་བདམས།

NBAཡི་གཟེབ་གྲུག་ལུས་རྩལ་པའི་རྩེ་ཕུད་དཔུང་ཤུགས་སུ་ཐེངས་གཅིག་ལ་བདམས། 

NBAཡི་གཟེབ་གྲུག་ལུས་རྩལ་པའི་རྩེ་ཕུད་རིམ་པ་གཉིས་པའི་དཔུང་ཤུགས་སུ་ཐེངས་གཅིག་ལ་བདམས། 

NBAཡི་གཟེབ་གྲུག་ལུས་རྩལ་པའི་ཁྲོད་རྩེ་ཕུད་རིམ་པ་གཉིས་པའི་འགོག་སྲུང་དཔུང་ཤུགས་སུ་ཐེངས་གཅིག་ལ་བདམས།

NBAཡི་ཆེས་ཕུལ་དུ་བྱུང་བའི་རུ་མི་ཨང་དྲུག་པའི་རྟགས་མ་ཐེངས་གཉིས་ལ་ཐོབ།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

NBA གཟེབ་གྲུག ལུས་རྩལ་པ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-02-25

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།