ཁྲ་ཨེར་སི•པཱ་ཁུ་ལི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲ་ཨེར་སི•པཱ་ཁུ་ལི།
ཁྲ་ཨེར་སི•པཱ་ཁུ་ལི་ནི་སྤྱི་ལོ1963ལོའི་ཟླ2པའི་ཚེས20ཉིན་ཨ་རིའི་ཡཱ་ལཱ་པཱ་མཱ་མངའ་ཁུལ་གྱི་ལི་ཚི་གྲོང་ཁྱེར་དུ་སྐྱེས། དེ་སྔོན་གྱི་ཨ་རིའི་ཆེད་ལས་གཟེབ་གྲུག་ལུས་རྩལ་པ་དང་པཱ་སའེ་ལུའོ་ནཱ་ཨོ་རྩལ་འགྲན་ཚོགས་དང་ཡཱ་ཐུ་ལན་ཏཱ་ཨོ་རྩལ་འགྲན་ཚོགས་ཀྱི“རྨི་ལམ་རུ་ཁག”གི་རུ་མིའི་གྲས་ཡིན། མིང་ལ་མཁའ་བསྐྱོད་ཕག་རྒོད་དུ་འབོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
查尔斯·韦德·巴克利
ཕྱི་ཡིག་གི་མིང་།
Charles Wade Barkley
མིང་གཞན།
མཁའ་བསྐྱོད་ཕག་རྒོད།
རྒྱལ་ཁབ།
ཨ་རི།
སྐྱེས་ལོ།
སྤྱི་ལོ1963ལོའི་ཟླ2པའི་ཚེས20ཉིན།
སྐྱེས་ཡུལ།
ཨ་རིའི་ཡཱ་ལཱ་པཱ་མཱ་མངའ་ཁུལ་གྱི་ལི་ཚི་གྲོང་ཁྱེར།
ལུས་རྩལ་རྣམ་གྲངས།
གཟེབ་གྲུག
ལུས་པོའི་རིང་ཚད།
སྨི1.98
ལུས་པོའི་ལྗིད་ཚད།
སྤྱི་རྒྱ114
མཐར་ཕྱིན་སློབ་ཆེན།
ཨའོ་པུན་སློབ་ཆེན།
ལས་འགན།
གདོང་ལེན་སྔོན་མ།
ཨང་རྟགས།
34
1 ངོ་སྤྲོད།

ཁྲ་ཨེར་སི•པཱ་ཁུ་ལི་ནི་སྤྱི་ལོ1963ལོའི་ཟླ2པའི་ཚེས20ཉིན་ཨ་རིའི་ཡཱ་ལཱ་པཱ་མཱ་མངའ་ཁུལ་གྱི་ལི་ཚི་གྲོང་ཁྱེར་དུ་སྐྱེས། དེ་སྔོན་གྱི་ཨ་རིའི་ཆེད་ལས་གཟེབ་གྲུག་ལུས་རྩལ་པ་དང་པཱ་སའེ་ལུའོ་ནཱ་ཨོ་རྩལ་འགྲན་ཚོགས་དང་ཡཱ་ཐུ་ལན་ཏཱ་ཨོ་རྩལ་འགྲན་ཚོགས་ཀྱི“རྨི་ལམ་རུ་ཁག”གི་རུ་མིའི་གྲས་ཡིན། མིང་ལ་མཁའ་བསྐྱོད་ཕག་རྒོད་དུ་འབོད།

ཁྲ་ཨེར་སི•པཱ་ཁུ་ལི་ལི་ཚི་མཐོ་འབྲིང་འགྲིམ་སྐབས་སུ་གཟུགས་པོ་སོགས་ལ་འཕེལ་རྒྱས་བྱུང་བ་དང་ལོ་རིམ་བཞི་བའི་སྐབས་སུ་སློབ་གྲྭའི་གཟེབ་གྲུག་རུ་ཁག་གི་སྣེ་ཁྲིད་ནས་མངའ་ཁུལ་གྱི་རྟིང་རྩོད་བར་མའི་འགྲན་རིམ་དུ་ཚུད་པས་གཞན་གྱིས་ཁོང་གི་གཟེབ་གྲུག་ལག་རྩལ་ལ་དོ་སྣང་བྱུང་ཞིང་དེ་མུར་ཨའོ་པུན་སློབ་ཆེན་གྱི་གཟེབ་གྲུག་འཁྲིད་སྟོན་པ་སུའོ་ཉི•ཧྲི་སྨི་སི་ལགས་ཀྱི་ཁོ་རང་ཨའོ་པུན་སློབ་ཆེན་དུ་བླངས། 

སློབ་ཆེན་ལོ་རིམ་གསུམ་པའི་སྐབས་ཏེ་སྤྱི་ལོ1984ལོར་ཁོ་རངNBAཡིས་གཟེབ་གྲུག་ལུས་རྩལ་པ་གསར་བ་འདེམས་པའི་ཚོགས་ཆེན་དུ་ཞུགས་པ་དང་རིམ་པ་ཐོག་མའི་ཨང་རིམ་ལྔ་བའི་ཐོབ་ཐང་གིས་ཧྥེ་ཁྲེང་མི76རུ་ཁག་གིས་བདམས་ཤིང་རུ་ཁག་དུ་ནུས་ཤུགས་བཏོན། སྤྱི་ལོ1992ལོའི་ཟླ7པའི་ཚེས17ཉིན་ཁྲ་ཨེར་སི•པཱ་ཁུ་ལི་ཧྥེ་ཉི་ཁུ་སི་ཉིན་བྱེད་རུ་ཁག་ཏུ་བརྗེས་ཤིང་དེ་རུ་རྩལ་ཤུགས་བཏོན་ནས་ལོ་རྒྱུས་ཟིན་ཐོ་མང་དུ་བསྐྲུན། སྤྱི་ལོ1995ལོ་ནས་སྤྱི་ལོ1996ལོའི་འགྲན་ཚིགས་མཇུག་རྫོགས་རྗེས་ཁོ་རང་འཕུར་མདའ་རུ་ཁག་ཏུ་ཞུགས། ལོ་ངོ་དུ་མར་རུ་ཁག་དེ་རུ་གཟེབ་གྲུག་འགྲན་སྡུར་ཕྱོགས་ལ་རྩལ་ནུས་བཏོན་ཞིང་སྤྱི་ལོ2000ལོར་གཟེབ་གྲུག་སྡེ་ཁག་ནས་ལས་འཁྱུར་ངལ་གསོ་བྱས། 

2 གྲུབ་འབྲས།

NBAཡི་རྒྱུན་གཏན་འགྲན་ཚིགས་ཀྱི་ཆེས་རིན་ཐང་ལྡན་པའི་གཟེབ་གྲུག་ལུས་རྩལ་པའི་རྟགས་མ(MVP)ཐེངས་གཅིག་ལ་ཐོབ།

NBAཡི་གཟེབ་གྲུག་རྩེད་མཁན་གྲགས་ཅན་ཡོངས་ཀྱི་དཔུང་ཤུགས་སུ་ཐེངས་བཅུ་གཅིག་ལ་བདམས་ཤིང་འགྲན་སྡུར་དེ་ཡི་ཆེས་རིན་ཐང་ལྡན་པའི་སྤོ་ལོ་རྩེད་མཁན་གྱི་རྟགས་མ་ཐེངས་གཅིག་ལ་ཐོབ།

NBAཡི་གཟེབ་གྲུག་ལུས་རྩལ་པའི་རྩེ་ཕུད་དཔུང་ཤུགས་སུ་ཐེངས་ལྔ་བདམས།  

ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐེངས་ལ་གཉིས་ལ་ཐོབ།

སྤྱི་ལོ2006ལོར་ནའེ་ཧྲི་སྨི་སིའི་གཟེབ་གྲུག་མི་གྲགས་གླིང་དུ་བདམས་པ་ཡིན།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

NBA གཟེབ་གྲུག ལུས་རྩལ་པ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-04

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།