པུན•ཞི་མེང་སི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པུན•ཞི་མེང་སི།
པུན•ཞི་མེང་སི་ནི་སྤྱི་ལོ1996ལོའི་ཟླ7པའི་ཚེས20ཉིན་ཨོ་སི་ཁྲུ་ལི་ཡའི་མོ་ཨེར་པུན་གྲོང་ཁྱེར་དུ་སྐྱེས། ཨོ་སི་ཁྲུ་ལི་ཡའི་ཆེད་ལས་གཟེབ་གྲུག་ལུས་རྩལ་པ་ཞིག་ཡིན། རྒྱབ་སྲུང་བ་དང་གདོང་ལེན་པའི་འགན་བཞེས་ཡོད། ད་ལྟ་ཧྥེ་ཁྲིན་གྲོང་ཁྱེར་གྱི་མི76རུ་ཁག་ཏུ་ཞུགས་ནས་ནུས་ཤུགས་འདོན་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
本·西蒙斯
ཕྱི་ཡིག་གི་མིང་།
Ben Simmons
རྒྱལ་ཁབ།
ཨོ་སི་ཁྲུ་ལི་ཡ།
སྐྱེས་ཡུལ།
སྤྱི་ལོ1996ལོའི་ཟླ7པའི་ཚེས20ཉིན།
སྐྱེས་ཡུལ།
ཨོ་སི་ཁྲུ་ལི་ཡའི་མོ་ཨེར་པུན་གྲོང་ཁྱེར།
ལུས་རྩལ་རྣམ་གྲངས།
གཟེབ་གྲུག
གཟུགས་པོའི་རིང་ཚད།
སྨི2.08
ལུས་པོའི་ལྗིད་ཚད།
སྤྱི་རྒྱ104
མཐར་ཕྱིན་སློབ་ཆེན།
ལུའུ་དབྱི་སི་ཨན་ནཱ་མངའ་ཁུལ་སློབ་ཆེན།
ཨང་རྟགས།
25
ལས་འགན།
རྒྱབ་སྲུང་བ། གདོང་ལེན་པ།
ཁོངས་གཏོགས་རུ་ཁག
མི76རུ་ཁག།
1 ངོ་སྤྲོད།

པུན•ཞི་མེང་སི་ནི་སྤྱི་ལོ1996ལོའི་ཟླ7པའི་ཚེས20ཉིན་ཨོ་སི་ཁྲུ་ལི་ཡའི་མོ་ཨེར་པུན་གྲོང་ཁྱེར་དུ་སྐྱེས། ཨོ་སི་ཁྲུ་ལི་ཡའི་ཆེད་ལས་གཟེབ་གྲུག་ལུས་རྩལ་པ་ཞིག་ཡིན། རྒྱབ་སྲུང་བ་དང་གདོང་ལེན་པའི་འགན་བཞེས་ཡོད། ད་ལྟ་ཧྥེ་ཁྲིན་གྲོང་ཁྱེར་གྱི་མི76རུ་ཁག་ཏུ་ཞུགས་ནས་ནུས་ཤུགས་འདོན་བཞིན་ཡོད།

ཁོ་རང་ལོ་ངོ་བདུན་གྱི་སྐབས་ནས་བཟུང་གཟེབ་གྲུག་འགན་སྡུར་དངོས་ལ་ཞུགས་པ་དང་སྐྱུ་རུའི་སྤོ་ལོའི་འགྲན་སྡུར་དུའང་ཞུགས། ལོ14ནས་བཟུང་གཟེབ་གྲུག་ཕྱོགས་ལ་སྦྱངས་བ་རྩེ་གཅིག་ལ་བྱས། མཐོ་འབྲིང་སྐབས་སུ་ཨ་རིའི་མེང་ཐུ་ཝོ་ཏུ་སློབ་གླིང་དུ་ཞུགས་པ་དང་སློབ་གྲྭ་དེ་གའི་གཟེབ་གྲུག་རུ་ཁག་ཏུ་ཞུགས་ནས་རྒྱལ་ཡོངས་མཐོ་འབྲིང་གི་རྟིང་རྩོད་འགྲན་སྡུར་གྱི་གསེར་གྱི་རྟགས་མ་བླངས། ཁོ་རང་ཡང་ཆེས་རིན་ཐང་ལྡན་པའི་གཟེབ་གྲུག་ལུས་རྩལ་པར་བདམས། སྤྱི་ལོ2015ལོར་པུན•ཞི་མེང་སི་ལུའུ་དབྱི་སི་ཨན་ནཱ་མངའ་ཁུལ་སློབ་ཆེན་དུ་ཞུགས་ཤིང་སློབ་གྲྭ་དེའི་གཟེབ་གྲུག་རུ་ཁག་ཏུ་ཞུགས་ནས་འབྲས་བུ་མི་དམན་པ་བླངས། 

སྤྱི་ལོ2016ལོའི་ཟླ6པའི་ཚེས24ཉིན་གྱིNBAགཟེབ་གྲུག་ལུས་རྩལ་པ་གསར་བ་འདེམས་པའི་ཚོགས་ཆེན་སྟེང་རིམ་པ་ཐོག་མའི་ཨང་རིམ་དང་པོའི་ཐོབ་ཐང་གིས་ཧྥེ་ཁྲིན་གྲོང་ཁྱེར་མི76ཚོགས་པས་བདམས། ལོ་དེར་རྐང་བར་རྨས་སྐྱོན་བྱུང་བསNBAའགྲན་སྡུར་དུ་ཞུགས་ཐབས་མ་བྱུང་། སྤྱི་ལོ2017ལོའི་ཟླ10པའི་ཚེས19ཉིན་དངོས་སུ་འགྲན་སྡུར་དུ་ཞུགས་ཤིང་རིམ་བཞིན་འགྲན་སྡུར་མང་པོའི་ཁྲོད་ལོ་རྒྱུས་ཟིན་ཐོ་མང་དུ་བསྐྲུན། ད་ལྟ་ཧྥེ་ཁྲིན་གྲོང་ཁྱེར་གྱི་མི76རུ་ཁག་གི་གཙོ་ཤུགས་མི་སྣའི་འགན་བཞེས་ཡོད།

2  གྲུབ་འབྲས།

སྤྱི་ལོ2015ལོ་ནས་སྤྱི་ལོ2016ལོའི་བར་གྱི་ཨ་རིའི་གཟེབ་གྲུག་རྩོམ་པ་པོ་ལྷན་ཚོགས་ཆེས་ཕུལ་དུ་བྱུང་བའི་གཟེབ་གྲུག་ལུས་རྩལ་པར་བདམས།

སྤྱི་ལོ2015ལོ་ནས་སྤྱི་ལོ2016ལོའི་ཨ་རིའི་སློབ་ཆེན་ཡོངས་ཀྱི་གཟེབ་གྲུག་ལུས་རྩལ་པ་རྩེ་གྲས་སུ་བདམས།

སྤྱི་ལོ2017ལོ་ནས་སྤྱི་ལོ2018ལོའི་གཟེབ་གྲུག་ལུས་རྩལ་པ་གསར་བའི་རྩེ་ཕུད་དཔུང་ཤུགས་སུ་བདམས།

སྤྱི་ལོ2017ལོ་ནས་སྤྱི་ལོ2018ལོའི་ཆེས་ཕུལ་དུ་བྱུང་བའི་གཟེབ་གྲུག་ལུས་རྩལ་པ་གསར་བའི་རྟགས་མ་ཐོབ།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

NBA གཟེབ་གྲུག ལུས་རྩལ་པ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-04

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།