པའོ་ལུའོ•ཕི་ཨེར་སི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པའོ་ལུའོ•ཕི་ཨེར་སི།
པའོ་ལུའོ•ཕི་ཨེར་སི་ནི་སྤྱི་ལོ1977ལོའི་ཟླ10པའི་ཚེས13ཉིན་ཨ་རིའི་ཅཱ་ལི་ཧྥུའུ་ཉི་ཡཱ་མངའ་ཁུལ་གྱི་ཨའོ་ཁུ་ལན་གྲོང་ཁྱེར་དུ་སྐྱེས། སྔོན་གྱི་ཨ་རིའི་ཆེད་ལས་གཟེབ་གྲུག་ལུས་རྩལ་པ་དང་གདོང་ལེན་གཞུག་མའི་འགན་ཁུར། མིང་གཞན་ལ་བདེན་ལུགས་སུ་འབོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
保罗·皮尔斯
ཕྱི་ཡིག་གི་མིང་།
Paul Pierce
རྒྱལ་ཁབ།
ཨ་རི།
སྐྱེས་ལོ།
སྤྱི་ལོ1977ལོའི་ཟླ10པའི་ཚེས13ཉིན།
སྐྱེས་ཡུལ།
ཨ་རིའི་ཅཱ་ལི་ཧྥུའུ་ཉི་ཡཱ་མངའ་ཁུལ་གྱི་ཨའོ་ཁུ་ལན་གྲོང་ཁྱེར།
ལུས་རྩལ་རྣམ་གྲངས།
གཟེབ་གྲུག
གཟུགས་པོའི་རིང་ཚད།
སྨི2.01
ལུས་པོའི་ལྗིད་ཚད།
སྤྱི་རྒྱ107
མཐར་ཕྱིན་སློབ་ཆེན།
ཁན་སཱ་སི་སློབ་ཆེན།
ཨང་རྟགས།
34
1 ངོ་སྤྲོད།

པའོ་ལུའོ•ཕི་ཨེར་སི་ནི་སྤྱི་ལོ1977ལོའི་ཟླ10པའི་ཚེས13ཉིན་ཨ་རིའི་ཅཱ་ལི་ཧྥུའུ་ཉི་ཡཱ་མངའ་ཁུལ་གྱི་ཨའོ་ཁུ་ལན་གྲོང་ཁྱེར་དུ་སྐྱེས། སྔོན་གྱི་ཨ་རིའི་ཆེད་ལས་གཟེབ་གྲུག་ལུས་རྩལ་པ་དང་གདོང་ལེན་གཞུག་མའི་འགན་ཁུར། མིང་གཞན་ལ་བདེན་ལུགས་སུ་འབོད།

ཁོང་ཉིད་ཁྱིམ་ཚང་དབུལ་བོ་ཞིག་ཏུ་སྐྱེས་པ་དང་ཆུང་དུས་ནས་བཟུང་གཟེབ་གྲུག་ཕྱོགས་སུ་ལྷན་སྐྱེས་ཀྱི་ཤེས་རབ་དང་སྤྲོ་བ་ཚད་མེད་པ་ཞིག་མངོན། སྤྱི་ལོ1991ལོར་ལུའོ་ཧྲན་ཅིའི་ཡིན་ཀུ་ཨེར་ཝུའུ་ཏུ་སློབ་འབྲིང་དུ་ཞུགས་རྗེས་སློབ་གྲྭ་དེའི་གཟེབ་གྲུག་རུ་ཁག་གི་རུ་གཙོའི་འགན་བཞེས། སྤྱི་ལོ1995ལོར་ཁན་སཱ་སི་སློབ་ཆེན་དུ་ཞུགས་རྗེས་སློབ་གྲྭའི་ཚབ་བྱས་ནས་གཟེབ་གྲུག་འགྲན་བསྡུར་དུ་ཞུགས་ནས་གྲུབ་འབྲས་ཆེན་པོ་བླངས།

སྤྱི་ལོ1998ལོའི་ཟླ6པའི་ཚེས24ཉིན་གྱིNBAགཟེབ་གྲུག་ལུས་རྩལ་མི་སྣ་གསར་བ་འདེམས་པའི་ཚོགས་ཆེན་སྟེང་རིམ་པ་ཐོག་མའི་ཨང་རིམ་བཅུ་བའི་ཐོབ་ཐང་གིས་པོ་ཧྲི་ཏུན་ཁའེ་ཨེར་ཐུ་མི་རུ་ཁག་གིས་བདམས། སྤྱི་ལོ2008ལོའི་ཟླ6པའི་ཚེས18ཉིནNBAརྟིང་རྩོད་འགྲན་སྡུར་གྱི་འགྲན་ཐེངས་དྲུག་པའི་ཁྲོད་ཁའེ་ཨེར་ཐུ་མི་རུ་ཁག་གིས131∶92ཡི་སྐར་འབྲས་ཀྱིས་ལུའོ་ཧྲན་ཅི་མཚོ་མི་རུ་ཁག་ཕམ་པར་བྱས་ནས་གསེར་གྱི་རྟགས་མ་བླངས། དེའི་རྗེས་ཀྱི་སྤྱི་ལོ2013ལོར་པའོ་ལུའོ•ཕི་ཨེར་སི་ཉིད་པུའུ་ལུའུ་ཁུ་ལེན་གཟེབ་དྲ་རུ་ཁག་ཏུ་ཞུགས་པ་དང་རིམ་བཞིན་དུ་ཧཱ་ཧྲེང་ཏུན་འཇོན་མི་རུ་ཁག་དང་ལུའོ་ཧྲན་ཅི་མགྱོགས་གྲུ་རུ་ཁག་སོགས་སུ་ཞུགས་ནས་གཟེབ་གྲུག་ལུས་རྩལ་ཕྱོགས་ལ་རྩལ་ཤུགས་བཏོན། 

སྤྱི་ལོ2017ལོའི་ཟླ7པའི་ཚེས18ཉིན་ཁའེ་ཨེར་ཐུ་མི་རུ་ཁག་གི་གཞུང་ཕྱོགས་ནས་པའོ་ལུའོ•ཕི་ཨེར་སི་དང་གན་རྒྱ་བཞག་པ་ཁྱབ་བསྒྲགས་བྱས་ཤིང་ཉིན་དེར་ཁོང་ཉིད་ཀྱི་སྒེར་གྱི་འཕྲིན་ལམ་ནས་རང་ཉིད་ཀྱི་ལས་འཁྱུར་ངལ་གསོ་བྱེད་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

2 གྲུབ་འབྲས།

NBAརྟིང་རྩོད་འགྲན་སྡུར་གྱི་གསེར་གྱི་རྟགས་མ་ཐེངས་གཅིག་ལ་ཐོབ།

NBAཡི་གཟེབ་གྲུག་རྩེད་མཁན་གྲགས་ཅན་ཡོངས་ཀྱི་དཔུང་ཤུགས་སུ་ཐེངས་བཅུ་ལ་བདམས།

NBAརྟིང་རྩོད་འགྲན་སྡུར་གྱི་ཆེས་རིན་ཐང་ལྡན་པའི་སྤོ་ལོ་རྩེད་མཁན་གྱི་རྟགས་མ་ཐེངས་གཅིག་ལ་ཐོབ།

NBAཡི་གཟེབ་གྲུག་ལུས་རྩལ་པའི་རྩེ་ཕུད་རིམ་པ་གཉིས་པའི་དཔུང་ཤུགས་སུ་ཐེངས་གཅིག་ལ་བདམས། 

སྤྱི་ལོ2010ལོའིNBAཡི་སྐར་གསུམ་འགྲན་སྡུར་ཁྲོད་གསེར་གྱི་རྟགས་མ་བླངས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

NBA གཟེབ་གྲུག ལུས་རྩལ་པ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-02-26

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།