ཏའེ་ཧྥུའུ•ཁའོ་ཨུན་སི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏའེ་ཧྥུའུ•ཁའོ་ཨུན་སི།
ཁོང་ནི་སྤྱི་ལོ1948ལོའི་ཟླ10པའི་ཚེས25ཉིན་ཨ་རིའི་ཁུན་ཐཱ་ཅི་མངའ་ཁུལ་གྱི་ཉིའུ་པོ་ཐུ་རུ་སྐྱེས། དེ་སྔོན་ཨ་རིའི་ཆེད་ལས་གཟེབ་གྲུག་ལུས་རྩལ་པ་དང་གདོང་ལེན་བར་མ་དང་གདོང་ལེན་སྔོན་མའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་། 
戴夫·考恩斯
ཕྱི་ཡིག་གི་མིང་།
David Cowens
རྒྱལ་ཁབ།
ཨ་རི།
སྐྱེས་ལོ།
སྤྱི་ལོ1948ལོའི་ཟླ10པའི་ཚེས25ཉིན།
སྐྱེས་ཡུལ།
ཨ་རིའི་ཁུན་ཐཱ་ཅི་མངའ་ཁུལ་གྱི་ཉིའུ་པོ་ཐུ།
ལུས་རྩལ་རྣམ་གྲངས།
གཟེབ་གྲུག
ལས་འགན།
གདོང་ལེན་བར་མ། གདོང་ལེན་སྔོན་མ།
ཨང་རྟགས།
18
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1948ལོའི་ཟླ10པའི་ཚེས25ཉིན་ཨ་རིའི་ཁུན་ཐཱ་ཅི་མངའ་ཁུལ་གྱི་ཉིའུ་པོ་ཐུ་རུ་སྐྱེས། དེ་སྔོན་ཨ་རིའི་ཆེད་ལས་གཟེབ་གྲུག་ལུས་རྩལ་པ་དང་གདོང་ལེན་བར་མ་དང་གདོང་ལེན་སྔོན་མའི་འགན་བཞེས་ཡོད། 

ལོ་བརྒྱད་ཀྱི་སྟེང་གཟེབ་གྲུག་འགྲན་སྡུར་ལ་ཐོག་དང་པོར་ཞུགས། གྲུ་ཁ་གསར་མའི་གནམ་བདག་ཆོས་ལུགས་མཐོ་འབྲིང་དུ་ཞུགས་པ་དང་ཧྥུའུ་ལུའོ་ལི་ཏཱ་སློབ་ཆེན་དུ་ཞུགས། སྐད་གྲགས་ཅན་གྱི་གཟེབ་གྲུག་ལུས་རྩལ་པར་གྱུར། 

སྤྱི་ལོ1970ལོའིNBAཡི་གཟེབ་གྲུག་ལུས་རྩལ་པ་གསར་བ་འདེམས་པའི་ཚོགས་ཆེན་སྟེང་རིམ་པ་དང་ཐོག་མའི་ཨང་རིམ་བཞི་བའི་ཐོབ་ཐང་གི་སྔ་ཕྱིར་ཁའེ་ཨེར་ཐུ་མི་རུ་ཁག་དང་སྨི་ཨེར་ཝོ་ཅི་ཤ་བ་རུ་ཁག་ལ་ཞུགས། སྤྱི་ལོ1982ལོ་ནས་སྤྱི་ལོ1983ལོའི་འགྲན་ཚིགས་མཇུག་རྫོགས་མ་ཐག་ཁོང་ཉིད་ཀྱི་ལས་འཁྱུར་ངལ་གསོ་བྱེད་རྒྱུ་ཁྱབ་བསྒྲགས་བྱས། 

2 གྲུབ་འབྲས།

NBAརྟིང་རྩོད་འགྲན་སྡུར་གྱི་གསེར་གྱི་རྟགས་མ་ཐེངས་གཉིས་ལ་ཐོབ།

NBAཡི་རྒྱུན་གཏན་འགྲན་ཚིགས་ཀྱི་ཆེས་རིན་ཐང་ལྡན་པའི་གཟེབ་གྲུག་ལུས་རྩལ་པའི་རྟགས་མ(MVP)ཐེངས་གཅིག་ལ་ཐོབ།

NBAཡི་གཟེབ་གྲུག་རྩེད་མཁན་གྲགས་ཅན་ཡོངས་ཀྱི་དཔུང་ཤུགས་སུ་ཐེངས་བདུན་ལ་བདམས་ཤིང་འགྲན་སྡུར་དེ་ཡི་ཆེས་རིན་ཐང་ལྡན་པའི་སྤོ་ལོ་རྩེད་མཁན་གྱི་རྟགས་མ་ཐེངས་གཅིག་ལ་ཐོབ།

NBAཡི་གཟེབ་གྲུག་ལུས་རྩལ་པའི་རྩེ་ཕུད་གཉིས་པའི་དཔུང་ཤུགས་སུ་ཐེངས་གསུམ་ལ་བདམས།  

NBAཡི་གཟེབ་གྲུག་ལུས་རྩལ་པའི་ཁྲོད་རྩེ་ཕུད་འགོག་སྲུང་དཔུང་ཤུགས་སུ་ཐེངས་གཅིག་ལ་བདམས། 

སྤྱི་ལོ1990ལོར་ནའེ་ཧྲི་སྨི་སིའི་གཟེབ་གྲུག་མི་གྲགས་གླིང་དུ་བདམས་པ་ཡིན།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

MVP གཟེབ་གྲུག ལུས་རྩལ་པ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-02-26

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།