རྒྱན་སྡུད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྱང་འང་ཡང་གསུམ་རྒྱན་སྡུད་ནི། མཐུན་པའི་ཚིག་རྒྱན་དང་མི་མཐུན་པའི་ཚིག་རྒྱན་དང་། སྡུད་པ་བཅས་གསུམ་ལ་འཇུག་གོ། །
1 གོ་དོན།

ཀྱང་འང་ཡང་གསུམ་ནི། མཐུན་པའི་ཚིག་རྒྱན་དང་མི་མཐུན་པའི་ཚིག་རྒྱན་དང་། སྡུད་པ་བཅས་གསུམ་ལ་འཇུག་གོ། །  

2 ཐོབ་ཐང་།

ག་ད་བ་ས་ད་དྲག་ཀྱང་། །

ང་ན་མ་ར་ལ་མཐར་ཡང་། །

འ་དང་མཐའ་མེད་འང་དང་ཡང་། །

3 དཔེ་བརྗོད།     

རྟག་ཀྱང་། བཅད་ཀྱང་། བཀབ་ཀྱང་། བྱས་ཀྱང་། བསྟནད་ཀྱང་། འོན་ཀྱང་། བཙལ་ཀྱང་། གང་ཡང་། ལམ་ཡང་། ཡིན་ཡང་། ཆར་ཡང་། གསལ་ཡང་། དགེའང་། བདེའང་། ལྟ་བུའོ། །     

4 འཇུག་ཚུལ།

1.མཐུན་པའི་ཚིག་རྒྱན་ལ་འཇུག་པ།(མཐུན་པའི་ཆོས་གཉིས་གཞི་གཅིག་ཏུ་སྡུད་ཅིང་ཁྱད་པར་དུ་ཚིག་མཛེས་པར་བྱེད་པའོ) དཔེར་ན། མཛེས་ཀྱང་མཛེས། ལྟ་བུ།

2.མི་མཐུན་པའི་ཚིག་རྒྱན་ལ་འཇུག་པ།(མི་མཐུན་པའི་ཆོས་གཉིས་གཞི་གཅིག་ཏུ་སྡུད་ཅིང་། ཁྱད་པར་དུ་ཚིག་མཛེས་པར་བྱེད་པའོ) དཔེར་ན། ཕྱུག་ཀྱང་སེར་སྣ་ཆེ། ལྟ་བུ།

3.སྡུད་པ་ལ་འཇུག་པ།(ཁྱད་གཞི་དང་ཁྱད་ཆོས་གཉི་ག་ཕན་ཚུན་གཞི་མཐུན་དུ་སྡུད་པ) དེ་ལ་ཕན་ཚུན་གཞི་མཐུན་དུ་སྡུད་པ་དང་། གོང་མས་འོག་མ་སྡུད་པ། འོག་མས་གོང་མ་སྡུད་པ་གསུམ་མོ། ། དང་པོ་ནི་དཔེར་ན། ཨུཏྤུལ་ཡང་ཡིན་ལ་སྔོན་པོའང་ཡིན། གཉིས་པ་ནི་དཔེར་ན། སྤྱི་སེམས་ཀྱང་ཆེ་སྟེ། སྒེར་སེམས་ཅན་ནི་མིན་ནོ། ། གསུམ་པ་ནི་དཔེར་ན། རྒྱ་མིས་ཡོན་ཏན་ལ་སློབ་སྟེ་བོད་མིས་ཀྱང་སློབ་བོ། ། ལྟ་བུ།

གཞན་ཡང་། ཡང་སྒྲ་ནི་ཀྱང་འང་གཉིས་དང་འཇུག་པ་མི་མཐུན་པ་བསྐྱར་བ་དང་། བསྣན་པ་གཉིས་ལའང་འཇུག་སྟེ། བསྐྱར་བ་ནི། དཔེར་ན། ཡང་ནས་ཡང་། ཡང་ཡང་། སླར་ཡང་། དེ་ནས་ཡང་། ཡང་གསུངས་པ། བསྣན་ལ་འཇུག་པ་ནི། དཔེར་ན། ཡང་དང་ཡང་། ཞེས་པ་ལྟ་བུ་རྣམ་གྲངས་གཉིས་ལ་སོགས་པ་བསྣན་པ་ལ་འཇུག་གོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-25

གསར་སྤེལ་མཁན། :ཚེ་དོན།577

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།