ཞྭ་ལུའོ་ཐུ་སེར་སྦྲང་རུ་ཁག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞྭ་ལུའོ་ཐུ་སེར་སྦྲང་རུ་ཁག
ཞྭ་ལུའོ་ཐུ་སེར་སྦྲང་རུ་ཁག་ནི་ཨ་རིའི་ཁཱ་ལུའོ་ལའེ་ནཱ་བྱང་མའི་མངའ་ཁུལ་དུ་ཡོད་པའི་ཆེད་ལས་གཟེབ་གྲུག་རུ་ཁག་ཅིག་ཡིན། སྔོན་གྱི་མིང་ལ་ཞཱ་ལུའོ་ཐུ་ཞི་ལ་རུ་ཁག་ཟེར་བ་དང་སྤྱི་ལོ2004ལོར་བཙུགས་ཤིངNBAརུ་ཞུགས། ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)ཡི་ཤར་རྒྱུད་མཐུན་ཚོགས་ཀྱི་ཤར་ནུབ་འགྲན་ཁུལ་དུ་གཏོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
夏洛特黄蜂队
ཕྱི་ཡིག་གི་མིང་།
Charlotte Hornets
ཆགས་ཡུལ།
ཨ་རིའི་ཁཱ་ལུའོ་ལའེ་ནཱ་བྱང་མའི་མངའ་ཁུལ།
འགྲན་རིམ།
NBA
ལུས་རྩལ་རྣམ་གྲངས།
གཟེབ་གྲུག
བདག་འཛིན་པ།
མའེ་ཁུ་ཨེར•ཆའོ་ཏན།
དབུ་བརྙེས་པའི་དུས།
སྤྱི་ལོ2004ལོ།
འབྲེལ་ཡོད་མི་སྣ་གྲགས་ཅན།
ཁུན་པཱ•བོ་ཁུ།   ཅེ་ལཱ་ཏུ•ཧྭ་ལའེ་ཧྲི། ཧྲི་ཏུ་ཧྥུན•ཅེ་ཁུ་ཞུང་།
1 ​རུ་ཁག་མིང་གི་འགྱུར་བ།

སྤྱི་ལོ1988ལོར་ཞཱ་ལུའོ་ཐུ་རུNBAམཐུན་ཚོགས་ཀྱི་རུ་ཁག་ཅིག་བཙུགས་པ་དང་དེའི་མིང་ལ་སེར་སྦྲང་རུ་ཁག་ཅེས་བཏགས་པ་རེད། སྤྱི་ལོ2002ལོར་སེར་སྦྲང་རུ་ཁག་དེ་ཉིད་ཨའོ་ཨེར་ལང་གསར་མ་རུ་གནས་སྤོར་བྱས་པས་རུ་ཁག་གི་མིང་ལའང་ཨའོ་ཨེར་ལང་གསར་མའི་སེར་སྦྲང་རུ་ཁག་ཅེས་སུ་གྱུར། སྤྱི་ལོ2013ལོར་ཨའོ་ཨེར་ལང་གསར་མའི་སེར་སྦྲང་རུ་ཁག་གི་སྤྱི་ལོ2013ལོ་ནས་སྤྱི་ལོ2014ལོའི་འགྲན་ཚིགས་མཇུག་རྫོགས་རྗེས་རུ་ཁག་གི་མིང་ལ་ཨའོ་ཨེར་ལང་གསར་མའི་ཁྱུ་དགའ་རུ་ཁག་ཞེས་གདགས་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས། 

སྤྱི་ལོ2013ལོའི་ཟླ5པའི་ཚེས21ཉིན་ལུའོ་ཐུ་ཞི་ལ་རུ་ཁག་གི་སྦྱིན་བདག་མའེ་ཁུ་ཨེར•ཆའོ་ཏན་གྱིས་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་ལ་རུ་ཁག་གི་མིང་དེ་སེར་སྦྲང་རུ་ཁག་ཏུ་བསྒྱུར་རྒྱུའི་རེ་ཞུ་བཏོན། སྤྱི་ལོ2014ལོའི་ཟླ5པའི་ཚེས21ཉིན་ལུའོ་ཐུ་ཞི་ལ་རུ་ཁག་གིས་གསར་འགོད་ཚོགས་འདུ་བསྡུས་ནས་སྤྱི་ལོ2014ལོ་ནས་སྤྱི་ལོ2015ལོའི་འགྲན་ཚིགས་སུ་རུ་ཁག་གི་མིང་དེ་ཉིད་ཞཱ་ལུའོ་ཐུ་སེར་སྦྲང་རུ་ཁག་ཏུ་བསྒྱུར་རྒྱུའི་ཐག་བཅད།

2 རུ་ཁག་ངོ་སྤྲོད།

ཞྭ་ལུའོ་ཐུ་སེར་སྦྲང་རུ་ཁག་ནི་ཨ་རིའི་ཁཱ་ལུའོ་ལའེ་ནཱ་བྱང་མའི་མངའ་ཁུལ་དུ་ཡོད་པའི་ཆེད་ལས་གཟེབ་གྲུག་རུ་ཁག་ཅིག་ཡིན། སྔོན་གྱི་མིང་ལ་ཞཱ་ལུའོ་ཐུ་ཞི་ལ་རུ་ཁག་ཟེར་བ་དང་སྤྱི་ལོ2004ལོར་བཙུགས་ཤིངNBAརུ་ཞུགས།  ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)ཡི་ཤར་རྒྱུད་མཐུན་ཚོགས་ཀྱི་ཤར་ནུབ་འགྲན་ཁུལ་དུ་གཏོགས། 

.jpeg


ཞྭ་ལུའོ་ཐུ་སེར་སྦྲང་རུ་ཁག་ནིNBAམཐུན་ཚོགས་སུ་ཞུགས་པའི་གཟེབ་གྲུག་རུ་ཁག་ཆེས་རྗེས་མ་དེ་ཡིན། ལོ་ལྔའི་རིང་གི་ཀྱག་ཀྱོག་གི་གོ་རིམ་བརྒྱུད་མཐར་སྤྱི་ལོ2009ལོ་ནས་སྤྱི་ལོ2010ལོའི་འགྲན་ཚིགས་སུ་ཞི་ལ་རུ་ཁག་དེ་ཉིད་གཟེབ་གྲུག་སྣེ་ཁྲིད་པ་ཅེ་ལཱ་ཏུ•ཧྭ་ལའེ་ཧྲི་དང་ཧྲི་ཏུ་ཧྥུན•ཅེ་ཁུ་ཞུང་སོགས་ཀྱི་སྣེ་ཁྲིད་འོག་ནས་ཤར་རྒྱུད་མཐུན་ཚོགས་ཀྱི་ཨང་བདུན་པའི་གྲུབ་འབྲས་ཀྱིས་མཇུག་མཐའི་འགྲན་ཚིགས་སུ་ཚུད། སྤྱི་ལོ2010ལོརNBAམཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་ཆོག་མཆན་འོག་ཞི་ལ་རུ་ཁག་དེ་ཉིད་ཨ་སྒོར་དུང་ཕྱིར2.75ཡི་རིན་གོང་གིས་ན་མའེ་ཁུ་ཨེར•ཆའོ་ཏན་གྱིས་ཉོས་པ་དང་སྤྱི་ལོ2014ལོའི་ཟླ5པའི་ཚེས21ཉིན་ཞི་ལ་རུ་ཁག་དེ་ཉིད་ཀྱི་མིང་ཞཱ་ལུའོ་ཐུ་སེར་སྦྲང་རུ་ཁག་ཏུ་བསྒྱུར། སྤྱི་ལོ1988ལོ་ནས་སྤྱི་ལོ2002ལོའི་བར་གྱི་སེར་སྦྲང་རུ་ཁག་གི་ལོ་རྒྱུས་དེའང་ཞཱ་ལུའོ་ཐུ་སེར་སྦྲང་རུ་ཁག་གི་མིང་འོག་ཏུ་བསྡུས། ད་ལྟ་རུ་ཁག་དེ་ཉིད་སྐད་གྲགས་ཅན་གྱི་རྒྱབ་སྲུང་བཀོད་འདོམས་པ་ཁུན་པཱ•བོ་ཁུ་ལགས་ཀྱི་སྣེ་ཁྲིད་འོགNBAམཐུན་ཚོགས་ཀྱི་འགྲན་བསྡུར་དུ་བརྩོན་བཞིན་ཡོད།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-04

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།